5月22日至28日,省藏语系佛学院举行2020级学衔班毕业论文答辩和学衔辩经考试,2020级智然噶依班、禅然修心班43名毕业学员参加毕业论文答辩和学衔辩经考试。
མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་དང་ཡོན་གནས་རྩོད་རྒྱུགས་ནི་བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་ལམ་ལུགས་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་ལ། དེར་དེང་རབས་སློབ་གསོའི་ཁྲོད་ཀྱི་དཔྱད་རྩོམ་བགྲོ་གླེང་གི་རྣམ་པ་ལྡན་ཞིང་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཆོས་རྩོད་བྱེད་སྟངས་ཀྱང་འདུས་ཡོད་པ་མ་ཟད། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཕུལ་བྱུང་གྲྭ་བཙུན་གསོ་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དེང་རབས་ཀྱི་སློབ་གླིང་རྣམ་པའི་སློབ་གསོ་དང་སྲོལ་རྒྱུན་གྱི་ཆོས་རའི་རྣམ་པའི་སློབ་ཁྲིད་ཟུང་འབྲེལ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན།
བགྲོ་གླེང་བྱེད་སྐབས། མཐར་ཕྱིན་སློབ་མས་བགྲོ་གླེང་ཨུ་ཡོན་རྣམས་ལ་སོ་སོའི་དཔྱད་རྩོམ་གྱི་ནང་དོན་དང་། ཞིབ་འཇུག་བྱ་ཐབས། གསར་གཏོད་ཀྱི་ཆ། ཞིབ་འཇུག་གི་གྲུབ་འབྲས། མཇུག་བསྡོམས་སོགས་རྒྱས་བཤད་བྱས་པ་དང་། ཨུ་ཡོན་ཚོས་ཐོག་མར་དཔྱད་རྩོམ་ལ་ལྟ་ཀློག་དང་སློབ་མའི་སྙན་ཞུ་ལ་ཉན་ཏེ། དཔྱད་རྩོམ་གྱི་བརྗོད་དོན་གཙོ་བོར་དམིགས་ནས་སློབ་མར་དྲི་བ་བཏོན་པ་དང་། སློབ་མས་དཔྱད་རྩོམ་གྱི་ནང་དོན་དང་སློབ་སྦྱོང་གི་ཤེས་བྱ་གཉིས་གཞིར་བྱས་ནས་དྲི་བ་རེ་རེར་ལན་བཏབ། མཐར་ཕྱིན་དཔྱད་རྩོམ་གྱི་ཨུ་ཡོན་རྣམས་ཀྱིས་སློབ་མ་ཡོངས་ལ་ནང་བསྟན་ཤེས་བྱ་དང་ཆེད་ལས་ཁ་ཕྱོགས་ཀྱི་རྨང་གཞི་བརྟན་པོ་ལྡན་ཞིང་། མཐར་ཕྱིན་དཔྱད་རྩོམ་དག་ལ་ཆེད་ལས་ཀྱི་ཁ་ཕྱོགས་རང་བཞིན་མངོན་གསལ་ལྡན་པ་དང་། སྒྲིག་གཞི་ལུགས་དང་མཐུན་པ་བཅས་མཐར་ཕྱིན་དཔྱད་རྩོམ་གྱི་ཚད་ལྡན་བླང་བྱ་དང་མཐུན་པ་རེད་ཅེས་བརྗོད་དོ།
在毕业论文答辩环节,学员展示了扎实的佛学专业基础和综合能力。他们详细阐述了论文的选题意义、研究方法、创新点及结论,并通过答辩委员会的严格提问,一一作答。评委们对学员们的论文质量给予了高度评价,认为这些论文在结构上合理、逻辑上清晰、内容上充实,且格式规范,充分融合了佛教传统与现代学术规范。
ཡོན་གནས་རྩོད་རྒྱུགས་ནི་སློབ་མའི་ནང་རིག་ཤེས་བྱ་དང་འཆད་རྩོད་ནུས་པ་ཚད་འཇལ་གྱི་གོ་རིམ་གལ་ཆེན་ཞིག་ཡིན། ཡོན་གནས་ཀྱི་མཐོ་དམན་ལ་གཞིགས་ཏེ་རྩོད་རྒྱུགས་ཀྱི་ནང་དོན་མི་གཅིག་ཏེ། དམའ་རིམ་ཡོན་གནས་འཛིན་གྲྭས་ཚད་མ་དང་ཕར་ཕྱིན་རྩོད་པ་བྱས་ཤིང་། འབྲིང་རམས་ཡོན་གནས་འཛིན་གྲྭས་དབུ་མ་དང་མཛོད། འདུལ་བ་བཅས་རྩོད་པ་བྱས། རྩོད་རྒྱུགས་ཁྲོད་དུ་མཐར་ཕྱིན་སློབ་མ་ཚོས་གཟབ་ནན་ཞིབ་ཚགས་ངང་གཞུང་ལུགས་ཀྱི་གནད་འབྱིན་པའི་ཆོས་རྩོད་ཞིབ་ཕྲ་གནང་སྟེ། ལོ་ངོ་བཞིའི་རིང་ནང་བསྟན་རིག་པའི་གཞུང་ལུགས་དང་། ཆེད་ལས་ཤེས་བྱ། འཆད་རྩོད་ནུས་རྩལ་ལ་སྦྱངས་པའི་ཤེས་བྱ་དང་ཡོན་ཏན་མངོན་པར་བྱས། དེར་ཕེབས་པའི་ཡོན་གནས་གཏན་འབེབ་ཀྱི་དཔང་བཞུགས་དགེ་རྒན་རྣམས་དང་རིགས་ལུང་པ་ཚང་མས་གདེང་འཇོག་ཆེན་པོ་གནང་།
ཐེངས་འདིའི་ཡོན་གནས་གཏན་འབེབ་ཀྱི་བྱ་བ་དྲང་བདེན་དྲང་བཞག་ཡོང་ཆེད། ཡོན་གནས་གཏན་འབེབ་ལ་ཡོན་གནས་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། རྩོད་རྒྱུགས་དམ་བཅའ་བཅས་རིམ་པ་གསུམ་བཀོད་སྒྲིག་བྱས་ཤིང་། ཡོན་གནས་རྩོད་རྒྱུགས་ཀྱི་བྱ་བ་ལེགས་པར་སྒྲུབ་ཆེད། སློབ་གྲྭས་ཞིང་ཆེན་ནང་ཁུལ་གྱི་གྲུབ་མཐའ་ཁག་གི་དགོན་སྡེ་ཁག་ནས་ནང་རིག་གི་རྨང་གཞི་བརྟན་ཞིང་རྩོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་འདུན་པ་བདམས་ནས་རིགས་ལུང་བའི་ཚོགས་པ་བཙུགས་ཏེ་རྩོད་རྒྱུགས་བྱ་བ་ལེགས་པར་བསྒྲུབས།
རྩོམ་འབྲི་བ། རྡོ་རྗེ་ཚེ་བརྟན།
ལོ་ཙཱ་བ། རྡོ་རྗེ་ཚེ་བརྟན།
པར་བ། རིན་འཛིན་རྡོ་རྗེ།
དོ་དམ་པ། རིག་འཛིན་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།
长按二维码
关注我们
互联网宗教信息服务许可证|编号:青(2022)1000002