སྐབས་དོན་གསར་འགྱུར།〔༢༠༢༤.༡༠.༣༠〕

政务   2024-10-30 17:47   西藏  


བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད། 


གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ཆེད་དོན་སློབ་སྦྱོང་བྱས་པ།

ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་སློབ་སྦྱོང་ཚོགས་འདུ་བསྐོང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྱོང་གི་སྲོལ་ཡིག ལྷོ་ཁ་གྲོང་ཁྱེར་ཡར་ཀྲུང་གཙང་པོའི་སྲུང་སྐྱོང་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རེས་འཁོར་གཉིས་པའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་ཆ་བྱས་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གསན་ཐོག་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་ཞིབ་འཇུག་བརྒྱུད་བསམ་གྲོས་སྤེལ་རེས་བྱས་པ་རེད། 

གྲོང་ཁྱེར་འགོ་ཁྲིད་ཝང་ཡུན་ཆིང་དང་། པའེ་ཡུན་ཧྥུང་། ཡང་ཧོང་པིང་། ཚེ་རིང་། ཀྲེང་ཁྲོན་ཅིང་། ཕུན་ཚོགས། ཚེ་རིང་གཡང་འཛོམས། ཧན་ལེའང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཚེ་རིང་དང་། ཕུན་ཚོགས། ཧན་ལེའང་བཅས་ཀྱིས་ཁག་སོ་སོར་བསམ་གྲོས་སྤེལ་རེས་གནང་བ་རེད།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་རང་འགུལ་ཟབ་ཏུ་གཏོང་དགོས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་ངེས་དོན་ཟབ་མོར་རྒྱུས་མངའ་ཡང་དག་བྱས་ཏེ། རྒྱང་ལམ་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་གྱི་ལམ་སྲོལ་བསྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་སྔོ་ལྗང་ཐཱན་ཉུང་ལྡན་པའི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་མྱུར་པོས་སྦགས་བཙོག་འགོག་བཅོས་ཀྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་དགོས། གཅིག་ནས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འབྱུང་འཕྲོད་ཐཱན་ཉུང་གི་འཕེལ་རྒྱས་མ་ལག་འཛུགས་སྐྱོང་བྱེད་དགོས་པ་དང་། གཉིས་ནས་བཅོས་སྒྲིག་ཆད་ལུས་མེད་པ་ཡོང་རྒྱུར་སྣང་ཆེན་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་དགོས་པ། གསུམ་ནས་མཉམ་དུ་དམ་འཛིན་དང་མཉམ་དུ་དོ་དམ་འབུར་ཐོན་ཡོད་པ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྒྲིག་གི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་དགོས་པ། བཞི་ནས་ཞན་ཆ་ཁ་གསབ་དང་མི་འདེང་བའི་ཆ་ཁ་བསྐོང་བྱས་ནས་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་སྟོན་གྲངས་མ་ལག་ལ་བལྟོས་ཏེ། འཛུགས་གཏོད་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ངེད་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྐོང་འཚོགས་བྱས་པ།

ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ངེད་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྐོང་འཚོགས་བྱས་པ་རེད། ཚོགས་འདུས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་རྩ་གནད་ཀྱི་ནང་དོན་འགའ་ཤས་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཕྱོགས་ཡོངས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྲིམས་འཛིན་དང་ཁྲིམས་སྒྱུར་ནང་མཉམ་བསྲེས་ཐུབ་རྒྱུར་སྐུལ་འདེད་དང་ཁྱབ་གདལ་གཏོང་བའི་གྲོས་ཆོད་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་དེ་སྒྲིག་བཤེར་ལས་ཁུངས་དང་རྩ་འཛུགས་ཚན་པ་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུར་ཤུགས་སྣོན་རྒྱག་པའི་བསམ་འཆར་བཅས་བརྒྱུད་བསྒྲགས་སློབ་སྦྱོང་སྒོས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་རྟོག་ཞིབ་སྙན་ཞུ་དང་། སྲིད་གཅིག་ཨུད་གཅིག་ཁང་གཉིས་དང་རྫོང་ངམ་ཆུས་སམ་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་གསན་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་ཚོགས་འདུར་ཕེབས་ཡོད་པ་མ་ཟད་གསུང་བཤད་གནང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་དང་། ཀྲའོ་ཐན་ཝུའུ། གྲའེ་ཁུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། གྲོང་སྤྱི་གཞོན་པ་ཕུན་ཚོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
ཝང་ཏེ་ཝུན་གྱིས། ས་གནས་རང་བཞིན་ཁྲིམས་སྲོལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་གི་གྲུབ་ཆའི་ཆ་ཤས་ཡིན་པའི་དོན་སྙིང་དང་དེའི་ལག་བསྟར་བྱས་པ་ལས་ཐོན་པའི་ནུས་པ་གལ་ཆེན་སོགས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ངེད་གྲོང་ཁྱེར་དུ་ལམ་ལུགས་ཅན་དུ་བསྒྱུར་བའི་གྲུབ་འབྲས་ལ་དམ་ཟབ་དམིགས་ཏེ། ཁྲིམས་སྲོལ་གྱི་ནང་དོན་ལ་རྒྱུས་མངའ་དང་ཁྲིམས་སྐྱོང་གི་ཁོར་ཡུག་རྣམ་པ་བསྐྲུན་པའི་ཐད་སེམས་ནུས་འདོན་སྤེལ་རྒྱུན་མཐུད་བྱེད་དགོས། ལག་བསྟར་བྱེད་ཤུགས་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལག་ལེན་བསྟར་བའི་ཁྲོད་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

 ཡར་ཀླུང་བསྡུས་འཕྲིན།


ཉེ་སྔོན། ཟངས་རི་རྫོང་གིས་ལོ་ལྔ་ཚན་བཅོ་ལྔའི་འཆར་འགོད་སྒྲིག་བཟོའི་ལས་དོན་འབྲེལ་མཐུད་སྤེལ་རེས་ཀྱི་བཞུགས་མོལ་འཚོགས་པ།
ཉེ་སྔོན། སྣེ་གདོང་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བའི་བྱེད་སྒོ་སྤེལ་བ།
ཉེ་སྔོན། གོང་དཀར་རྫོང་ཚོང་དོན་ཅུད(མ་འཇོག་སྐུལ་སྤེལ་ཅུད)ཀྱིས་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་དང་མཉམ་འབྲེལ་ཐོག་རྫོང་ཁོངས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།
ཉེ་དུས། གྲོང་ཁྱེར་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་པས་འཕྱོངས་རྒྱས་རྫོང་དུ་སྐྱ་གྲིབ་མིག་ནད་རིན་མེད་ཐོག་གྲལ་བཤེར་དང་བརྟག་དཔྱད་བྱས་པ།

བསོད་དོན་གྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།     ཡེ་ཤེས་བཟང་མོ།

ཞུ་དག   བསོད་ནམས་དོན་གྲུབ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章