周三讲堂(六十二期)《注重学经与修心、实践相结合,做合格学员》

学术   教育   2023-12-14 17:53   青海  
 གཟའ་ལྷག་པའི་འཆད་ཁྲིད་ཐེངས༦༢པ། 
༄༅།།སློབ་གཉེར་དང་བློ་སྦྱོང་ཉམས་ལེན་གསུམ་ཡ་མ་བྲལ་བར་བྱས་ཏེ་སློབ་མ་ཚད་ལྡན་ཞིག་བྱེད་དགོས
འཆད་ཁྲིད་མཁན།སྒོ་མང་འོད་ཟེར་རྒྱ་མཚོ།
周三讲堂六十二期
注重学经与修心、实践相结合,做合格学员
主讲人:郭莽·沃赛尖措






སློབ་གྲྭའི་ཆོས་སྲོལ་ཡག་པོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྤྱོད་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་ཕུལ་བྱུང་དགེ་འདུན་པ་གསོ་སྐྱོང་བྱ་ཆེད། སྤྱི་ཟླ༡༢ཚེས༡༣ཉིན་ངེད་སློབ་གྲྭས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་ཁྲུའུ་ཡི་ཁྲུའུ་ཀྲང་། ཆེས་མཐོ་ཡོངས་འཛིན་སྒོ་མང་འོད་ཟེར་རྒྱ་མཚོ་མཆོག་ཆེད་དུ་གདན་དྲངས་ཏེ།སློབ་གཉེར་དང་བློ་སྦྱོང་ཉམས་ལེན་གསུམ་ཡ་མ་བྲལ་བར་བྱས་ཏེ་སློབ་མ་ཚད་ལྡན་ཞིག་བྱེད་དགོསཞེས་པའི་འཆད་ཁྲིད་གནང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ༢༠༠ལྷག་འཆད་ཁྲིད་ལ་ཞུགས།  

为持续推进学院教风建设,培育知行合一的新时代优秀僧才,12月13日,我院特邀中国藏语系高级佛学院学生处处长、特级经师郭莽·沃赛尖措面向全体师生作了题为注重学经与修心、实践相结合,做合格学员的讲座,省藏语系佛学院200多名师生聆听讲座。

འཆད་ཁྲིད་ཁྲོད། ཡོངས་འཛིན་སྒོ་མང་འོད་ཟེར་རྒྱ་མཚོ་མཆོག་གིས་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་ཀྱི་སློབ་གཉེར་དང་བློ་སྦྱོང་། ཉམས་ལེན་གསུམ་ལྟེ་བར་བཟུང་ནས། སློབ་གཉེར་གྱི་དགོས་ངེས་རང་བཞིན་དང་དམིགས་ཡུལ། ཀུན་སློང་། སློབ་གཉེར་དང་བློ་སྦྱོང་ཉམས་ལེན་གསུམ་གཅིག་ལ་གཅིག་བརྟེན་གྱི་གལ་ཆེན་རང་བཞིན་ལ་རྒྱས་བཤད་གནང་། ཁོང་གིས་གསུང་རྒྱུར། གཞུང་བཀའ་པོད་ལྔ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་ངེས་པར་དུ་སྦྱོང་དགོས་པའི་གཞུང་ལུགས་ཀྱི་གྲས་ཡིན་པ་དང་། གནའ་བོའི་རྒྱ་གར་གྱི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྔ་དར་དང་ཕྱི་དར་དུས་ཀྱི་རྒྱུན་འཛིན་འཕེལ་རྒྱས་བརྒྱུད། ཐུན་མོང་མ་ཡིན་པའི་སློབ་གཉེར་གྱི་གོམས་སྲོལ་ཞིག་ཆགས་ཡོད་དེ། དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྩོད་པའི་རྣམ་གཞག་གྱི་སྟེང་ནས་དམ་བཅའ་འཇོག་པ་དང་གཞུང་ལ་ཞིབ་ཕྲའི་རིགས་འབྱེད་བྱེད་པ་དེ་ཡིན།

讲座中,郭莽·沃赛尖措经师紧密围绕佛学院学员在校期间的学经与修心、实践三个核心内容,详细阐述了学修的必要性、目的和动机,并深入探讨了学经与修心、实践相结合的关键内容。他指出,五部大论是藏传佛教僧人必修的佛学理论内容之一,经历了从古印度二圣六庄严到藏传佛教前弘期和后弘期的传承发展,形成了独特的学习机制,即通过藏传佛教特有的辩经方式,树立宗旨、辨明经义的逻辑推理方式。  

ཡོངས་འཛིན་སྒོ་མང་འོད་ཟེར་རྒྱ་མཚོ་མཆོག་གིས་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་སློབ་གཉེར་དང་བློ་སྦྱོང་ཉམས་ལེན་གསུམ་ཟུང་འབྲེལ་དམ་པོར་བྱེད་དགོས་པའི་ནན་བཤད་གནང་བ་དང་། སློབ་མ་རྣམས་ལ་ཐོས་བསམ་སྒོམ་གསུམ་དང་། ཏིང་འཛིན་དང་ཚུལ་ཁྲིམས། ཤེས་རབ་གསུམ་གཅིག་གྱུར་ངང་ལུས་སེམས་གཉིས་ལ་སྦྱོར་དགོས་པ་དང་། དེ་དང་ཆབས་ཅིག་སློབ་མས་སློབ་གྲྭས་བཟོས་པའི་ཞོགས་པའི་རང་སྦྱོང་དང་། ཆོས་ར། དགོང་མོའི་རང་སྦྱོང་། བློར་འཛིན་སོགས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་བྱས་ནས་སློབ་སྦྱོང་བྱེད་སྟངས་དང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་པ་དང་། གཞན་སློབ་གྲྭའི་སྤྱི་རྫས་ལ་གཅེས་སྤྲས་དང་འཕྲོད་བསྟེན་གྱི་གོམས་གཤིས་ཆགས་དགོས་ཚུལ་སོགས་ཀྱི་ཐད་ནས་བླང་བྱ་བཏོན།    

郭莽沃赛尖措经师强调在学习的过程中要注重学经和修心、实践三方面的有机结合。他鼓励学员坚持闻思修、戒定慧相统一,做到外化于行、内化于心。同时,他积极倡导学员遵守学院制定的早自习、辩经、晚自习、背诵等相关规章制度,努力将学习方式与闻思修贯通起来。此外,经师还从爱护公物、卫生习惯等方面对学员提出了具体要求。

ཐེངས་འདིའི་འཆད་ཁྲིད་བརྒྱུད་སློབ་མ་རྣམས་ཀྱིས་སློབ་གཉེར་དང་བློ་སྦྱོང་། ཉམས་ལེན་གསུམ་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ་དང་། སློབ་སྦྱོང་དང་སྒོམ་སྒྲུབ་ཀྱི་ཁ་ཕྱོགས་གསལ་དགོས་པའི་གལ་ཆེན་རང་བཞིན་སྔར་བས་ཤེས་རྟོགས་བྱུང་།

通过此次讲座,使学员更加明白了学经与修心、实践相结合的重要性,明确了自己在学习和修行之路上的方向,也为学员提供了一个更全面、更深入的学习方法。





སྒོ་མང་སྤྲུལ་སྐུ་བློ་བཟང་འོད་ཟེར་རྒྱ་མཚོའི་ངོ་སྤྲོད།

སྒོ་མང་སྤྲུལ་སྐུ་བློ་བཟང་འོད་ཟེར་རྒྱ་མཚོ་མཆོག་ནི་མཚོ་སྔོན་གཅན་ཚ་རྫོང་དུ་འཁྲུངས།༡༩༨༥ལོར་ལ་མོ་བདེ་ཆེན་དུ་རབ་ཏུ་བྱུང་སྟེ་སློབ་གཉེར་གནང་། ༡༩༩༢ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆོས་སུ་ཞུགས་ཏེ་གཞུང་བཀའ་པོད་ལྔ། སྔགས་རྒྱུད་སྡེ་བཞི། ཐུན་མོང་རིག་གནས་དང་བཅས་པར་ཞིབ་ཏུ་སྦྱངས་པ་མཛད་ཅིང་རྡོ་རམས་པའི་མཚན་བཏགས་བླངས། བླ་བྲང་དགོན་པས་མངགས་པ་ལྟར། སྟག་ལུང་དགོན་པའི་ཁྲི་བ་ལོ་གསུམ་མཛད། གཞན་བླ་བྲང་བཀྲ་ཤིས་འཁྱིལ། ཀན་ལྷོ་རྨ་ཆུ་ནུར་མའི་དགོན། ཁྲི་ཀའི་དགོན་སྡེ་ཆེ་ཆུང་དུ་མ། མང་རྫོང་དམར་སྐམ་དགོན་སོགས་སུ་ལོ་མང་བོར་གཞུང་གི་སྐོར་དང་། ལམ་རིམ་བློ་སྦྱོང་གི་སྐོར། རིག་གནས་སྐོར་སོགས་དཔེ་ཁྲིད་གང་མང་གནང་དང་གནང་བཞིན་ཡོད།

༢༠༠༤ལོ་ནས་༢༠༠༦བར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་པོའི་འབྲིང་རམས་པའི་དགེ་རྒན་གྱི་འགན་བཞེས། ༢༠༠༩ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ལྔ་བའི་མཐོ་རམས་པའི་མཚན་བཏགས་ཨང་དང་བོ་ཐོབ། ༢༠༡༡ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་རིམ་པ་དང་བོའི་མཚན་བཏགས་ཐོབ་ཅིང་། སློབ་གླིང་དེ་ཀའི་ཞིབ་འཇུག་པའི་མཚན་གནས་སྤྲད། ༢༠༡༩ལོར་མཚོ་སྔོན་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཆེས་མཐོའི་དགེ་རྒན་གྱི་མཚན་བཏགས་ཐོབ། བརྩམས་ཆོས་ལའདུལ་བའི་སྤྱི་དོནདངནང་བསྟན་རྒྱུན་ཤེས་ལག་ལེནདེབ་གཉིས་མི་རིགས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་བཀྲམ། ད་ལྟ་ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་དགུ་བའི་རྒྱུན་ལས་ལས་འཛིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་ཁྲུའུ་ཡི་ཁྲུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ། མཚོ་ལྷོ་ཁུལ་ནང་བསྟན་གྱི་ཚོགས་གཙོ་གཞོན་པ། ཁྲི་ཀ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཁྲི་ཀ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མུས་ཡིན།



  
   

རྩོམ་འབྲི་བ།  རྡོ་རྗེ་ཚེ་བརྟན།

ལོ་ཙཱ་བ།     རྡོ་རྗེ་ཚེ་བརྟན།

དོ་དམ་པ །   རིག་འཛིན་རྡོ་རྗེ།

རྩོམ་སྒྲིག་འགན་ཁུར་བ། ལིག་བཱེ། མགོན་པོ་ཚེ་རིང་། 




长按二维码

关注我们



互联网宗教信息服务许可证|编号:青(2022)1000002





青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章