青海省藏语系佛学院组织师生赴西宁市宏觉寺开展现场实践教学活动

学术   2024-11-06 17:14   青海  


༄༅།།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ཟི་ལིང་ཙོང་ཁ་དགོན་པར་ཕེབས་ཏེ་ཡུལ་དངོས་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་།རང་སློབ་གླིང་གི་ཡུལ་དངོས་སློབ་ཁྲིད་སྤུས་དག་ཅིག་ཡོང་ཆེད། ༢༠༢༤ལོའི་ཟླ༡༡པའི་ཚེས༡ཉིན།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ཟི་ལིང་ཙོང་ཁ་དགོན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ལ་ཡུལ་དངོས་སློབ་ཁྲིད་དུ་ཕེབས།

为深入学习贯彻习近平总书记考察青海时的重要讲话精神,深化师生爱国主义情怀,不断铸牢中华民族共同体意识,提高学院精品实践课教学成效,111日,由省藏语系佛学组织全体师生赴西宁市宏觉寺民族团结进步教育基地开展现场教学及观摩交流活动。

སྤྱི་ཟླ༦པའི་ཚེས༡༨ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟི་ལིང་ཙོང་ཁ་དགོན་པར་གཟིགས་ཞིབ་གནང་སྐབས་བསྟན་དོན། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཙོང་ཁ་དགོན་པ་འདི་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་བར་གྱི་སྦྲེལ་ཟམ་ལྟ་བུར་ཆགས་ཡོད་ལ།རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་གནས་དེར་སྲུང་སྐྱོབ་གང་ལེགས་བགྱིས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བཞག་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས།   དགེ་སློབ་ཡོངས་ཀྱིས་གཙོ་འཛིན་གྱི་ཞབས་རྗེས་སྙེག་ཅིང་། ཙོང་ཁ་དགོན་པའི་ཨ་ལགས་སྒར་བ་ངག་དབང་བཟང་བོ་ཚང་གིས་སྐུ་དངོས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་ཙོང་ཁ་དགོན་པའི་གཟིགས་ཞིབ་འགྲེམ་སྟོན་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་འགྲེམ་སྟོན་ཁང་སོགས་རེ་རེ་ནས་ངོ་སྤྲོད་གནང་བས། རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་ཕེབས་སྐོར་དང་ལང་ཇུ་མཇལ་འདུམ་སོགས་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་གནའ་དཔེ་སོགས་ཀྱི་ཐད་རྒྱུས་ལོན་བྱ་ཐུབ་པ་བྱུང་བ་མ་ཟད། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་རྣམས་དང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག  རྗེ་ཤེས་རབ་རྒྱ་མཚོ་སོགས་རྒྱལ་གཅེས་མི་སྣ་དབར་གྱི་བརྩེ་བ་ཟབ་མོ་དང་ཡིད་འགུལ་ཐེབས་པའི་མཛད་རྗེས་ལ་དྲན་གསོ་ཐེངས་ཤིག་བྱས།

618日,习近平总书记在西宁市城中区宏觉寺考察时指出,宏觉寺这座千年古刹,在增进历代中央政府与藏传佛教联系方面发挥了重要的桥梁纽带作用。要保护好这份珍贵的历史文化遗产,为铸牢中华民族共同体意识、促进民族团结进步作出新贡献。学院师生沿着领袖的足迹,在宏觉寺现任主持噶尔哇·阿旺桑波的讲解引导下,参观了宏觉寺习近平总书记考察西宁宏觉寺纪实馆青海省民族团结进步教育基地展览馆等展馆,了解了文成公主进藏”“凉州会盟等民族团结历史典故,重温了老一辈无产阶级革命家与十世班禅大师、喜饶嘉措大师等爱国人士间的深厚情谊和感人事迹。

ཡུལ་དངོས་སློབ་ཁྲིད་མཇུག་སྒྲིལ་རྗེས། སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་དང་ཙོང་ཁ་དགོན་པའི་དགེ་འདུན་པ་རྣམ་པས་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་།    ཏང་གི་བཀའ་ལ་ཉན་པ།    ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་འོག དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཆོས་དོན་དགོངས་འགྲེལ་བྱས་ཏེ། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་ཁྲིད་སྟོན་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ཏེ་ནུས་པ་གང་ལེགས་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།   

参观结束后,学院师生代表与宏觉寺僧人开展座谈交流,大家纷纷表示,要以习近平总书记在青海考察重要讲话精神为指引,团结广大信教群众坚定不移地感党恩、听党话、跟党走,始终坚持我国宗教中国化方向,以社会主义核心价值观为引领,对教义教规作出符合时代进步要求的阐释,团结引导信教群众积极主动投身中国式现代化新青海建设中发挥积极作用。

སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སྐུ་ཕྱོགས་ཨོའུ་རྒྱ་ཚང་གིས་གསུངས་རྒྱུར།    ཐེངས་འདིའི་རྒྱལ་གཅེས་རིང་ལུགས་ཀྱི་ཡུལ་དངོས་སློབ་ཁྲིད་བྱས་པ་འདིས། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།    མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།    ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ངོས་ནས་ནང་བསྟན་བློ་སྦྱོང་ལ་ཤུགས་བསྣན་ཏེ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།   བོད་བརྒྱུད་ནང་བསྟན་ལས་ཆོས་ལུགས་ཞི་མཐུན།  སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་བཅས་དང་འབྲེལ་བའི་གསུང་རབ་སྔོག་འདོན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ཆོས་ལུགས་ལས་རིགས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས། 

教务处副处长悟嘉活佛在座谈中表示,此次爱国主义现场教学活动对于宗教界传承和弘扬爱国主义精神,促进民族团结具有重要的示范和推动作用。作为宗教界人士,我们要起到模范带头作用,加强自身修养、精进佛法学识,继承和弘扬藏传佛教爱国爱教优良传统,深入挖掘藏传佛教在促进宗教和顺、社会和谐、民族和睦中的经典故事,为铸牢中华民族共同体意识、促进民族团结进步作出宗教界贡献。

དགེ་རྒན་ཨོ་རྒྱན་གྱིས་བཤད་རྒྱུར།ཐེངས་འདིའི་བྱ་འགུལ་བརྒྱུད།ད་ཡོད་ཀྱི་བདེ་སྐྱིད་འཚོ་བར་སྔར་བས་གཅེས་འཛིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བོདབརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཧུར་ཐག་གིས་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་ལ་སློབ་སྦྱོང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་།རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས་མི་རིགས་འགྲིག་མཐུན་དང་། ཆོས་ལུགས་ཞི་མཐུན།སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།    

吴杰老师说,通过此次活动,将倍加珍惜当下幸福生活,坚持以习近平总书记考察青海重要讲话精神为指引,始终坚持藏传佛教中国化方向,努力学习党的宗教政策和法律法规,自觉维护祖国统一和民族团结,不断增强国家意识、公民意识、法治意识,不断巩固民族和睦、宗教和顺、社会和谐良好局面。

དེ་གཞན་ད་དུང་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་རིག་གནས་དངོས་མང་བཤམས་སྟོན་ཁང་བཅས་སུ་ལྟ་སྐོར་དུ་ཕྱིན། ཁྱོན་བསྡོམས་དགེ་སློབ༢༦༠ཐེངས་འདིའི་ཡུལ་དངོས་སློབ་ཁྲིད་དུ་ཞུགས་སོ།།

此次活动还参观了青海省博物馆、青海省藏文化博物馆等地,共有260名师生参加。



རྩོམ་འབྲི་བ། རྟ་མགྲིན་དབང་རྒྱལ།
ལོ་ཙཱ་བ། རྟ་མགྲིན་དབང་རྒྱལ།
པར་བ། རིག་འཛིན་རྡོ་རྗེ།
དོ་དམ་པ། ཤ་བོ་རིན་ཆེན།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002



青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章