ཡར་ཀླུང་བསྡུས་འཕྲིན།
ཉེ་དུས། འཕྱོངས་རྒྱས་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་“ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ”ཆེད་དོན་སློབ་སྦྱོང་ཞིབ་བསྡུར་བྱས་ནས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་མཛུབ་སྟོན་དུ་བྱས་ཐོག་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་དགོས་པ་དང་། མ་འཇོག་དོ་དམ་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་འབྲུ་རིགས་མཁོ་སྤྲོད་དང་། སྤྱི་ཚོགས་བརྟན་ལྷིང་། སྐྱེ་ཁམས་བདེ་འཇགས་བཅས་ལ་འགན་སྲུང་བྱེད་དགོས་པའི་ནན་བཤད་བྱས་པ།
ཉེ་ཆར། ལྷུན་རྩེ་རྫོང་གིས་གྲོང་གསེབ་ཀྱི་སྦྲག་སྐྱེལ་ཟོག་འགྲེམས་མ་ལག་ཕྱོགས་བསྡུས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཉེ་དུས། སྣེ་གདོང་ཆུས་ཀྱིས་“ཁུལ་གསུམ་ཤེས་ལྡན་མི་སྣའི”གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་ཁྲོད་གཅིག་སྡུད་སློབ་ཁྲིད་དང་། ལག་ལེན་བཀོལ་སྤྱོད། གྱོད་དཔེ་སློབ་ཁྲིད་སོགས་ཀྱི་བྱེད་སྟངས་བརྒྱུད་ཤང་གྲོང(ཁྲོམ་གཞུང)ཁག་གི་ཚན་རྩལ་ཆེད་ལས་ཀྱི་དེང་རབས་ཞིང་འབྲོག་ལས་ཀྱི་ཤེས་བྱ་དང་། རྩལ་ནུས། གཉེར་སྐྱོང་དོ་དམ་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ།