周三讲堂(六十四期)《党的治藏方略与涉藏宣传工作》

学术   教育   2023-12-26 17:09   青海  


 གཟའ་ལྷག་པའི་འཆད་ཁྲིད་ཐེངས༦༤པ། 
༄༅།།ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་འབྲེལ་དྲིལ་བསྒྲགས་བྱ་བའི་སྐོར་གླེང་བ
འཆད་ཁྲིད་མཁན། མགོན་པོ།
周三讲堂六十四期
《党的治藏方略与涉藏宣传工作》
主讲人:公保

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་འབྲེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་གཅེས་ཁྲིམས་སྲུང་། ཆོས་གཅེས་དམ་གཙང་། ནུས་ལྡན་ལས་འཇོན་གྱི་དུས་རབས་གསར་པའི་དགེ་འདུན་པའི་དཔུང་སྡེ་གསོ་སྐྱོང་བྱ་ཆེད། ཟླ༡༢ཚེས༢༠ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཟུར་བ་མགོན་པོ་ལགས་ཀྱིས་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོར“ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་འབྲེལ་དྲིལ་བསྒྲགས་ཀྱི་ལས་དོན་སྐོར་གླེང་བ”ཞེས་པའི་ཆེད་དོན་འཆད་ཁྲིད་གནང་། སློབ་གྲྭའི་ཡོངས་འཛིན་དང་། སློབ་མ། དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་འཆད་ཁྲིད་ལ་ཉན།

为全面贯彻落实习近平总书记关于涉藏工作的重要论述,深入理解新时代党的治藏方略,积极引导藏传佛教与社会主义社会相适应,推进藏传佛教中国化,培养一支爱国守法、爱教清净、博学善为的新时代僧才队伍,12月20日,中央统战部中国西藏信息中心原主任、党总支书记公保应邀到省藏语系佛学院作了题为“党的治藏方略与涉藏宣传工作 ”的专题讲座。学院全体经师、学员、教职工聆听了讲座。

འཆད་ཁྲིད་ལས་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་གི་ནང་དོན་ལ་ཁྱོན་ཡོངས་ནས་ཕྱིར་བལྟ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་གི་མཛུབ་ཁྲིད་བསམ་བློ། དམིགས་ཚད་བླང་བྱ། བྱ་ཐབས་གལ་ཆེན་བཅས་ཉིང་བསྡུས་ངང་བསྟན་པ་དང་། གཙོ་བོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་གནང་། ཁོང་གིས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཐད་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་ནན་བཤད་གནང་། ངེས་པར་དུ་བཅུའིནང་དུ་བོད་ཀྱི་ལས་དོན་སྒྲུབ་ཕྱོགས་ཡོངས་སུ་འདུས་ཤིང་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་།    རྩ་བའི་རང་བཞིན།    འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བཏབ། དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་གཞི་རྩའི་གཞི་འཛིན་ས་ཞིག་ཡིན།     

讲座中全面回顾党中央历次西藏工作座谈会内容,高度概括历次中央西藏工作座谈会指导思想、目标要求、重大举措,重点解读中央第七次西藏工作座谈会精神,强调新时代西藏工作必须全面贯彻落实习近平总书记提出的新时代党的治藏方略。“十个必须”涵盖西藏工作的各个方面,科学回答了新时代西藏工作一系列方向性、根本性、战略性重大问题,是进一步推进西藏经济社会发展和长治久安的基本遵循。

འཆད་ཁྲིད་ཁྲོད། མགོན་པོ་ལགས་ཀྱིསདུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲསཀྱི་རྒྱབ་ཤ་དཀར་པོའི་དེབ་དེ་གཞིར་བཟུང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། མི་རིགས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཡར་རྒྱས་བྱུང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཉིན་བཞིན་ཇེ་བརྟན་དུ་སོང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ་སོགས་ཕྱོགས་དྲུག་གི་ཐད་ནས་བོད་སྐྱོང་ཐད་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་ལ། དུས་མཚུངས་སུ་“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཚེ་གཞི་ནས་བོདཁམས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ཐུབ་པ་དང་། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་མི་ཆད་པར་རྩོམ་ཐུབ་ཅེས་ནན་བཤད་གནང་། དུས་མཚུངས་སུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་།    ཏང་གི་བཀའ་དྲིན་ཚོར་བ།   ཏང་གི་རྗེས་སུ་འབྲང་བ།   ཆབ་སྲིད་ཀྱི་ཐད་ནས་ཡིད་རྟོན་རུང་ཞིང་། ཆོས་ལུགས་ཀྱི་ཐད་ནས་ལུང་རིགས་ཀྱིས་ཕྱུག་པ། སྤྱོད་ལམ་གྱི་ཐད་ནས་ཀུན་གྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་པབཅས་ཀྱི་དུས་རབས་གསར་པའི་གྲྭ་བཙུན་ཕུལ་བྱུང་ཞིག་བྱ་དགོས་པའི་བླང་བྱ་བཏོན།

讲座中,公保以《新时代党的治藏方略的实践及其历史性成就》白皮书为依据,从新发展理念全面贯彻、精神文明建设成效明显、民族宗教工作扎实推进、社会大局持续安定向好、生态安全屏障日益坚实、民主法治建设不断加强等六个方面介绍了在新时代党的治藏方略的引领下,西藏各项事业取得的成就。强调抓好稳定、发展、生态、强边四件大事,才能确保西藏长治久安和高质量发展,不断谱写新时代西藏发展的新篇章。同时,勉励广大学员不负党和国家的期望,更加紧密团结在以习近平同志为核心的党中央周围,听党话、感党恩、跟党走,争做“政治上靠得住、宗教上有造诣、品德上能服众、关键时起作用”的新时代优秀僧才。

ཚང་མས་འཆད་ཁྲིད་ཀྱི་བརྗོད་དོན་གསལ་ཞིང་ནང་དོན་ཕུན་ཚོགས་གཏིང་ཟབ་པས་ཀུན་ལ་མྱོང་ཚོར་ཟབ་མོ་བཞག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་འཛུགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་གྲུབ་འབྲས་ཁོང་དུ་ཆུད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པར་བརྗོད།།    

大家纷纷表示,此次讲座主题鲜明、内容丰富、内涵深刻,深有感悟。对进一步铸牢中华民族共同体意识,理解并掌握新时代党的治藏方略及成果,推进民族团结进步事业等方面具有重要的指导作用。





མགོན་པོ་ལགས་ཀྱི་ངོ་སྤྲོད།
མགོན་པོ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཀྲུང་གོ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་དང་ཏང་ཙུང་ཀྲི་ཧྲུའུ་ཅི་ཟུར་བ་ཡིན་ལ། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འགོ་འཛིན། ཀྲུང་གོའི་བོད་ལྗོངས་དྲ་བའི་སྤྱི་ཁྱབ་ཀྱི་འགན་བཞེས་མྱོང་བ་མ་ཟད། སྔ་རྗེས་སུ་སློབ་ཆེན་གྱི་དགེ་རྒན་དང་ཞིང་ཆེན་རིམ་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་ཀ་བསྒྲུབས་མྱོང་། གཞན་ཡང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ཐིན་སོགས་སུ་གཞུང་ཞབས་པ་དང་། ཨ་རི་དང་རྒྱ་གར། ཨོ་སི་ཁྲུ་ལི་ཡ། ནེ་པ་ལ་སོགས་ཀྱི་ཀྲུང་གོ་རྒྱལ་ཁབ་ཀྱི་གཞུང་ཚབ་དོན་གཅོད་ཁང་དུ་དྲུང་ཡིག་དང་གཞུང་ཚབ་སོགས་ཀྱི་ལས་ཀ་གཉེར་མྱོང་བ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་དང་ཞིབ་འཇུག་པའི་འགན་ཡང་བཞེས་མྱོང་།།

  
   

མཁོ་འདོན་པ། རྡོ་རྗེ་ཚེ་བརྟན།

པར་བ། རིན་རྡོ།

དོ་དམ་པ།  ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་ཁུར་བ། ལིག་བཱེ། མགོན་པོ་ཚེ་རིང་། 




长按二维码

关注我们

互联网宗教信息服务许可证|编号:青(2022)1000002


青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章