省藏语系佛学院调研组赴全省藏传佛教寺院开展经师库建设专题调研
学术
教育
2024-04-23 11:18
青海
༄༅།།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་རྟོག་དཔྱོད་ཚོ་ཆུང་རང་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་ཏུ་ཕྱིན་ཏེ་དཔེ་ཁྲིད་དགེ་རྒན་གྱི་མཛོད་འཛུགས་སྐྱོང་གི་སྐོར་ལ་ཆེད་དོན་བརྟག་ཞིབ་བྱས།
ཞིང་ཆེན་ཏང་ཨུའི་བོད་བརྒྱུད་ནང་བསྟན་དཔེ་ཁྲིད་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིག་ཚན་སྣ་མང་ཞིང་ཤེས་ཡོན་ལྡན་པའི་བོད་བརྒྱུད་ནང་བསྟན་དཔེ་ཁྲིད་དགེ་རྒན་གྱི་མཛོད་འཛུགས་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་སློབ་ཁྲིད་ཞིབ་འཇུག་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱ་ཆེད། ༢༠༢༤ལོའི་ཟླ༤པའི་ཚེས༡ནས་ཚེས༡༥བར། སློབ་གྲྭས་མི་སྣ་རྩ་འཛུགས་བྱས་ཏེ་རང་ཞིང་ཆེན་གྱི་ཁུལ(གྲོང་ཁྱེར)བརྒྱད་ལ་སོང་ནས་བོད་བརྒྱུད་ནང་བསྟན་དཔེ་ཁྲིད་དགེ་རྒན་གྱི་མཛོད་འཛུགས་སྐྱོང་གི་སྐོར་ལ་ཆེད་དོན་བརྟག་ཞིབ་བྱས།为深入贯彻落实省委关于加强我省藏传佛教经师队伍建设的重要指示精神,建立门类齐全、学识渊博、力量雄厚的青海省藏传佛教经师库,进一步提高藏传佛教中国化教学研究水平,2024年4月1日至15日,省藏语系佛学院组织人员赴我省8个州(市)开展藏传佛教经师库建设专题调研。
རྒྱལ་གཅེས་ལས་བཀུར་དང་། མཁས་བཙུན་བཟང་གསུམ་གྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཛིན་སྐྱོང་བྱ་རྒྱུའི་སྔོན་འགྲོ་ཡིན་ལ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའང་ཡིན། རྟོག་དཔྱོད་ཚོ་ཆུང་སྔ་རྗེས་སུ་རང་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ༤༠ལྷག་ལ་ཕྱིན། ཕྱོགས་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། ས་གནས་ཁག་གི་འཐབ་ཕྱོགས་གཅིག་སྒྲིལ་དང་མི་རིགས་ཆོས་ལུགས་སྡེ་ཁག དགོན་པའི་དོ་དམ་ཁང་དང་ལྷན་དུ་བཞུགས་མོལ་བགྲོ་གླེང་བྱས་པ་བརྒྱུད། ས་ཁུལ་དང་དགོན་སྡེ་སོ་སོ་ན་བཞུགས་པའི་ཕུལ་བྱུང་དཔེ་ཁྲིད་དགེ་རྒན་དག་ལ་རྒྱུས་ལོན་ཟབ་མོ་བྱུང་། དེར་མ་ཟད། ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱི་རོགས་རམ་འོག་དཔེ་ཁྲིད་དགེ་རྒན་དག་གི་ཆབ་སྲིད་ཀྱི་རྣམ་འགྱུར་དང་ཆེད་ལས་ཀྱི་ཆུ་ཚད་སོགས་ལའང་ཞིབ་བཤེར་ནན་མོ་བྱས་སོ།建设好一支爱国敬业、立德树人、服务社会的高素质师资队伍是藏传佛教健康传承的基础保障,同时也是引导藏传佛教与社会主义社会相适应、推进藏传佛教中国化的基础性工作。调研中,工作组先后走访考察了我省40余座藏传佛教寺院,通过与各地统战民宗部门和寺院民管会座谈交流,深入寺院学经班进行观摩考察,广泛征求意见建议,极力挖掘了各地区、各寺院经师中的优秀人才和潜在资源,同时在各地统战民宗部门的协助下,详细审查了经师库备选人员的政治表现、专业特长和业务能力。
༢༠༢༤ལོའི་ཟླ༤པའི་ཚེས༡༦ཉིན། སློབ་གྲྭས་དཔེ་ཁྲིད་དགེ་རྒན་གྱི་མཛོད་འཛུགས་སྐྱོང་སྐོར་གྱི་སྤྱི་སྡོམ་ཚོགས་འདུ་འཚོགས་ཤིང་། ཐེངས་འདིའི་བརྟག་ཞིབ་དང་ལས་ཁུངས་དག་གིས་འོས་སྦྱོར་བྱས་པ་བརྒྱུད། ཚད་རིམ་མི་འདྲ་བ་དང་རིག་ཚན་མི་འདྲ་བའི་དཔེ་ཁྲིད་དགེ་རྒན༣༠༠ལྷག་གསར་ཐོན་བྱུང་ཞིང་། མ་འོངས་པར་སློབ་གྲྭས་ས་ཁོངས་དང་ཆོས་བརྒྱུད། ལོ་གྲངས་སོགས་ལ་བསམ་གཞིགས་གང་ལེགས་བྱས་ནས། སྒྲིག་གཞི་ལུགས་དང་མཐུན་ཞིང་། ཆེད་ལས་སྣ་མང་བ། ཆོས་བརྒྱུད་ཆ་ཚང་བའི་བོད་བརྒྱུད་ནང་བསྟན་དཔེ་ཁྲིད་དགེ་རྒན་གྱི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱས་ཏེ། རང་ཞིང་ཆེན་ལ“ཆབ་སྲིད་ཀྱི་ཐད་ནས་ཡིད་རྟོན་རུང་ཞིང་ཆོས་ལུགས་ཐད་ནས་ལུང་རིགས་ཀྱིས་ཕྱུག་པ། ཀུན་སྤྱོད་ཀྱི་ཐད་ནས་ཀུན་གྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་ཐོན་ཐུབ་པའི”དུས་རབས་གསར་བའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན།2024年4月16日,学院召开经师库调研工作总结会,经此次实地调研、单位推荐,共产生了300余名多层次、多学科经师库备选人员。下一步,学院将充分考虑地域分布、教派结构和年龄层次,精挑细选,优中选优,建设一支结构合理、专长互补、教派齐全的藏传佛教经师队伍,全面提高学院教育教学质量和水平,为我省培养更多“政治上靠得住,宗教上有造诣,品德上能服众,关键时起作用”的新时代藏传佛教知识型僧才。
བརྟག་ཞིབ་བྱེད་རིང་ལ། སློབ་གྲྭའི་ལས་དོན་ཚོ་ཆུང་གིས༢༠༢༠ལོའི་མཐར་ཕྱིན་འཛིན་གྲྭའི་སློབ་མ༤༣ལ་འཚམས་འདྲི་བྱས་ཤིང་། སློབ་མའི་དངོས་སྦྱོང་དང་མཐར་ཕྱིན་དཔྱད་རྩོམ་གྱི་འགྲུབ་ཚད་ལ་ཞིབ་བཤེར་བྱས་པ་དང་། དངོས་སྦྱོང་གི་འཚམས་འདྲིའི་དངུལ་ཡང་གནང་ངོ་།调研期间,工作组走访慰问了2020级毕业班43名实习学员,并对学员的实习情况、毕业论文撰写进度进行了督查,发放了实习慰问金。
རྩོམ་འབྲི་བ། བསོད་ནམས་བཀྲ་ཤིས། ལོ་ཙཱ་བ། བསོད་ནམས་བཀྲ་ཤིས།རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།
互联网宗教信息服务许可证|编号:青(2022)1000002