ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཆེད་དོན་སློབ་སྦྱོང་བྱས་པ།

政务   2024-10-30 12:34   西藏  





ཟླ་10ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་སྟེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཆེད་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཆེད་དོན་སྤེལ་རེས་དང་ཞིབ་གྲོས་གནང་བ་རེད།

ཚོགས་འདུའི་ཐོག《ཞི་ཅིན་ཕིང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གླེང་བ(2024ལོ)》དང《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་སྒྲིག་སྲོལ》སོགས་ཡིག་ཆའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་ཀྱི་འགོ་ཁྲིད་ཧྲན་ཆང་དང་། བསྟན་འཛིན། ཕན་ཀང་ཕིང་། ཚེ་རིང་གཡང་འཛོམས་བཅས་ཀྱིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད། 

འདི་ནི་ཚོགས་ར་ཡིན་པ།

 ཚོགས་འདུས་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཡིས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ཏེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ།  དོན་སྙིང་གལ་ཆེན་དང་། ལས་འགན་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ།  རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བཅས་བྱེད་པ་དང་། “དོན་ཆེན་བཞི་”དང་“འཛུགས་གཏོད་བཞི་”ལ་ཞབས་འདེགས་ཞུ་བར་དམིགས་ནས། རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གནས་བབ་སྲ་བརྟན་དུ་གཏོང་བ།  མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་།  བསམ་པའི་སྟོབས་ཤུགས་ཆེན་པོ།  ཕན་ཡོད་རིག་གནས་ཆ་རྐྱེན་བཅས་མཁོ་འདོན་བྱ་དགོས། 


ཚོགས་འདུས་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་བྱེད་ཆེད་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་དུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས།  རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལེན་པ། དྲིལ་བསྒྲགས་ཁྱབ་གདལ་ཤུགས་ཆེན་བྱེད་པ། ཤེས་རྟོགས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཡིད་ཆེས་དང་དམངས་སེམས་གཅིག་ཏུ་སྒྲིལ་ནས་དྲང་ཕྱོགས་དྲིལ་བསྒྲགས་དང་གླེང་ཕྱོགས་ཉེན་ཟོན་ལ་དོ་དམ་དང་ཚོད་འཛིན་ཐད་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དུས་རབས་གསར་པར་འབད་འབུངས་བྱེད་པའི་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་བརྟན་པོ་ཡོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་དམིགས་ཚད་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་ནས་རིན་ཐང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡང་དག་པའི་རིན་ཐང་གི་སྟོན་ཕྱོགས་འཛུགས་པ།  ཀུན་སྤྱོད་དར་སྲོལ་བཟང་པོ་གསོ་སྐྱོང་བྱེད་པ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་།  རིག་རྩལ་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བ།  ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་རིག་གནས་ལྷོ་ཁ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་ཀའི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། གཡུལ་ས་གཙོ་བོར་དོ་དམ་ཡག་པོ་བྱེད་པ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཕྱོགས་ཡོངས་ནས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།         


 ཚོགས་འདུས་ནན་བཤད་བྱས་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་ཐབས་གསར་གཏོད་བྱེད་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།    
ཚོགས་འདུའི་གོང་དུ། ཚོགས་ཞུགས་བློ་མཐུན་ཚོས་《བློ་མཐུན་ཞི་ཅིན་ཕིང་གི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ》དང་། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》ཞེས་པའི་བམ་པོ་དང་པོ་དང་བམ་པོ་གཉིས་པ་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར།
 བསོད་བསྟན་དང་བསོད་དོན་གྱིས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ།  

ཞུ་དག  ཡེ་ཤེས་བཟང་མོ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章