每周经典推荐第四十期:《中华民族共同体概论》
学术
教育
2024-05-28 08:45
青海
《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་རགས་བཤད》
《中华民族共同体概论》
ཐེངས་འདིར་འོས་སྦྱོར་བྱ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་སློབ་གསོ་སྐོར་གྱི་གཅིག་གྱུར་བསླབ་དེབ《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་རགས་བཤད》ཅེས་པ་ཡིན། དེབ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་རགས་བཤད་རྩོམ་སྒྲིག་ཨུ་ལྷན་གྱིས་སྒྲིགས་ཤིང་། ༢༠༢༣ལོའི་ཟླ༡༢བར་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་པར་དུ་སྐྲུན། རང་རེའི་དཔེ་མཛོད་ཁང་གི་དེང་རབས་ཀུན་འདུས་དཔེ་གཟིགས་ཁང་ལས་དཔེ་སྒྲོམ༣༧པ་མི་རིགས་མཐུན་སྒྲིལ་བརྗོད་དོན་གྱི་ཆེད་སྤྱོད་དཔེ་སྒྲོམ་དུ་ཉར་ཡོད་ཅིང་དཔེ་འཚོལ་ཨང་རྟགས་ནི(༣༧)༠༠༣ཡིན།
每周经典推荐第四十期:《中华民族共同体概论》
作者:《中华民族共同体概论》编写组
出版社:高等教育出版社、民族出版社
ISBN:9787040617009
索书号:(37)003
馆藏地点:现代综合图书室37号书架(民族团结主题读本专柜)
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་རགས་བཤད། ཅེས་པའི་དེབ་འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་སློབ་གསོ་ཇེ་བརྟན་དུ་གཏོང་བའི་རྒྱལ་ཁབ་རིམ་པའི་གཅིག་གྱུར་བསླབ་དེབ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་བའི་ལོ་རྒྱུས་རྩ་བར་བཟུང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་གཞུང་ལུགས་མ་ལག་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པའི་གསར་གཏོད་རང་བཞིན་གྱི་བསླབ་དེབ་ཅིག་ཡིན།དེབ་འདི་ཁྱོན་ས་བཅད་བཅུ་དྲུག་གིས་གྲུབ་པ་དང་། དེ་ནི་སྔར་གྱི་ཆབ་སྲིད་ལོ་རྒྱུས་སྲོག་ཤིང་ཡིན་པའི་རྒྱལ་རབས་ལོ་རྒྱུས་དང་རིགས་རྒྱུད་དབར་གྱི་འབྲེལ་བ་བརྗོད་པའི་ལོ་རྒྱུས་དང་མི་འདྲ་བར། ཀྲུང་ཧྭ་མི་རིགས་ཀྱི་ངོས་ཐད་ནས་རྐང་ཚུགས་ཤིང་མི་རིགས་དབར་གྱི་འབྲེལ་འདྲིས་དང་འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་སྲོག་ཤིང་དམ་འཛིན་སྒོས། ཀྲུང་ཧྭ་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས།རིག་གནས་བཅས་ཀྱི་ངོས་ཐད་ཀྱི་ཐུན་མོང་རང་བཞིན་ཡར་བསྐྱེད་དང་། མི་རིགས་སོ་སོ་སྣ་མང་གཅིག་འདུས་ཀྱི་རྣམ་པས་ཀྲུང་ཧྭ་མི་རིགས་གྲུབ་པའི་ལོ་རྒྱུས་ཀྱི་འཕེལ་རིམ་མཚོན་ཡོད། དེ་ཡང་ས་བཅད་དང་པོ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་རྨང་གཞི་གཞུང་ལུགས་ཞེས་པའི་ཚན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་བཅོས་སྒྱུར་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་དང་། སྒོས་སུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་སྐོར་གྱི་དཔྱད་གླེང་གལ་ཆེན་ཁག་གཙོར་བཟུང་ནས་ཀློག་འགྲེལ་གནང་ཡོད། ས་བཅད་གཉིས་པ་སྟེ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་གྲུབ་གསར་འཛུགས་ཞེས་པའི་ཚན་པ་འདིར་ས་བཅད་གོང་མའི་མི་རིགས་གཞུང་ལུགས་སྐོར་གྱི་ནང་དོན་རྨང་གཞི་བྱས་ཐོག་མི་རིགས་དབར་གྱི་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་ཀྱི་ལོ་རྒྱུས་སྐོར་བརྗོད་ཡོད།ས་བཅད་གསུམ་པ་ནས་བཅོ་ལྔ་བའི་བར་དུ་གདོད་མའི་ལོ་རྒྱུས་ནས་ད་ལྟའི་དུས་རབས་གསར་བའི་ལོ་རྒྱུས་བརྗོད་ཡོད་པ་དང་། ལོ་རྒྱུས་ཀྱི་གནད་ཚིག་མང་པོར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཉིད་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ཁྲོད་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་ཀྱི་འཕེལ་འགྱུར་དང་དེའི་ནང་དོན་ཁག་གི་ཁྱད་ཆོས་གང་ཡིན་གསལ་བར་བརྗོད་ཡོད་པ་དང་། ལོ་རྒྱུས་ཀྱི་ལྟ་གྲུབ་ནོར་འཁྲུལ་ཅན་དག་ཐེར་བཏང་ནས་གཞུང་ལུགས་ཀྱི་དཀའ་གནད་ཁག་ལ་ལན་གསལ་བོ་བརྒྱབ་ཡོད། ས་བཅད་བཅུ་དྲུག་པ་སྟེ་ཤེས་རིག་གི་བགྲོད་ལམ་གསར་བ་དང་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་འདུས་གྲུབ་ཅེས་པའི་ཚན་པའི་ནང་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་འདུས་གྲུབ་ཀྱི་འབྲེལ་བར་སྐུལ་འདེད་དང་གསར་འཛུགས་བྱེད་པའི་སྐོར་བརྗོད་ཡོད་ལ།རང་རྒྱལ་དང་ནུབ་ཕྱོགས་གཉིས་ཀྱི་བསྡུར་བར་བརྟེན་ནས་མིའི་རིགས་ཀྱི་ཤེས་རིག་གི་འཁྱེར་སོ་གསར་བའི་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལ་འགྲེལ་བརྗོད་གནང་ཡོད། བསྟུད་མར་བརྒྱུས་པའི་ལོ་རྒྱུས་ཀྱི་ཕྲེང་བ་འདི་དག་ལས་ཀྲུང་ཧྭ་མི་རིགས་ཀྱི་རིགས་ཀྱི་མྱུ་གུ་མཆེད་ཚུལ་དང་དེ་ནས་རྒྱ་བསྐྱེད་ཚུལ། འཕེལ་རྒྱས་བྱུང་བ།ཡར་རྒྱས་སུ་ཕྱིན་པ།མཐའ་མར་གཞོམ་དུ་མེད་པའི་ལས་དབང་གཅིག་གི་འདུས་གྲུབ་འགྲུབ་བྱེད་ཀྱི་རྩ་བའི་ཆོས་ཉིད་དག་བརྗོད་ཡོད་པ་མ་ཟད། ཀྲུང་ཧྭའི་རིག་གནས་དཔལ་ཡོན་གྱི་འབུར་དུ་ཐོན་པའི་ཁྱད་གཤིས་ལྔ་དང་གཞུང་ལུགས་ལོ་རྒྱུས་དང་ལག་ལེན་གྱི་ཆོས་ཉིད་བཅས་གསལ་བོར་བསྟན་ཡོད། འདི་ནི་ཁ་བཤད་ཙམ་མ་ཡིན་པར་དངོས་ཡོད་ར་སྤྲོད་ལ་བརྟེན་ནས་ཀློག་པ་པོར་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པའི་ལྟ་གྲུབ་མཛུབ་སྟོན་རང་ཡིན་ནོ།།作为第一部关于铸牢中华民族共同体意识教育的国家统编教材,《中华民族共同体概论》立足中华民族悠久历史,探索构建中华民族共同体理论体系,是一部开拓性的教材。全书共有十六大章节组成,也就是十六讲,十六讲区别于以政治史为主轴的传统王朝断代史与族别关系互动史,而是从中华民族整体视角出发,紧扣民族交往交流交融的历史主轴,呈现中华民族在政治、经济、社会、文化等层面的共同性不断增长,展现各民族融聚成多元一体中华民族的历史进程。其中,第一讲“中华民族共同体基础理论”,重点阐释习近平总书记关于加强和改进民族工作的重要思想,特别是关于铸牢中华民族共同体意识的重要论述。第二讲,“树立正确的中华民族历史观”,上承第一讲民族理论,下启交往交流交融史概要。第三讲至第十五讲从史前讲到新时代,以大量史实讲清中华民族共同体在每个历史阶段交往交流交融的演进脉络与内容特征,批驳错误史观,回应理论难点。第十六讲阐释中华民族共同体建设与推动构建人类命运共同体的关系,通过中西比较诠释人类文明新形态的世界意义。这一系列历史书写展示出中华民族从起源、扩大、发展、进步、到最终形成牢不可破的命运共同体的基本逻辑,体现了中华文化文明的五个突出特性,讲清了理论历史和实践逻辑,不是用套话,而是用具体事实来告诉读者符合历史规律的立场观点方法。
མཁོ་འདོན་པ། རྡོ་རྗེ་དོན་འགྲུབ།
དོ་དམ་པ། རིག་འཛིན་རྡོ་རྗེ།
རྩོམ་སྒྲིག་འགན་ཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།
互联网宗教信息服务许可证|编号:青(2022)1000002关