ཟླ་10པའི་ཚེས་28ཉིན། ཐའེ་རུའེ་ས་མཐོའི་སྡོད་མལ་ཁོར་ཡུག་ལེགས་ཤོས(ལྷོ་ཁ)དཔེ་མཚོན་གསོ་རླུང་ཐོན་ལས་གླིང་འཛུགས་སྐྲུན་རྨང་འདིང་མཛད་སྒོ་དེ་ངེད་གྲོང་ཁྱེར་དུ་འཚོགས་པ་རེད། དེ་ལས་ལྷོ་ཁའི་ས་མཐོའི་གསོ་རླུང་ཐོན་ལས་འཕེལ་རྒྱས་གཏོང་བའི་གོམ་སྟབས་གསར་པ་སྤོས་པ་མཚོན།
འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་10པའི་ཚེས་28ཉིན། ཐའེ་རུའེ་ས་མཐོའི་སྡོད་མལ་ཁོར་ཡུག་ལེགས་ཤོས(ལྷོ་ཁ)དཔེ་མཚོན་གསོ་རླུང་ཐོན་ལས་གླིང་འཛུགས་སྐྲུན་རྣམ་གྲངས་ནི། ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་དང་། ཐའེ་རུའེ་སྨན་བཅོས་དང་ཡོན་གུའུ་གསོ་རླུང་ལས་རིགས་ཀྱིས་མ་འཇོག བོད་ལྗོངས་ཤང་ཧྲང་ས་ཁང་ཐོན་ལས་གསར་སྤེལ་ཀུང་སིས་བསྒྲུབ་གཉེར་བཅས་བྱས་པ་ཞིག་ཡིན་ཞིང་། དུས་ཁག་གསུམ་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་5གཏོང་འཆར་ཡོད་པ་རེད། དེའང་། དུས་ཁག་དང་པོའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1.8གཏོང་འཆར་ཡོད་ཅིང་། ས་ཁྱོན་མུའུ་20ལྷག་འཆར་འགོད་བྱས་ཡོད་པ་དང་། སྔོན་རྩིས་བྱས་ན་2025ལོའི་ཟླ་10པར་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ་རེད། དེའི་རྗེས་མཐུད་ཐོན་ལས་ཀྱི་འཆར་འགོད་དང་ཁྲོམ་རའི་དགོས་མཁོར་གཞིགས་ནས་དུས་ཁག་གཉིས་པ་དང་གསུམ་པའི་རྣམ་གྲངས་བསྐྲུན་རྒྱུ་རེད།
ཐོན་ལས་གླིང་གིས་རྟེན་གཞི་གཅིག་དང་ལྟེ་གནས་བཞི་ལ་དམིགས་ནས་འཛུགས་སྐྱོང་བྱ་རྒྱུ་ཡིན་ཞིང་། དེའང་། གསོ་རླུང་སྒྲིག་ཆས་རྩེ་གྲྭ་བཟོ་སྐྲུན་ཐོན་སྐྱེད་རྟེན་གཞི་དང་། ས་མཐོའི་གསོ་རླུང་མཁོ་འདོན་ལག་རྩལ་ཞིབ་འཇུག་ལྟེ་གནས། སྡོད་མལ་དང་གཞུང་དོན་གཉེར་སྒྲུབ་ཁོར་ཡུག་ལེགས་ཤོས་སྣེ་མང་འགྲེམས་སྟོན་ལྟེ་གནས། ས་མཐོའི་མལ་འཕྲོད་གཉིད་ཉལ་ཉམས་ལེན་ལྟེ་གནས་དང་ས་མཐོའི་མང་ཚོགས་ཀྱི་གྲངས་གཞི་ལྟ་བཤེར་དབྱེ་ཞིབ་དོ་དམ་ལྟེ་གནས་བཅས་ལས་གྲུབ་པ་དང་། ལག་རྩལ་ཚན་ཞིབ་དང་། སྒྲིག་ཆས་ཐོན་སྐྱེད། ཁོར་ཡུག་ཉམས་ལེན། ཆ་འཕྲིན་ཅན་གྱི་གྲངས་གཞི་བཅས་གཞི་གཅིག་ལ་སྡུད་པའི་ཕྱོགས་བསྡུས་རྣམ་པའི་ཐོན་ལས་གླིང་ཁུལ་ཞིག་གཏོད་རྒྱུ་ཡིན་པ་རེད།
འདི་ནི་འབྲེལ་ཡོད་འགན་འཁུར་མི་སྣས་ཐོན་ལས་གླིང་གི་འཆར་འགོད་ངོ་སྤྲོད་བྱེད་བཞིན་པ།
མཚོ་རྩིས་སྨི་6000གི་གསོ་རླུང་སྒྲིག་ཆས་ཀྱི་ནུས་པ་ལེགས་ཤོས་དང་བཀོལ་ཚད་རིང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་དང་། ཐོག་མའི་སྣོད་བསྡོགས་གསོ་རླུང་ནས་ཐད་གློད་གསོ་རླུང་། དེ་ནས་ནགས་ཤིང་གསོ་རླུང་མང་བའི་ཁོར་ཡུག་བཅས་ཀྱི་བར་རིམ་སྤོར་བརྗེ་སྒྱུར་བྱུང་ཡོད་པ། དཔུང་སྡེ་དང་སྨན་བཅོས་ཁྱབ་ཁོངས་ནས་དམངས་སྤྱོད་ཁྲོམ་ར་བཅས་ཀྱི་བར་གསོ་རླུང་བཀོལ་སྤྱོད་འཕྲོ་སྐྱེད་བདེ་བླག་བྱུང་བ་བཅས་ཀྱིས་མཚོན། ཐའེ་རུའེ་ཡིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ས་མཐོའི་ཐོན་སྐྱེད་ལས་སྒོ་བགྲང་བྱ་ཉི་ཤུ་གཉེར་མཐར། ས་མཐོའི་གསོ་རླུང་སྒྲིག་ཆས་བཟོ་སྐྲུན་ལག་རྩལ་ཀྱི་འགག་གནད་ལས་གྲོལ་ཏེ། གསོ་རླུང་སྒྲིག་ཆས་བཟོ་སྐྲུན་ཁྱབ་ཁོངས་ནང་རྩེར་སོན་ཁེ་ལས་སུ་གྱུར་ཡོད་པ་རེད།
འདི་ནི་འགོ་ཚུགས་མཛད་སྒོའི་བྱེད་སྒོ་སྤེལ་བའི་ཟུར་ཞིག་ཡིན་པ།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ།