为进一步推进藏传佛教中国化进程,积极引导藏传佛教与社会主义社会相适应,充分展示佛学院教育教学质量和水平,发挥学员学修风采,6月19日至26日,学院组织23名师生参加了第十九届海南州藏传佛教寺庙因明学答辩会。
འཇང་དགུན་ཆོས་ནི་ད་ལྟའི་བར་ལོ་ངོ་ཉེར་གཅིག་ལྷག་གི་ལོ་རྒྱུས་ཡོད་ལ།སྔོན་གྱི་ཕྱག་སྲོལ་ལྟར་འཇང་དགུན་ཆོས་སྟེང་ཚད་མ་རྣམ་འགྲེལ་ལ་སྦྱངས་པ་ཅུང་ཟད་ཚད་མཐོན་པོར་སླེབས་པ་དང་། སྦྱངས་པ་མཐར་སོན་པའི་དགེ་བའི་བཤེས་གཉེན་དག་གདན་འཛོམས་པའི་དམ་བཅའ་ཆེན་མོ་ལ་ཚད་ཆེན་དམ་བཅའ་དང་། རྣམ་འགྲེལ་ལ་སྦྱངས་པའི་ལས་དང་པོ་བ་སྟེ་བསྡུས་གྲྭ་དང་བློ་རྟགས་བཅས་ཀྱི་དམ་བཅའ་ལ་ཚད་ཆུང་དམ་བཅའ་ཟེར་བ་བཞིན། ཐེངས་འདིར་ཡང་ཚད་ཆེན་དམ་བཅའ་བརྒྱད་དང་ཚད་ཆུང་དམ་བཅའ་བརྒྱད་སྟེ་དམ་བཅའ་ཁག་བཅུ་དྲུག་ལ་བགོས་ཡོད།
姜贡曲是藏传佛教寺庙教育中独特的学习方式,也是检验僧人学修水平的重要方法。藏传佛教因明学答辩会在藏语中也称“姜贡曲”辩经会,历史悠久,影响甚远。海南州藏传佛教寺庙因明学答辩会在我省藏传佛教界享有盛名,至今已举办十九届。
རྒྱན་འཕངས་པ་ལྟར།ནང་བསྟན་སློབ་གྲྭ་ཉིན་བཞི་བའི་ཚད་ཆེན་གཞན་སེལ་དམ་བཅའ་ལ་བཞུགས་ཏེ་རང་རང་གི་སྤོབས་པ་དང་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ཏེ་ལན་གྱིས་ལྡོག་པ་ཅི་ནུས་ཀྱིས་མཛད། ཉིན་བརྒྱད་པའི་ཚད་ཆེན་བདེན་བཞིའི་སྐོར་ནས་ཆོས་སྒང་དགོན་པ་དང་རྟགས་གསལ་བཏང་ཏེ་གཞུང་གི་ས་བཅད་དང་འབྲི་འགྲེལ་སོགས་ཟབ་གསལ་མྱུར་གསུམ་གྱི་སྒོ་ནས་རིམ་པར་བཀྲལ་ཏུ་བཅུག་པས། དམ་བཅའ་དང་རྟགས་གསལ་གང་གི་སྐབས་སུ་ཡང་རང་རེའི་སློབ་མ་རྣམས་རྩ་འགྲེལ་ལ་ངེས་ཆ་བཟང་པ་དང་། རིགས་ལམ་གྱི་འགྲོ་སྟངས་ཡག་པ། ཀུན་སྤྱོད་ཀྱིས་གཞན་ཡིད་འགུག་པ་བཅས་སུ་གཞན་གྱིས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར།
为期8天的答辩会中,通过抽签,我院学员代表先后与海北州海晏县刚察大寺、海南州兴海县曲刚寺代表开展辩经,我院参会代表们秉持认真投入、相互尊重的态度,沉着应答、引经据典、阐发佛理,应对辩经员一轮又一轮的问难,他们机智回应、一一作答,充分展示了我院的教学成效和学修风采,受到其它寺院的一致好评。
ཐེངས་འདིའི་འཇང་དགུན་ཆོས་ལ་དགོན་སྡེ༢༡ལྷག་ཞུགས་པའི་ཁྲོད། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་ཕུལ་བྱུང་རྩ་འཛུགས་ལ་བདམས་ཐོན་བྱུང་བ་དང་།སློབ་མ་བློ་བཟང་དོན་ཡོད་ཕུལ་བྱུང་རྩོད་ཞུགས་པར་བདམས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཕུན་སུམ་ཚོགས་པ་འདིས་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་གཉེར་བ་ཚོའི་སློབ་སྦྱོང་ལ་སྐུལ་ལྕག་ཐེབས་པ་དང་། ཡིག་ཆ་སོ་སོའི་ཐུན་མོང་མ་ཡིན་པའི་བཞེད་པ་ངེས་པ།དགེ་བཤེས་དང་དཔེ་ཆ་བ་གང་བཟང་དག་གི་རིགས་ལམ་གཏོང་སྲོལ་ལ་ཉན་བསམ་བྱ་རྒྱུའི་གོ་སྐབས་གང་ལེགས་བསྐྲུན་ཡོད།།
此次因明学答辩会,共有21余座藏传佛教寺庙的代表参加,我院在此次活动中获“优秀组织奖”,参赛学员洛桑东姚获“最佳辩手”称号。此次答辩会,有效拓宽了师生视野,激发了学员学习积极性,同时为佛学院与我省藏传佛教寺庙搭建了交流交往、互相学习的平台。
长按二维码
关注我们
互联网宗教信息服务许可证|编号:青(2022)1000002