省藏语系佛学院举办中华优秀传统文化主题系列读书会活动

学术   教育   2024-03-27 17:10   青海  

༄༅།།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྗོད་དོན་གྱི་མུ་འབྲེལ་དཔེ་ཀློག་བྱ་འགུལ་སྤེལ།


ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱ་ཆེར་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། ནང་བསྟན་སློབ་གྲྭའི་སློབ་གསོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཉིས་མཉམ་འདྲེས་བྱེད་པ། དཔེ་ཀློག་བྱ་འགུལ་གྱི་སྟེགས་བུ་བསྐྲུན་ནས་དགེ་སློབ་ཀུན་གྱི་དཔེ་ཀློག་གི་སྤྲོ་བ་བསྐྱེད་པ་བཅས་ཀྱི་ཆེད་དུ། 2024ལོའི་ཟླ3པའི་ཚེས20ཉིན། རང་སློབ་གྲྭསཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཐད་ཀྱི་རང་རྟོན་བརྟན་པོར་གཏོང་བཞེས་པའི་དཔེ་ཀློག་བྱ་འགུལ་སྐབས་དང་པོ་སྤེལ་བ་རེད།

为大力弘扬和传承中华传统文化,深入推进佛学院教育教学与中华优秀传统文化相融合,进一步建立健全读书会常态化管理运行机制和激励机制,激发师生读书热情,营造良好读书氛围,2024320日,省藏语系佛学院举办首届弘扬优秀传统文化,坚定中华文化自信主题读书会活动。

སློབ་གྲྭ་ཡོངས་ནས་ཐེངས་འདིའི་དཔེ་ཀློག་བྱ་འགུལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དཔེ་ཀློག་བྱ་འགུལ་གྱི་གྲྭ་སྒྲིག་ཚོགས་འདུའི་ཁྲོད། སློབ་གྲྭའི་འགོ་ཁྲིད་ཚོས་སྣེ་ལེགས་པོ་ཁྲིད་དེ། དགེ་བཟོ་བ་ཡོངས་ལ་ཁ་ཕྱོགས་ནས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྐོར་གྱི་དཔེ་ཀློག་གི་མྱོང་ཚོར་གླེང་པ་དང་། རྒྱུན་དུ་དཔེ་ཆ་བཀླག་དགོས་པ་དང་དཔེ་ཆ་ལེགས་པོ་བཀླག་དགོས་པར་སྐུལ་སློང་བྱས་པ་རེད། 

此次读书会活动受到全院上下高度重视,在前期读书会部署会议中,院领导班子成员带好头,作表率,面向全体教职工,围绕中华优秀传统文化分享了读书心得。同时呼吁全体教职员工多读书、读好书,深化对中华文化的认识,增强对中华文化的认同。

བྱ་འགུལ་ཁྲོད། དགེ་སློབ་རྣམས་ཀྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཀྱིས་བགྲོ་གླེང་བྱས་ཤིང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་དགེ་རྒན་ལྔ་དང་སློབ་མའི་འཐུས་ཚབ་བརྒྱད་ཀྱིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བསམ་བློ་དང་མཚན་ཉིད་རིག་པ། རྩོམ་རིག་དང་སྒྱུ་རྩལ། ཆོས་ལུགས་དང་དད་མོས་སོགས་ཀྱི་ནང་དོན་བརྗོད་གཞིར་བཟུང་སྟེ། རང་སོ་སོའི་དཔེ་ཀློག་གི་མྱོང་ཚོར་གླེང་བ་རེད།

读书会活动中,5名国家通用语言文字课教师和8名学员代表围绕中华传统文化中的思想与哲学、文学与艺术、宗教与信仰等内容,全程使用国家通用语进行探讨交流,分享各自的读书体会。

2022ལོའི་རྒྱ་ཡིག་མཐོ་རིམ་འཛིན་གྲྭའི་སློབ་མ་སངས་རྒྱས་རྒྱ་མཚོས་དཔེ་ཀློག་གི་མྱོང་ཚོར་གླེང་སྐབས་བཤད་རྒྱུར། ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས། ང་ཚོར་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུའི་འོས་འགན་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ན། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་དུས་རབས་འཕེལ་རྒྱས། སྐྱོན་བྲལ་ཡར་ཐོན་གྱི་ནང་དོན་སྔོག་འདོན་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་ཞིང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འགྲེལ་བཤད་བྱེད་དགོས་ཞེས་ཟེར།

2022级汉语高级班学员桑杰尖措在分享读书体会时说:作为宗教界人士,我们有义务弘扬和继承中华优秀传统文化。坚持藏传佛教中国化方向,就是要用社会主义核心价值观、中华优秀传统文化浸润藏传佛教,深入挖掘藏传佛教教义教规中有利于社会和谐、时代进步、健康文明的的内容,作出符合国家发展进步要求、符合中华优秀传统文化的阐释。” 

2021ལོའི་རྒྱ་ཡིག་དམའ་རིམ་འཛིན་གྲྭའི་སློབ་མ་སྐལ་བཟང་ཉི་མས་བཤད་རྒྱུར། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་པའི་གྲྭ་བཙུན་ཞིག་ཡིན་ན། ཤེས་ཡོན་ལྡན་པའི་མི་ཞིག་ཡིན་དགོས་པར་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་མི་ཞིག་ཀྱང་ཡིན་དགོས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་། ཆོས་ལུགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་ལ་ནུས་པ་འདོན་ཐུབ་དགོས་ལ། “ཚད་ཐིག་བཞི”ནམ་ཡང་ལག་ལེན་དུ་བསྟར་ཐུབ་དགོས་ཞེས་ཟེར།

2021级汉语初级班学员尕桑尼玛表示,通过此次读书会,让我深刻地意识到作为新时代藏传佛教僧人,不仅要做一名学识渊博的人,还要做一名爱国爱教的人,为社会稳定、宗教和谐、民族团结发挥宗教界的作用。并表示藏传佛教僧人要始终践行四条标准,先做到政治上靠得住,再做到宗教上有造诣

དགེ་རྒན་གྱི་འཐུས་ཚབ་རིན་ཆེན་རྡོ་རྗེས་བཤད་རྒྱུར། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཏེ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་ན་ཀྲུང་ཧྭའི་རིག་གནས་ལ་སྔར་ལས་ལྷག་པར་རྒྱུས་ལོན་དང་ཤེས་རྟོགས་བྱ་ཐུབ་ཅིང་། “ངོས་ལེན་ལྔ”ཇེ་ཟབ་ཏུ་འགྲོ་ཐུབ་ཟེར།

教师代表仁钦多杰表示,学习国家通用语言文字是铸牢中华民族共同体意识的重要途径,只有努力学习国家通用语言文字,才能更好地了解中华文化,增进五个认同

ཐེངས་འདིའི་ཀྲུང་ཧྭའི་རིག་གནས་བརྗོད་དོན་གྱི་དཔེ་ཀློག་བྱ་འགུལ་བརྒྱུད་ནས། སློབ་གྲྭའི་དགེ་སློབ་ཡོངས་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྐོར་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ཞིང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ངེས་ཤེས་ཇེ་ཟབ་དང་། སློབ་མར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་སྐུལ་སློང་བྱས་པ་རེད།
 

此次中华文化主题读书会是学院精品活动课的重要内容,也是中华传统优秀文化进校园的一个具体形式,为全院师生提供了一个交流和探讨中华传统文化的平台,进一步加强了学员对中华传统文化的了解,激发了学员学习国家通用语言文字的积极性和主动性。

སློབ་གྲྭའི་དགེ་རྒན་ཡོངས་དང་། ཡོངས་འཛིན་ཁ་ཤས། འཛིན་གྲྭ་སོ་སོའི་སློབ་མའི་འཐུས་མི་བཅས་ཁྱོན་མི80ལྷག་ཙམ་དཔེ་ཀློག་བྱ་འགུལ་ནང་ཞུགས་པ་རེད།

学院公共文化课全体教师,部分经师,各班级学员代表,共80余人参加了此次读书会活动。

—END—



རྩོམ་འབྲི་བ། བསོད་ནམས་བཀྲ་ཤིས།

ལོ་ཙཱ་བ། བསོད་ནམས་བཀྲ་ཤིས།

པར་བ། རིག་འཛིན་རྡོ་རྗེ།

དོ་དམ་པ། ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་།ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002




青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章