2024年青海省藏传佛教代表人士第一期政策法规培训班在省藏语系佛学院开班

学术   2024-09-13 16:09   青海  


༄༅།།༢༠༢༤ལོའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣའི་སྲིད་ཇུས་དང་ཁྲིམས་སྲོལ་གྱི་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་དབུ་ཚུགས།

སྤྱི་ཟླ༩ཚེས༡༢ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་བཅས་ཀྱིས་མཉམ་འབྲེལ་སྒོས“དུས་གཏན་དུ་ཏང་གི་རྗེས་སུ་འབྲངས་ཏེ། རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་ཞིག་བརྩོན་ལེན་བྱེད་དགོས” ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི༢༠༢༤ལོའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣའི་སྐབས་དང་པོའི་སྲིད་ཇུས་དང་ཁྲིམས་སྲོལ་གྱི་ཟབ་སྦྱོང་འཛིན་གྲྭ་བསྡུས་ཤིང་། སློབ་འགོ་ཚུགས་པའི་མཛད་སྒོ་དེ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་འཚོགས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཀྲེང་ཝུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཡི་ཀོང་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གླིང་གཙོ་ཨ་ལགས་ར་ཁོ་ཚང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས། སློབ་འགོ་ཚུགས་པའི་མཛད་སྒོའི་སྔོན་ལ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པའི་འགོ་ཁྲིད་རྣམ་པ་དང་ཟབ་སྦྱོང་འཛིན་གྲྭའི་སློབ་མ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ཀྱིས་མཉམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱངས། 

9月12日,省委统战部、省民宗委、省佛教协会、省藏语系佛学院联合举办以“永远跟党走,争做爱国守法僧尼”为主题的2024年青海省藏传佛教代表人士第一期政策法规培训班,开班仪式在省藏语系佛学院举行。省委统战部副部长刘正伟出席并讲话,省藏语系佛学院党委书记程颐工,省佛教协会会长、省藏语系佛学院院长拉科活佛,省委统战部、省佛教协会相关处室负责人等出席。开班式前举行了庄严的升国旗仪式,出席开班式的各位领导、培训班学员和省藏语系佛学院全体师生共同接受深刻的爱国主义教育。

ལིའུ་ཀྲེང་ཝུའེ་ཡིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་དགོངས་དོན་གལ་ཆེན་གཏིང་ཟབ་ངང་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། དེ་བཞིན་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་བྱེད་པ། རྩེ་གཅིག་ཏུ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་གཙོ་རྐང་དམ་པོར་བཟུང་སྟེ་ཆབ་སྲིད་ཁྲིམས་སྐྱོང་གི་སློབ་སྦྱོང་ལ་ཤུགས་སྣོན་དང་། ཤེས་བྱའི་མཐོང་རྒྱ་ཆེ་རུ་གཏོང་བ། ཤེས་བྱའི་གྲུབ་ཆ་གསར་བརྗེ་བཅས་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་། རང་ངོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་གསུངས།

ཁོང་གིས་གཅིག་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་མདུན་དུ་བསྐྱོད་དེ་མིག་དཔེ་སྟོན་དགོས་པ་དང་། རང་རྟོགས་ངང་རྒྱལ་གཅེས་བརྩེ་སེམས་དེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་དུ་བསྒྱུར་ཏེ“འདུ་ཤེས་གསུམ”དང“ངོས་ལེན་ལྔའི”བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། གཉིས་ནས“ཚད་གཞི་བཞི”ལག་ལེན་བསྟར་བའི་ཐད་མདུན་དུ་བསྐྱོད་དེ་མིག་དཔེ་སྟོན་དགོས་པ་དང་།  སྤྱོད་བཟང་གཞུང་དྲང་བྱེད་པ།   སྡོམ་པ་ལེགས་པར་འཛིན་པ་དང་བསླབ་པ་སྒྲུབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་བཀུར་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ།    གོམས་སྲོལ་ལེགས་སྒྱུར་བྱེད་བ། བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་པའི་ཁྲོད་དངོས་སུ་ཉམས་ལེན་འབད་སྒྲུབ་དང་བསམ་བློ་དང་ལག་ལེན་གཅིག་མཐུན་ཡོང་བ་བྱེད་དགོས་པ།  

གསུམ་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཐད་མདུན་དུ་སྐྱོད་དེ་མིག་དཔེ་སྟོན་དགོས་པ། རང་རྟོགས་ངང་ཁ་ཕྲལ་ལ་ངོ་རྒོལ་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པ་སོགས་བྱ་གཞག་གལ་ཆེན་ཁྲོད་དར་ཆ་གསལ་སྟོན་དང་།  སྐད་ཆ་ཤོད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་གཅེས་སྤྲས་དང་སྲུང་སྐྱོང་ཡག་པོ་བྱེད་དགོས།   

བཞི་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་མདུན་དུ་སྐྱོད་དེ་མིག་དཔེ་སྟོན་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་འོག་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་གྱི་བླང་བྱར་དམིགས་ཏེ། ཆོས་དོན་དགོངས་འགྲེལ་ལེགས་པོ་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པར་ནན་གྱིས་བསྟན།

刘正伟在开班式上指出,藏传佛教代表人士要深入学习习近平总书记关于宗教工作的重要论述,深入贯彻落实党的二十大、二十届三中全会和中央第七次西藏工作座谈会及全国、全省宗教工作会议精神,紧紧围绕引导藏传佛教与社会主义相适应这条主线,加强政治法治学习,拓宽知识视野,更新知识结构,进一步提升适应社会发展需求、发挥自身积极作用的能力和水平。他强调,在传承和弘扬藏传佛教爱国爱教优良传统上走在前作表率,自觉把爱国之情转化为报国之行,不断增强“三个意识”“五个认同”的思想自觉和行动自觉;在践行“四条标准”上走在前作表率,坚持正信正行,持戒精修,带头守法遵规,在服务信众、移风易俗、维护稳定中身体力行、知行合一;在维护国家统一、民族团结、社会稳定上走在前作表率,自觉在反对分裂、活佛转世等大是大非上旗帜鲜明、敢于发声、勇于斗争,坚决与党中央保持高度一致,珍惜好、维护好和谐稳定的大好局面;在坚持我国宗教中国化方向,促进藏传佛教与社会主义社会相适应上走在前作表率,聚焦社会发展和时代进步要求,以社会主义核心价值观为引领,做好教义教规阐释,积极引导藏传佛教与社会主义社会相适应。

ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནིམཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣའི་ཟབ་སྦྱོང་འཆར་འགོདགཞིར་བཟུང་སྟེ་གཉེར་བ་ཞིག་ཡིན་ཞིང་། ཞིང་ཆེན་དང་། གྲོང་ཁྱེརཁུལགྱི་དམངས་ཆེན་དང་སྲིད་གྲོས།  ནང་བསྟན་མཐུན་ཚོགས། ཞིང་ཆེན་རིམ་པའི་འཆམ་མཐུན་དགོན་སྡེ་བཅས་ནས་ཡོང་བའི་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ༡༠༠ལྷག་ཞུགས་ཡོད་ཅིང་།  ཟབ་སྦྱོང་འཛིན་གྲྭ་འདི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་གཅིག་སྡུད་སློབ་སྦྱོང་ཉིན་བདུན་ལ་བྱ་རྒྱུ་དང་། དེ་རྗེས་པེ་ཅིང་དང་།  ཧོ་པེ་ཁྲེང་ཏེ།  ཟི་ལིང་གྲོང་ཁྱེར་གྱི་ཧུང་ཇོ་དགོནཔ་སོགས་སུ་ཕེབས་ནས་ལྟ་སྦྱོང་གནང་རྒྱུ་ཡིན་ནོ།།

此次培训班是根据《青海省藏传佛教教职人员培训规划》举办,来自省、市(州)人大、政协,佛教协会,省级和谐寺院的100名藏传佛教代表人士参加培训。培训班将在省藏语系佛学院开展7天集中学习,之后赴北京、河北承德、西宁市宏觉寺等地观摩学习。



རྩོམ་འབྲི་བ། ཞེ་ཅོན།

ལོ་ཙཱ་བ།གདུགས་དཀར་བསྟན་འཛིན།

པར་བ། རིན་རྡོ།

དོ་དམ་པ། ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་།ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002



青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章