བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།
བསམ་གྲུབ་ཚེ་རིང་གིས་ཧྭ་ཤིན་ཨར་འདམ་བཟོ་གྲྭར་རྟོག་ཞིབ་གནང་བ།
ཟླ་11ཚེས་20ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་འབྲེལ་གཏུགས་བྱ་ཡུལ་ཡིན་པའི་ཁེ་ལས་སྟེ། ཧྭ་ཤིན་ཨར་འདམ་བཟོ་གྲྭར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་སྐྱེད་བདེ་འཇགས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད།
ཁེ་ལས་ཀྱི་ཚོགས་ཁང་དུ། བསམ་གྲུབ་ཚེ་རིང་གིས་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་གནང་སྟེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཁྲོམ་རའི་བྲིན་ཚོང་། འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། ཁེ་ལས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་གསན་པ། ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བཅས་གནང་བ་རེད།
“ཉིན་ལྟར་ཆུ་ཚོད་ག་ཚོད་ཙམ་འཁོར་སྐྱོད་བྱེད་ཀྱི་ཡོད”“གད་སྙིགས་ག་ཚོད་ཙམ་གཙང་སེལ་བྱེད་ཀྱི་ཡོད”“ཁོར་ཡུག་སྲུང་སྐྱོང་ལ་དོ་དམ་ཚོད་འཛིན་ཇི་ལྟར་བྱེད་ཀྱི་ཡོད་དམ”ཨར་འདམ་སྲེག་ཁང་གི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་སར། བསམ་གྲུབ་ཚེ་རིང་གིས་ལས་དོན་མི་སྣ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་དང་ཆབས་ཅིག་གད་སྙིགས་ཐག་གཅོད་བྱེད་ཚུལ་ལ་ལྟ་ཞིབ་དང་འདྲི་རྩད་ཞིབ་ཕྲ་གནང་བ་རེད།
བསམ་གྲུབ་ཚེ་རིང་གིས། ཁེ་ལས་ཀྱིས་འཕེལ་རྒྱས་གཏོང་བའི་ཆོད་སེམས་བརྟན་དུ་གཏོང་དགོས་པ་དང་། རང་འགུལ་ངང་འགྱུར་ལྡོག་བརྩོན་ལེན་བྱེད་པ། གསར་གཏོད་བྱེད་ཕོད་པ་བཅས་བྱས་ཏེ་མ་གནས་དམའ་རུ་དང་ཕན་འབྲས་ཆེར་གཏོང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཐོག་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྔོག་འདོན་དང་། ཐོན་སྐྱེད། ཟོག་འགྲེམས་སོགས་ལྷུ་ཚིགས་ཁག་གི་མ་གནས་རྒྱུན་མཐུད་ངང་དམའ་རུ་གཏོང་བ། ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ནས་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་དགོས་པ་དང་། གོང་འོག་ཁེ་ལས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་འབྲེལ་ཐག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་ནུས་རྒྱུ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་རིག་ནུས་ཅན་གྱི་སྒྲིག་ཆས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ལག་རྩལ་གསར་གཏོད་དང་སྒྲིག་ཆས་གསར་བརྗེས་ལ་སྐུལ་འདེད་གཏོང་བ། ནུས་རྒྱུ་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། ཟད་གྲོན་ཆུང་གཏོང་བཅས་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་ཁེ་ལས་རིགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པའི་རྣམ་པ་མངོན་མཚོན་ཐུབ་པ་བྱེད་དགོས། བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་རང་འགུལ་ངང་འཁུར་བ་དང་བདེ་འཇགས་སྔོན་འགོག་གི་བྱ་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ངོ་། །
གྲོང་ཨུད་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་སྐོར་གཟིགས་དག་ཐེར་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཟླ་11ཚེས་20ཉིན། གྲོང་ཨུད་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་སྐོར་གཟིགས་དག་ཐེར་དང་སྐུལ་འདེད་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་ཞུ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་ལན་ཆ་བྱས་པའི་བསམ་འཆར་བཅོས་སྒྲིག་ཇུས་གཞི་བརྡ་ཁྱབ་བཏང་བ། གྲོང་ཨུད་སྐོར་གཟིགས་དག་ཐེར་གཞུང་དོན་ཁང་གི་ལས་ཀའི་ཞིབ་སྲོལ་དང་ཆེད་དོན་དག་ཐེར་དང་བཅོས་སྒྲིག་ལས་དོན་གྱི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ། དག་ཐེར་དང་བཅོས་སྒྲིག་གི་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་གསན་པ། དག་ཐེར་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་རྒྱུན་ཨུ། དྲུང་ཆེ་ཨན་ཤིང་གོ་ཡིས་གཙོ་སྐྱོང་གནང་། གྲོང་ཁྱེར་འགོ་ཁྲིད་ཧྲན་ཆང་དང་། ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་ཡུས། ཡང་ཧུང་པིང་། འཇམ་དགའ། ཀྲེང་ཁྲོན་ཅིང་། ཕུན་ཚོགས། ལིའུ་ཙུང་ཁྲང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཉི་མ་བསྟན་འཛིན་གྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་སྐོར་ཞིབ་དག་ཐེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྐོར་ཞིབ་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་རང་འགུལ་ངང་སྒྱུར་བཅོས་དང་། མུ་མཐུད་ལེགས་བཅོས། རྦད་དེ་སྒྱུར་བཅོས་བཅས་བྱེད་པའི་རང་འགུལ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྐོར་ཞིབ་དག་ཐེར་ལས་འགན་ཇི་མ་ཇི་བཞིན་ལེགས་པར་བསྒྲུབ་དགོས། དག་ཐེར་གྱི་ལས་འགན་རང་འགུལ་ངང་ངོས་འཛིན་དང་རྩིས་ལེན་བྱེད་དགོས་པ་དང་། རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱས་ཏེ་ངོ་བོ་གཏན་འཁེལ་གྱི་དབྱེ་ཞིབ་དང་གྲངས་ཚད་གཏན་འཁེལ་གྱི་དབྱེ་ཞིབ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཐོག་དག་ཐེར་གྱི་བྱ་ཐབས་ཞིབ་ཚགས་སུ་གཏོང་དགོས་པ་དང་། བརྒྱུད་རིམ་ལྡན་པའི་ངང་དག་ཐེར་ལ་དམ་འཛིན་བྱེད་དགོས། ལས་ཡུན་ལྡོག་སྒྲིག་བྱས་ཏེ་དག་ཐེར་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་བཀག་བཞིན་དག་ཐེར་གནད་ལ་འཁེལ་བ་བྱེད་དགོས་པ་དང་། རྩ་ལག་མཉམ་བཅོས་བྱེད་པར་དོ་སྣང་བྱས་ཏེ། མིག་སྔའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ལ། སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་ཕུགས་ལའང་ཕན་པ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྐོར་ཞིབ་དག་ཐེར་འགན་འཁྲི་ཏན་ཏིག་ཁུར་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་། འཕྲལ་མར་བྱ་སྤྱོད་སྤེལ་ནས་འཕྲལ་མར་དག་ཐེར་བྱེད་པ། དངོས་འབྲེལ་དག་ཐེར་དང་བཅོས་སྒྲིག་ཏན་ཏིག་བྱས་ཐོག་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། །
ཡར་ཀླུང་བསྡུས་འཕྲིན།
ཉེ་ལམ། ཟངས་རི་རྫོང་གི་མཛེས་སྡུག་ལྡན་པའི་ཟངས་རི། འབབ་ཁུངས་ལེགས་པའི་ཟངས་རི་ཞེས་པའི་ཚོང་འདུས་འཚོགས་པ།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ། བདེ་སྐྱིད་དཔལ་སྒྲོལ།