སྐོར་གཟིགས་ཀྱིས་ལན་ཆ་བྱས་པའི་གནད་དོན་བཅོས་སྒྲིག་ཐད……

政务   2024-10-31 17:20   西藏  





ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཆེད་དོན་སློབ་སྦྱོང་དང་སྐོར་གཟིགས་ནང་ལན་གབྱས་པའི་གནད་དོན་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་པར་འགྲེམས་བྱས་པའི〈སྐོར་གཟིགས་དང་སྐོར་བཤེར་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར〉སྐོར་གྱི་བརྡ་ཐོ》བཅས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད།

འདི་ནི་ཚོགས་ར་ཡིན་པ།

ཚོགས་འདུའི་ཐོག“བཅོས་སྒྲིག་དོན་འཁྱོལ་མི་བྱེད་པ་ནི་ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་། མི་དམངས་ལ་འགན་མི་འཁུར་བའི”གནད་དོན་ཡིན་པའི་ངོས་འཛིན་རྒྱག་དགོས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“སྐོར་གཟིགས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི”མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཉེ་བའི་ལོ་ཤས་རིང་གི་སྐོར་གཟིགས་དང་། སྐོར་ཞིབ། ལྟ་ཞིབ། རྩིས་བཤེར་སོགས་ནས་ཤེས་རྟོགས་བྱུང་བའི་གནད་དོན་སྤྱི་འདོམས་བཅས་བྱས་ཏེདུས་ཚོད་དམ་འཛིན་གྱིས་དག་ཐེར་གྱི་ཇུས་གཞི་བཟོས་ནས། དག་ཐེར་གྱི་ལས་འགན་གསལ་ཐོ་བཟོ་དགོས་པ། དག་ཐེར་གྱི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། དག་ཐེར་གྱི་འགན་འཁྲི་དང་ལེགས་གྲུབ་ཀྱི་དུས་བཀག་ཁ་གསལ་བཟོ་བ། རྩ་ལག་མཉམ་བཅོས་དང་གཞི་གཅིག་དག་ཐེར་བྱེད་པ། ཐོ་ཁོངས་ནས་བསུབ་ཐུབ་པའི་དོ་དམ་བྱེད་པ་བཅས་ཀྱི་ཐོག་ནས་དངོས་འབྲེལ་གོ་ཆོད་ཀྱི་བྱ་ཐབས་བརྒྱུད་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།


ཚོགས་འདུའི་ཐོག་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྐོར་གཟིགས་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ། ནུས་ཤུགས་ཡོད་རྒུས་སྐོར་གཟིགས་དག་ཐེར་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཡག་པོ། དམ་འཛིན་མཐར་ཕྱིན་པ་བཅས་བྱེད་དགོས། སྐོར་གཟིགས་ཀྱིས་ལན་ཆ་བྱས་པའི་གནད་དོན་ཁག་བཅོས་སྒྲིག་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔའི་ལས་དོན་ཁག་དང་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་སྐུལ་འདེད་བཏང་ནས་དག་ཐེར་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས།

ཚོགས་འདུ་མ་འཚོགས་གོང། ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ་རེད།། 

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས། 

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章