每周经典推荐|第38期:《赛仓·罗桑华丹文集》

学术   教育   2024-04-09 08:39   青海  


གཟའ་རེའི་གསུང་རབ་འོས་སྦྱོར།༣༨

每周经典推荐第三十八期





 བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ

《赛仓·罗桑华丹文集》

ཐེངས་འདིར་ཀུན་ལ་འོས་སྦྱོར་བྱ་བ་ནི་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས་ཡིན།གསུང་འབུམ་འདི་ཉིད་2010ལོའི་ཟླ་8པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་དང་ཁྱོན་པོད་དགུ་བཞུགས། རང་སློབ་གླིང་གི་བཀའ་བསྟན་དཔེ་གཟིགས་ཁང་གི་དཔེ་སྒྲོམ་གཉིས་པའི་ཚན་པ་༼ཛ༽རུ་ཉར་ཡོད།

每周经典推荐第三十八期:《赛仓·罗桑华丹文集》

作者:赛仓·罗桑华丹

出版社:民族出版社

ISBN:9787105110872

馆藏地点:藏经阁2号书架

དང་པོ། བསྟན་བཅོས་ཀྱི་གཞུང་དོན་ངོ་སྤྲོད།

གསུང་འབུམ་འདི་ཉིད་ཁྱོན་པོད་དགུས་གྲུབ། པོད་དང་པོརཚངས་སྲས་བཞད་པའི་སྒྲ་དབྱངསབསྒྲིགས།འདི་ནི་རྩ་བ་མེ་ལོང་མ་ཞིབ་འགྲེལ་གཞིར་བྱས་ཀྱིས་རྒྱལ་དབང་ལྔ་བ་དང་བོད་མཁས་ཀྱི་སྙན་འགྲེལ་ཁྲིད་རྒྱུན་གཞུང་གཅིག་ཏུ་བསྲེས་པའི་སྙན་འགྲེལ་རྒྱས་ཤོས་ཀྱི་བསྟན་བཅོས་ཤིག་ཡིན།དེ་ལ་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་མཚར་དགའ་དང་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཁྱད་འཕགས་བསླབ་དེབ་ཀྱི་བྱ་དགའ་ཐོབ།

པོད་གཉིས་པར་སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐརབསྒྲིགས།འདིར་ཁོང་གི་བླ་མ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོས་འདུལ་བྱ་རིས་སུ་མ་བཅད་པར་རྗེས་སུ་བཟུང་ནས།ཐོས་བསམ་སྒོམ་གསུམ་གྱིས་གཙོས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཇི་ལྟར་ཞབས་ཞུ་མཛད་པའི་ཚུལ་ལས་བརྩམས་པའི་རྣམ་པར་ཐོས་པ་རྒྱས་པར་གསུངས། འདི་བསྟན་པ་ཡང་དར་སྐབས་ལ་བརྩམས་པའི་རྣམ་ཐར་ཆེ་མཆོག་ཅིག་ལགས།

པོད་གསུམ་པར་དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱནབསྒྲིགས།གཞུང་འདི་རི་བོ་དགེ་ལྡན་པའི་ལྟ་སྤྱོད་སྒོམ་གསུམ་གྱི་གྲུབ་མཐའི་རྣམ་གཞག་ཁ་གསལ་དོན་དྲིལ་དུ་བསྟན།དེ་ཡང་གོང་ས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཐུགས་བཀོད་ལྟར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་བསླབ་དེབ་ལ་རྩོམ་གནང་མཛད།

པོད་བཞི་བར་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིནབསྒྲིགས།འདི་བོད་ལ་འགྱུར་སྔ་ཡང་བོད་ཀྱི་རང་འགྲེལ་སྔོན་ཆད་བྱུང་མེད་པས།གཞུང་འདི་བོད་འགྲེལ་གྱི་སྟོང་ཆ་སྐོང་བའི་བསྟན་བཅོས་ཐོག་མ་ལགས།

པོད་ལྔ་བར་དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱནབསྒྲིགས།གཞུང་འདི་ནི་རྗེ་ཉིད་ཀྱིས་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་རྒྱལ་དབང་ལྔ་བ་ཆེན་པོས་མཛད་པའི་ཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་བོ་བསྡུས་པ་གསལ་བྱེད་ནོར་བུའི་ཕྲེང་བ་དང་སོ་ཐར་གྱི་ཚུལ་ཁྲིམས་ལ་དགའ་བའི་དཔྱོད་ལྡན་གྱི་ཚོགས་ལ་ཕན་བྱེད་ཉུང་ངུ་རྣམ་གསལ་སྒྲོན་མ་གཉིས་དམ་ཆོས་འདུལ་བའི་བསླབ་གཞིར་བཟུང་སྟེ་དཔེ་ཁྲིད་གནང་བའི་སྒྲ་ཕབ་འབྲུར་བཤུས་པ་སླར་ཡང་ཁོང་གིས་གཟིགས་ཏེ་གནད་འདྲིལ་སྙིང་བསྡུས་སུ་བཅོས་པ་དེ་ལྟར་བསྒྲིགས།གཞུང་འདིར་སོ་ཐར་གྱི་སྡོམ་པའི་རྣམ་གཞག་གནད་བསྡུས་གོ་སླར་གསུང་ཡོད།

པོད་དྲུག་པར་གསུང་རྩོམ་ཐོར་བུའི་སྐོརབསྒྲིགས།གཞུང་འདི་བརྗོད་བྱ་དང་རྗོད་བྱེད་རྣམ་གྲངས་སྣ་ཚོགས་ཀྱིས་གྲུབ་ཅིང་།སྤྱིའི་ཆ་ནས་རིགས་བཅུ་གཅིག་ཏུ་བཀར་ཏེ་ཆེ་བ་ལམ་རིམ་ནས་ཆུང་བ་འཕྲིན་ཡིག་བར་ཕལ་ཆེར་དུས་ཀྱི་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་ཡོད།

པོད་བདུན་པ་ནས་དགུ་བའི་བར་ནི།ཕལ་ཆེར་ཐོར་བུའི་རིགས་ཅན་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ལ།སྒྲིག་རིམ་ཐད་དུས་ཚོད་སྔ་ཕྱིའི་གོ་རིམ་གཞིར་བྱས་ཀྱིས་རིགས་དབྱེ་བཀར་ནས།གཞུང་ཁོག་ཆེན་པོ་རྣམས་དམིགས་བསལ་གྱིས་སྔོན་ལ་བཀོད་ཅིང་འབྲིང་བོ་དང་ཐོར་བུ་རྣམས་རིམ་པས་རྗེས་སུ་བསྒྲིགས་ཡོད།

རྗེ་འདིའི་གསུང་རྩོམ་ལ་བརྗོད་བྱ་རྒྱ་ཆེ་ཞིང་ཁྱབ་ཁོངས་ཤིན་ཏུ་ནས་ཀྱང་ཡངས་པས་བོད་ཀྱི་རིག་གནས་ཡོད་ཚད་ཀྱི་ཉིང་བཅུད་གོང་བུ་གཅིག་ཏུ་བསྡུས་པ་ལྟ་བུ་དང་རྗོད་བྱེད་ཀྱི་ཆ་ནས་བཅད་ལྷུག་སྤེལ་མ་ཅི་རིགས་ཀྱི་སྒོ་ནས་ཚིག་གསལ་དོན་དྲིལ་ཀློག་བདེ་སོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པས།བློ་ཁ་མཐོ་དམན་གང་ལ་ཡང་ཧ་ཅང་འཚམ་པའི་ཁྱད་ཆོས་གཟེངས་སུ་ཐོན་པ་སོགས་དེབ་འདིའི་དཔེ་སྐྲུན་གསལ་བཤད་ལས་བཏུས་སོ།།

一、内容简介

《赛仓文集》内容包括藏族传统文学、藏传佛教、修辞学、哲学、历史、人物传记、寺院志以及各类信函、寺庙清规、语言文字、语法修辞、音韵声学、佛教源流、宗教哲学、文学历史等,涉及大小五明学科,长达310余万字、成书9卷,堪称里程碑式的藏学经典。

文集第一卷《诗学修辞明鉴》是全国民族院校藏语文专业教材,为专门探讨藏语修辞和藏族传统文艺理论的集大成之作,被誉为近30年来质量最好、流传最广的大学藏文专业教材。其所列200余首脍炙人口的诗例,是藏文古体诗作之经典,受到寺院僧侣、在校学生和广大文学爱好者推崇,赛仓也因此有了“诗人活佛”的美誉。

文集第二卷《阿饶仁宝琦传》记述了藏族著名学者阿饶仁宝琦的一生,既是一部考释严密的人物研究专著,又是一部极具文学色彩的人物传记;

第三卷《格鲁教派史略》是一部融文、史、哲于一体的有关藏传佛教格鲁教派发展史的学术著作,是北京藏传佛教高级佛学院的教材,获得了学术界的高度赞扬;

第四卷《殊胜赞注疏》是针对古印度诗人沱宗智杰叙述佛教创始人释迦牟尼出生、成长、求道、传教、成佛过程的叙事长诗《殊胜赞》所作的完整的藏文注疏本;

第五卷《戒律学讲义》是一部佛教伦理学专著;

第六、七、八、九卷均是综合性文集,涉及佛教常识、修辞学、宗教历史、人物传记、宗教法律、文学作品等多方面内容。

གཉིས་པ།རྩོམ་པ་པོ་ངོ་སྤྲོད།

བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་ཀྱི་རྡོ་རྗེ་དཔལ་བཟང་པོ་མཆོག་ནི།སྤྱི་ལོ་1938ལོའི་ཟླ་1པོའི་ཚེས་19ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱལ་ཐེ་བུ་ཞེས་པའི་ཡུལ་དུ་སྐུ་འཁྲུངས།ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་མཆོག་ནས་བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད། དེ་སྔ་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་དང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུད།ཀན་ལྷོ་ཁུལ་གྱི་ཀྲུའུ་ཞི་ཟུར་པ།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས།ཀུན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ།ཀུན་སུའུ་ཞིང་ཆེན་མི་རིགས་ཞིབ་འཇུག་སོའོ་ཡི་འགན་འཛིན་ཟུར་པ།ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་པ།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ་བཅས་ཀྱི་ཕྱག་འགན་བཞེས་མྱོང་། རིག་གནས་ཉམས་ཞིབ་ཀྱི་ཁ་ཕྱོགས་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་རིག་གནས་དང་ཚིག་རྒྱན་རིག་པའི་སྐོར་ཡིན།

བརྩམས་ཆོས་ལ་ཚངས་སྲས་བཞད་པའི་སྒྲ་དབྱངས་དང་།དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན།ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན།རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད།དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།སོགས་བཞུགས་ལ་རིག་གཞུང་དཔྱད་རྩོམ་ཡང་སུམ་ཅུ་ལྷག་སྤེལ་མྱོང་།དེ་དག་ལས་ཚངས་སྲས་བཞད་སྒྲ་ལ་སྐབས་བཞི་བའི་བྱང་ཁུལ་གྱི་ཞིང་གྲོང་རང་སྐྱོང་ལྗོངས་བཅོ་ལྔའི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ་དང་།ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྱད་འཕགས་དཔེ་དེབ་ཀྱི་བྱ་དགའ།ཀན་སུའུ་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཁྱད་འཕགས་བསླབ་དེབ་ཀྱི་བྱ་དགའ་བཅས་རིམ་པར་ཐོབ།
二、作者简介
赛仓·罗桑华丹(1938.1-2021.9),青海省同仁市人,大学学历,曾任甘肃民族师范学院教授,兼任政协甘肃省委员会常委、政协甘南州副主席、中国佛教协会理事、甘肃佛教协会副会长、甘肃省民族研究所副所长、甘肃民俗研究会副会长、中国藏语系高级佛学院研究员等职。主要研究方向为藏传佛教文化和藏文诗学修辞。

赛仓大师在藏学领域造诣颇深,他在从事高等教育的同时,潜心藏学研究事业,取得了丰硕的成果,出版和发表了《诗学修辞明鉴》、《格鲁派史略》、《殊胜赞注疏》、《夏尔仓传》、《戒律学》等七部专著和30余篇学术论文,其中《诗学修辞明鉴》被评为全省高校优秀教材,荣获甘肃省人民政府“优秀图书奖”、甘肃省教育委员会“优秀教材奖”。



མཁོ་འདོན་པ།   རྡོ་རྗེ་དོན་གྲུབ།

དོ་དམ་པ།     ཤ་བོ་རིན་ཆེན། 

རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་།ལིག་བཱེ། 




长按二维码

关注我们


互联网宗教信息服务许可证|编号:青(2022)1000002




青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章