བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་(རྒྱ་ཆེ)ཚོགས་འདུ་སྐོང་འཚོགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཕྱོགས་སྡོམ་བྱས་པ།
ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བཞི་པ་སྐོང་འཚོགས་བྱས་པ།
ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བཞི་པ་སྐོང་འཚོགས་བྱས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་། གཏན་འབེབས་འཆར་ཟིན། གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྙན་ཞུར་ཞིབ་འཇུག གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འཐུས་མིའི་གཟིགས་ཞིབ་སྙན་ཞུ་དང་ཆེད་དོན་བརྟག་ཞིབ་སྙན་ཞུར་ཞིབ་འཇུག གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ལྷན་གྱི་འབྲེལ་ཡོད་ཞིབ་བཤེར་སྙན་ཞུར་ཞིབ་འཇུག་བཅས་བྱས་པ་དང་། འབྲེལ་ཡོད་སློབ་སྦྱོང་གནས་ཚུལ་གྱི་སྙན་ཞུ་ཉན་པ། མི་དོན་བསྐོ་འཐེན་ལས་དོན་ལ་ཞིབ་བཤེར་བྱས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གསུང་བཤད་གནང་།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་དང་། ཉིའུ་ཁུན། ཀྲའོ་ཐན་ཝུའུ། འཇིགས་མེད། གྲའེ་ཁུན་བཅས་ཚོགས་འདུར་ཞུགས།
ཝང་ཏེ་ཝུན་གྱིས་ནན་བཤད་གནང་དོན། བསམ་བློའི་ཁྲིད་སྟོན་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་འདོན་སྤེལ་བཅས་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་ལྷོ་ཁའི་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་པ་དང་ལག་ལེན་གྱི་འཕེལ་རྒྱས་དང་འཚམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྷོ་ཁའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྱད་ལྡན་རྩེར་སོན་གཏོད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། གནས་ཚད་དང་ཁ་ཕྱོགས་ཡང་དག་འཚོལ་བ། འགན་འཁྲི་ལག་བསྟར་གནས་ལ་འཁེལ་བར་སྐུལ་འདེད་བཏང་སྟེ། ད་ལོའི་ལས་དོན་ཁག་ལེགས་འགྲུབ་ཡོང་བ་དང་། སང་ལོ་དང་ཐ་ན་“ལོ་ལྔ་ཚན་བཅོ་ལྔ་པའི་”སྐབས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྔོན་ཚུད་ནས་ཇུས་འགོད་བྱེད་དགོས།
ངེད་གྲོང་ཁྱེར་གྱིས་སྲིད་འཛིན་ཁྲིམས་འཛིན་ལག་ཁྱེར་གསར་པ་རེ་ཞུ་བྱེད་མཁན་མི་སྣའི་ལས་ཞུགས་གོང་གི་གསོ་སྦྱོང་གཉེར་བ།
སྤྱི་ཚེས་28ཉིན། ངེད་གྲོང་ཁྱེར་གྱིས་སྲིད་འཛིན་ཁྲིམས་འཛིན་ལག་ཁྱེར་གསར་པ་རེ་ཞུ་བྱེད་མཁན་མི་སྣའི་ལས་ཞུགས་གོང་གི་གསོ་སྦྱོང་གཉེར་བ་དང་། གྲོང་སྤྱི་གཞོན་པ་ཀྲེན་ཁྲོན་ཅིང་གིས་གསུང་བཤད་གནང་།
ཡར་ཀླུང་བསྡུས་འཕྲིན།
ཉེ་དུས། གོང་དཀར་རྫོང་གིས་ཐོན་སྐྱེད་བདེ་འཇགས་ཆེད་དོན་སློབ་སྦྱོང་ཚོགས་འདུ་སྐོང་འཚོགས་བྱས་པ།
ཉེ་ཆར། རྒྱ་ཚྭ་རྫོང་གིས་“བཅའ་ཁྲིམས་གསལ་རྟོགས་པའི་”གསོ་སྦྱོང་བྱས་པ།
ཉེ་དུས། སྣེ་གདོང་ཆུས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་བཟོའི་དུས་ཆེན་གྱི་འཚམས་འདྲི་དང་ངལ་རྩོལ་རྩལ་ནུས་འགྲན་བསྡུར་བྱས་པ།
ཉེ་དུས། གྲ་ནང་རྫོང་དཀྱིལ་རུ་ཤང་གིས་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་འབད་འབུངས་སྟོབས་ཤུགས་འཕེལ་བ་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་ལྟ་སྐོར་སློབ་སྦྱོང་བྱས་པ།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ།