中华优秀传统文化大讲堂|第69期《中华文化与文字演变》吉太加

学术   2024-05-24 10:04   青海  





 

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་ཁྲིད་ཆེན་མོ་ཐེངས༦༩པ། 

ཀྲུང་ཧྭའི་རིག་གནས་དང་ཡི་གེའི་འཕེལ་འགྱུར》

འཆད་ཁྲིད་མཁན།ལྕགས་ཐར་རྒྱལ།

中华优秀传统文化大讲堂|第69期

《中华文化与文字演变》

主讲人:吉太加

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཆེར་དར་སྤེལ་གཏོང་བ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད། སློབ་གྲྭས་ཞིང་ཨུད་བོད་འབྲེལ་བྱ་བའི་གཞུང་ལས་ཁང་གིས་པར་འགྲེམས་བྱས་པའིཞིང་ཆེན་ཡོངས་ཀྱི་ཆོས་ལུགས་པའི་སྡེ་རུ“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་ཁྲིད་ཆེན་མོའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞིགཞིར་བཟུང་སྟེ། ཟླབའི་ཚེས༡ཉིན། ངེད་སློབ་གྲྭས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་གདན་ཞུས་བྱས་ཏེཀྲུང་ཧྭའི་རིག་གནས་དང་ཡི་གེའི་འཕེལ་འགྱུརཞེས་པའི་འཆད་ཁྲིད་སྤེལ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ༢༠༠ལྷག་འཆད་ཁྲིད་ལ་ཞུགས།

为大力弘扬中华优秀传统文化,深入推进宗教中国化青海实践,根据省委涉藏办印发的关于在全省宗教界开展中华优秀传统文化大讲堂活动的方案5月15日,省藏语系佛学院组织举办中华优秀传统文化大讲堂,特邀青海师范大学吉太加教授作了题为中华文化与文字演变的讲座,省藏语系佛学院200余名师生聆听讲座。

དགེ་རྒན་ལྕགས་ཐར་རྒྱལ་ལགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུ་གཙོ་རྐང་དུ་བཟུང་ནས། ཡི་གེ་ནི་མིའི་རིགས་ཀྱི་ཤེས་རིག་གི་རྨང་རྡོ་ལྟ་བུ་ཞིག་ཡིན་པའི་ཆ་ནས་དེའི་འཕེལ་འགྱུར་གྱི་བརྒྱུད་རིམ་གྱིས་ལོ་རྒྱུས་ཀྱི་འགྱུར་ལྡོག་མཚོན་ཡོད་པར་མ་ཟད། མིའི་རིགས་ཀྱི་བློ་གྲོས་མངོན་པར་བྱས་ཡོད། གནའ་བའི་རི་མོའི་མཚོན་རྟགས་དང་ཐ་གུའི་ཡི་གེ་ནས་དེང་རབས་ཀྱི་ཡིག་གཟུགས་ཚད་ལྡན་དང་གཅིག་གྱུར་བྱུང་བའི་བར། ཡི་གེ་དེ་རྒྱུན་ཆད་མེད་པར་གསར་བཅོས་བྱེད་པའི་གོ་རིམ་ཁྲོད་རིམ་བཞིན་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་སྟེ། ལོ་རྒྱུས་ཟིན་ཐོ་འགོད་པ་དང་། རིག་གནས་རྒྱུན་འཛིན་བྱེད་པ། བསམ་བློ་མཚོན་བྱེད་བཅས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། གཞན་ད་དུང་འཛམ་གླིང་ཡོངས་ཀྱི་གནའ་བོའི་ཡི་གེའི་རིགས་དབྱེ་དང་དེའི་འཕེལ་འགྱུར་གྱི་གོ་རིམ་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། སྤྱི་ཚོགས་ཡར་ཐོན་དང་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཡི་གེ་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་པ་གསལ་སྟོན་བྱས་ཡོད། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་བོད་ཡིག་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ཆ་ནས། བོད་ཡིག་གིས་བོད་ཀྱི་རིག་གནས་ཀྱི་འཕེལ་རིམ་ཟིན་ཐོར་བཀོད་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱང་ཟིན་ཐོར་བཀོད་ཡོད་ལ། རིག་གནས་ཀྱི་བསྟན་དོན་གྱ་ནོམ་པ་ཞིག་དང་རིག་པའི་བཅུད་ཟབ་མོ་ཞིག་ཀྱང་རྒྱུད་འཛིན་བྱས་ཡོད་པར་བསྟན།

讲座中,吉太加教授以弘扬和传承中华优秀传统文化为主线,深入阐述了文字作为人类文明的基石,其演变历程不仅见证了历史的沧桑变迁,更展现了人类智慧的璀璨光芒。从远古图画符号和绳结文字到现代字形的规范统一,文字在不断地适应、创新中逐步发展完善,成为记录历史、传承文化、表达思想的重要工具。还系统梳理了世界范围内古老文字的种类及其演变历程,揭示了文字在推动社会进步、文化传承中的不可替代作用。藏文化是中华文化的重要组成部分,而藏语文字作为传承藏文化的重要载体,不仅记录了藏文化发展历程,更是记录了中华民族的辉煌历史,传承了深厚的文化底蕴和智慧结晶。

2023ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་ཀུན་རྣམ་རྒྱལ་གྱིས་བཤད་རྒྱུར། ཡི་གེ་ནི་མིའི་རིགས་ཀྱི་ཤེས་རིག་གི་རྨང་རྡོ་ལྟ་བུ་ཡིན་པའི་ཆ་ནས། དེས་སྤྱི་ཚོགས་ཡར་ཐོན་དང་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བའི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ཁོ་རང་ཉིད་ནི་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་མ་ཞིག་ཡིན་ངོས་ནས། སྔར་བས་རང་འགུལ་གྱིས་སྒོ་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ཏེ། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བ་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་རྒྱུ་ཡིན་ཟེར། 

2023级智然噶依班学员更南加深刻体会,文字作为人类文明的基石,在推动社会进步、文化传承方面发挥着不可替代的作用。作为省藏语系佛学院的学员,他将更加主动投身于国家通用语言文字的学习,为推动中华文化的繁荣发展贡献自己的力量。

2021ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་ཡེ་ཤེས་ཕུན་ཚོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་འཆད་ཁྲིད་ཉན་པ་བརྒྱུད་ཁོས་འཛམ་གླིང་ཡོངས་ཀྱི་གནའ་བོའི་ཡི་གེའི་རིགས་དབྱེ་དང་དེ་དག་གི་འཕེལ་འགྱུར་གོ་རིམ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པ་མ་ཟད། བོད་ཡིག་གི་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ཐུན་མོང་མ་ཡིན་པའི་རིན་ཐང་ལ་ཁོས་ངོས་འཛིན་དེ་བས་བྱེད་ཐུབ་ཡོད། ཁོ་རང་ཉིད་ཀྱང་ནང་བསྟན་སློབ་གླིང་གི་སློབ་མ་ཞིག་ཡིན་པའི་ངོས་ནས། ཁོས་བློ་ཁོག་སྔར་བས་ཡངས་བར་བྱས་ཏེ། སྤྱོད་ལམ་ཏན་ཏིག་གི་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་ཁྲོད་ཞུགས་ཏེ། ཀྲུང་ཧྭའི་རིག་གནས་གསར་གཏོད་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།

2021级智然噶依班学员叶西彭措表示,此次讲座不仅让他对世界范围内古老文字的种类及其演变过程有了更为全面的了解,更让他认识到藏语文字在弘扬和传承中华文化的独特价值。作为一名佛学院学员,他将秉持更加开放的心态,以扎实的行动投身于中华优秀传统文化的学习与传承之中,为推动中华文化的创新发展不懈努力。

ཐེངས་འདིའི་འཆད་ཁྲིད་བརྒྱུད་དགེ་སློབ་ཡོངས་ཀྱིས་ཡི་གེ་ནི་མི་རིགས་དང་རྒྱལ་ཁབ་ལ་མཚོན་ན་དོན་སྙིང་གལ་ཆེན་ཡོད་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། དེས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་མ་ཟད། ཀྲུང་ཧྭའི་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་ཆགས་སྟངས་ལའང་ནུས་པ་གལ་ཆེན་ཐོན་ཡོད་པར་ངོས་འཛིན་གཏིང་ཟབ་ཐོབ། འཆད་ཁྲིད་འདིས་དགེ་སློབ་ཡོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆོད་སེམས་ཇེ་བརྟན་དུ་བཏང་བ་དང་། ཚང་མས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་འབུལ་རྒྱུ་ཡིན།

吉太加教授的讲座让全体师生深刻认识到文字对民族和国家的重要意义,藏文化作为中华文化的重要组成部分,不仅丰富了中华文化的内涵,更在中华民族的多元一体格局中发挥了举足轻重的作用。此次讲座坚定了师生们传承和弘扬中华优秀传统文化的决心,大家将以更加饱满的的热情和扎实的行动,努力学习国家通用语言文字,不断铸牢中华民族共同体意识,为中华文化的繁荣发展贡献积极力量。

  
   
རྩོམ་འབྲི་བ། བསོད་ནམས་དར་རྒྱས།
ལོ་ཙཱ་བ། བསོད་ནམས་དར་རྒྱས།
པར་བ། རིག་འཛིན་རྡོ་རྗེ།
དོ་དམ་པ།  རིག་འཛིན་རྡོ་རྗེ།
རྩོམ་སྒྲིག་འགན་ཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།  


长按二维码

关注我们

互联网宗教信息服务许可证|编号:青(2022)1000002



青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章