为大力弘扬中华优秀传统文化,深入推进宗教中国化青海实践,根据省委涉藏办印发的《关于在全省宗教界开展“中华优秀传统文化大讲堂”活动的方案》,4月10日,省藏语系佛学院组织举办“中华优秀传统文化大讲堂”,特邀青海省委党校索南旺杰教授作了题为《铸牢中华民族共同体意识的理论与实践——基于藏传佛教的视野》的讲座,省藏语系佛学院200余名师生聆听讲座。
དགེ་རྒན་བསོད་ནམས་དབང་རྒྱལ་ལགས་ཀྱིས་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་རིག་པའི་གཞུང་ལུགས་བཤད་འགྲེལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པའི་སྐོར་ནས་འགྲེལ་བཤད་གནང་། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དམིགས་ཡུལ་ནི་མི་རིགས་དབར་མཐུན་སྒྲིལ་དང་།རོགས་རེས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། ནང་བསྟན་དུ་འགྲོ་བ་ཐམས་ཅད་ལ་འདྲ་མཉམ་ཀྱི་འདུ་ཤེས་དང་བྱམས་སྙིང་རྗེ་ལྡན་དགོས་པ་བཅས་འདྲ་བས། བོད་བརྒྱུད་ནང་བསྟན་གྱིས་ང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཤེས་རྟོགས་དང་ལག་ལེན་བྱེད་པར་ཐུན་མོང་མ་ཡིན་པའི་མཐོང་ཟུར་དང་གཏིང་ཟབ་པའི་མཐོང་རྒྱ་མཁོ་འདོན་བྱས་ཡོད་པར་སྨྲ།
讲座中,索南旺杰教授首先从藏传佛教的理论出发,深入阐释了铸牢中华民族共同体意识的重要性。他强调,铸牢中华民族共同体意识旨在促进民族间的团结、互助与合作,这与佛法中的众生平等、慈悲为怀等教义相契合。通过佛法的独特视角,我们能够更深刻地理解和实践中华民族共同体意识。
དགེ་རྒན་བསོད་ནམས་དབང་རྒྱལ་ལགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འབྲེལ་བ་བཞིའི་སྐོར་ནས་རྒྱས་བཤད་གནང་། ཁོང་གིས་བཤད་རྒྱུར། མི་རིགས་ཁག་གི་དངོས་ཡོད་ཀྱི་ཁྱད་པར་སྣང་མེད་དུ་བཞག་ནས་མཚུངས་ཆོས་ཁོ་ན་གླེང་ཚེ། ཆིག་སྒྲིལ་གྱི་གསོན་ཤུགས་དང་སྒུལ་ཤུགས་མེད་པར་འགྱུར་སྲིད་ཅིང་། མི་རིགས་ཁག་གི་གཞི་རྩའི་འདྲ་མཉམ་གྱི་རྩ་བའི་ཁེ་ཕན་སྣང་མེད་དུ་བཞག་ནས་སྣ་མང་རང་བཞིན་ཁོ་ན་གླེང་ཚེ། ཀྲུང་ཧྭ་མི་རིགས་གོང་བུར་འགྲིལ་ཤུགས་དང་ངོས་འཛིན་གཅིག་མཐུན་གྱི་འདུ་ཤེས་བོར་བརླག་ཏུ་འགྲོ་བ་དང་། གཅིག་མཐུན་ཚོགས་པ་གནས་པར་འཇིགས་སྐུལ་ཐེབས་སྲིད། དེ་མཚུངས་རྒྱ་རིགས་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་དང་གཅིག་མཚུངས་སུ་བརྩི་བ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་འཇོག་པ། རང་མི་རིགས་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ལས་ཕྱིར་འདོན་པ་དང་། ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་གཅིག་མཐུན་མེད་པའི་ཕྱོགས་ལྷུང་ནོར་འཁྲུལ་གྱི་ལྟ་བ་རིགས་གཉིས་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས་པར་སྨྲ།
其次,索南旺杰教授详细阐述了铸牢中华民族共同体意识时需要把握的四对关系。他指出,我们不能撇开“多元”谈“一体”,也不能撇开“一体”谈“多元”。民族差异性的存在是客观现实,而共同性则是维系社会和谐的基础。同时,要坚决防止两种不利于铸牢中华民族共同体意识的错误倾向,一是“把汉文化等同于中华文化、忽略少数民族文化”,二是“把本民族文化自外于中华文化、对中华文化缺乏认同。
མཇུག་མཐར་དགེ་རྒན་བསོད་ནམས་དབང་རྒྱལ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་ལེན་ཐད་ལྟ་ཚུལ་གསར་བ་བཏོན། ཁོང་གིས་དུས་བསྟུན་མདུན་སྐྱོད་ཀྱིས་ནང་བསྟན་གྱི་ལྟ་བ་གསལ་འགྲེལ་བྱེད་པ་དང་། དགོན་པའི་ནོར་དོན་ཡོངས་བསྒྲགས་དང་གསལ་ཆ་ལྡན་པའི་སྒོ་ནས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱེད་པ། ཤེས་ལྡན་མི་སྣའི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་དགོན་པའི་ཡུན་རིང་གི་འཆར་འགོད་གཏན་འབེབས་བྱེད་པ་བཅས་བྱེད་ཐབས་ལྔ་བཏོན། བྱེད་ཐབས་དེ་དག་གིས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། ཆོས་ལུགས་དང་རིག་གནས་གཞན་དག་འཕེལ་རྒྱས་འགྲོ་རྒྱུར་ཕན་ཡོད་ཀྱི་ཉམས་མྱོང་མཁོ་འདོན་བྱེད་ཐུབ་པར་བརྗོད།
最后,索南旺杰教授对深化推进藏传佛教中国化方向的实践展开了思考。他提出了与时俱进阐释佛教教义、公开透明管理寺院财务、积极互动履行社会责任、全面推进人才体系建设以及科学制定寺院长远规划等具体举措。认为这些思考不仅有助于藏传佛教更好地融入社会主义社会,也为其他宗教和文化的发展提供了有益的借鉴。
༢༠༢༡ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་ཡེ་ཤེས་ཕུན་ཚོགས་ཀྱིས་བཤད་རྒྱུར། དགེ་རྒན་བསོད་ནམས་དབང་རྒྱལ་གྱི་འཆད་ཁྲིད་ཀྱིས་ང་ལ་བློ་སྒོ་ཆེན་པོ་ཕྱེ་བྱུང་པ་དང་། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་རིགས་པའི་གཞུང་ལུགས་སྤྱད་དེ་ང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གལ་ཆེན་རང་བཞིན་གསལ་བཤད་བྱས། དེས་ང་ལ་ཆོས་ལུགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་། ངས་ད་ཐེངས་ཀྱི་འཆད་ཁྲིད་ཀྱི་ནང་དོན་དེ་སེམས་སུ་ཉར་དེ་ལག་ལེན་ཏུ་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
2021级智然噶依班学员叶西彭措表示,索南旺杰教授的讲座让我深受启发。他运用藏传佛教的理论,为我们阐释了中华民族共同体意识的重要性,让我对宗教和顺、民族团结有了更深刻的认识。我会将这次讲座的精神内化于心、外化于行,为铸牢中华民族共同体意识贡献自己的力量。
༢༠༢༢ལོའི་མཚན་རམས་སྒྲ་རིག་འཛིན་གྲྭའི་སློབ་མ་བློ་བཟང་ཤེས་རབ་ཀྱིས་བཤད་རྒྱུར། དགེ་རྒན་བསོད་ནམས་དབང་རྒྱལ་གྱིས་འཆད་ཁྲིད་ཁྲོད་བཏོན་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ལག་ལེན་གྱི་བསམ་གཞིག་ལས་ཤེས་ལྡན་མི་སྣའི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དགོན་པའི་ཡུན་རིང་གི་འཆར་འགོད་གཏན་འབེབས་བྱེད་པ་སོགས་ཀྱིས་ང་ཚོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། རང་ཉིད་ཀྱང་འབྲེལ་ཡོད་བྱེད་སྒོའི་ནང་མང་དུ་ཞུགས་ནས་བོད་བརྒྱུད་ནང་བསྟན་དང་ཀྲུང་ཧྭའི་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཟེར།
2022级禅然声明班学员洛桑协绕表示,索南旺杰教授的讲座中提出的深化推进藏传佛教中国化方向的实践思考中,全面推进人才体系建设和科学制定寺院长远规划等为我们指明了方向。我将积极参与相关活动,为推动藏传佛教与中华文化的融合发展贡献一份绵薄之力。
དགེ་རྒན་བསོད་ནམས་དབང་རྒྱལ་གྱི་འཆད་ཁྲིད་ལས་དགེ་སློབ་ཡོངས་ལ་བོད་བརྒྱུད་ནང་བསྟན་གྱི་རིགས་པའི་གཞུང་ལུགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་གལ་ཆེའི་ནུས་པ་ཐོན་ཡོད་པར་ངོས་འཛིན་གཏིང་ཟབ་བྱུང་བ་དང་། ད་དུང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་ལེན་གྱི་བསམ་གཞིག་མཁོ་འདོན་བྱས་ནས་ང་ཚོར་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་ལག་ལེན་གྱི་བློ་སྒོ་འབྱེད་རྒྱུར་དཔྱད་གཞི་མཁོ་འདོན་བྱས། དགེ་སློབ་ཡོངས་ཀྱིས་འཆད་ཁྲིད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་འབད་འཐབ་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པར་སྨྲ།
索南旺杰教授的讲座让全体师生深刻认识到藏传佛教的理论对铸牢中华民族共同体意识的重要性,并掌握了把握四对关系的关键。讲座还提供了深化推进藏传佛教中国化的实践思考,为我们提供了宝贵的理论指导和实践启示。全体师生将深入学习领会讲座精神,弘扬和传承中华优秀传统文化,不断铸牢中华民族共同体意识,促进各民族团结奋斗、共同繁荣。
长按二维码
关注我们
互联网宗教信息服务许可证|编号:青(2022)1000002