每周经典推荐第|第41期:《习近平的七年知青岁月》

学术   教育   2024-06-14 10:47   青海  


ཞི་ཅིན་ཕིང་གི་ལོ་ངོ་བདུན་རིང་གི་ན་གཞོན་ཤེས་ཡོན་པ་གྲོང་གསེབ་ཏུ་བསྐྱོད་པའི་ལོ་ཟླ

习近平的七年知青岁月

ཐེངས་འདིར་འོས་སྦྱོར་ཞུ་བྱ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་ཚེ་ལོ་རྒྱུས་ཀྱི་ཆ་ཤས་མཚོན་པའི་དངོས་བྲིས་ཀློག་དེབཞི་ཅིན་ཕིང་གི་ལོ་ངོ་བདུན་རིང་གི་ན་གཞོན་ཤེས་ཡོན་པའི་ལོ་ཟླཞེས་པ་ཡིན། དེབ་འདི་ཉིད་ཀྲུང་དབྱང་ཏང་གི་སློབ་གྲྭའི་བཅར་འདྲི་དངོས་བྲིས་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་བགྱིས་ཤིང་།༢༠༡༧ལོའི་ཟླ༨པར་ཀྲུང་དབྱང་ཏང་གི་སློབ་གྲྭའི་པར་སྐྲུན་ཁང་ནས་པར་དུ་སྐྲུན།རང་རེའི་དཔེ་མཛོད་ཁང་གི་དེང་རབས་ཀུན་འདུས་དཔེ་གཟིགས་ཁང་ལས་དཔེ་སྒྲོམ༢༩པ་སྟེ་ལོ་རྒྱུས་དང་ས་ཁམས་ཀྱི་ཚན་པར་དེབ་འདི་ཉིད་ཉར་ཡོད་ཅིང་དཔེ་འཚོལ་ཨང་རྟགས་ནིK-༢༩༠༠༩ཡིན།

每周经典推荐第四十一期:《习近平的七年知青岁月》

作者:中央党校采访实录编辑室

出版社:中共中央党校出版社

ISBN:9787503561634

索书号:K-29009

馆藏地点:现代综合图书室K区(历史、地理类)29号书架


དེབ་འདི་ནི་ཀྲུང་དབྱང་ཏང་གི་སློབ་གྲྭས་འཆར་འགོད་དང་རྩ་འཛུགས་བགྱིས་པའི་མུ་འབྲེལ་བཅར་འདྲི་དངོས་བྲིས་ཀྱི་དེབ་ཅིག་ཡིན། ༢༠༡༦ལོའི་ཟླ༡༡པའི་ཟླ་མཇུག་ནས༢༠༡༧ལོའི་ཟླ་༣པའི་ཟླ་དཀྱིལ་གྱི་དུས་ཡུན་ནང་ཀྲུང་དབྱང་ཏང་གི་སློབ་གྲྭའིབསླབ་གཉེར་སྐབས་དོན་ཚགས་པརསྟེང་དུ་མུ་འགོད་བྱས།

མུ་འབྲེལ་བཅར་འདྲི་དངོས་བྲིས་ཀྱི་དེབ་འདི་འདྲ་ཞིག་ལ་འཆར་འགོད་དང་རྩ་འཛུགས་བྱེད་པའི་དགོས་པ་ནི། གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་རྒྱུད་གླེང་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོ་གསར་བའི་རྗེས་སུ་འཚར་ལོངས་བྱུང་བའི་ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཅིག་པུ་ཡིན། ཁོང་རང་དཀའ་སྡུག་ཆེ་བའི་ན་ཆུང་གི་དུས་སྐབས་བརྒྱུད་མྱོང་ལ་བརྩོན་པར་འཇུག་པའི་ན་གཞོན་གྱི་སྐབས་ཀྱང་ཡོད་མྱོང་། གྲོང་གསེབ་རུ་ཆེན་གྱི་ཀྲི་པུའུ་ཧྲུའུ་ཅི་ནས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། སྤྱི་དམངས་ཕལ་བ་ཞིག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི། དམག་དཔོན་ཕལ་བ་ནས་དམག་ཨུ་ཀྲུའུ་ཞི་བཅས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་རིམ་པ་སོ་སོ་རུ་ཁོང་གིས་ཕྱག་ལས་གནང་མྱོང་། ནུབ་བྱང་ནས་ཧྭ་པེ་བར་དང་ཤར་ལྷོ་རྒྱ་མཚོའི་འགྲམ་རྒྱུད། ཀྲུང་གོའི་ནུབ་རྒྱུད་དང་དབུས་རྒྱུད། ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཏུ་ཁོང་གིས་འཚོ་བ་བསྐྱལ་མྱོང་ལ། ཞིང་བ་ནས་སློབ་ཆེན་སློབ་མ་དང་དམག་མི། ལས་བྱེད་མི་སྣ་སོགས་ཀྱི་འགན་ཡང་བཞེས་མྱོང་། ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོངདང་ལས་གནས་གལ་ཆེན་དག་ལས་ཐོབ་པའི་སྦྱོང་བརྡར། ཡུན་རིང་བའི་ཉམས་མྱོང་གསོག་འཇོག་བཅས་ནི་ཁོང་གིས་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་དར་སྤེལ་གཏོང་བ་ལ་མེད་དུ་མི་རུང་བ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ལ་སྣེ་ཁྲིད་དེ། དཀའ་ངལ་ཁྱད་སད་སྒོས་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བའི་སྒོ་མོ་ཕྱེས་པ་ནི། ཚད་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན་ཁོང་གི་ལག་ལེན་གྱི་རྨང་གཞི་བརྟན་པོ་དང་ཉམས་མྱོང་ཕུན་སུམ་ཚོགས་པ། གཞན་ཡང་དེ་ལས་ཐོབ་པའི་གནད་དུ་སྨིན་པའི་རིགས་པའི་བསམ་གཞིགས་སོགས་ལ་རག་ལས་པ་རེད། ལིང་ཅཱ་ཧེ་ཡི་ལོ་ངོ་བདུན་རིང་གི་ན་གཞོན་ཤེས་ཡོན་པའི་ལོ་ཟླ་ནི་ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཆེས་གལ་འགངས་ཆེ་བའི་བྱ་བཞག་ཅིག་ཡིན་པ་སྨྲས་མ་དགོས། དུས་སྐབས་དེའི་ལོ་རྒྱུས་ཀྱི་རྣམ་པ་སླར་གསོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་ཤེས་ཡོན་པ་གྲོང་གསེབ་ཏུ་བསྐྱོད་པའི་དཀའ་སྡུག་གི་འཚོ་བ་དང་། འཚར་ལོངས་ཀྱི་བརྒྱུད་རིམ་དག་ཡང་བསྐྱར་མཐོང་ལམ་དུ་འགྱུར་བར་བརྩོན་པའི་ལས་འདིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདས་སོང་དང་ད་ལྟའི་གཏམ་རྒྱུད་ལ་ཀུན་གྱིས་ཕྱོགས་ཡོངས་དང་ལོ་རྒྱུས་རང་བཞིན་གྱིས་རྒྱུས་ལོན་གསལ་བོ་བྱ་ཐུབ་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་རྐང་འཛིན་པ་དང་། ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་དོན་སྙིང་གལ་ཆེན་ལ་ཕྱོགས་ཡོངས་དང་ལོ་རྒྱུས་རང་བཞིན་གྱིས་ངོས་འཛིན་བྱེད་པར་རམ་འདེགས་ཀྱི་ནུས་པ་འདོན་པ་ཡིན། མ་ཟད་དོན་འདིས་མཐུན་སྒྲིལ་དམ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྐང་འཛིན་ཡིན་པའི་ཏང་ཀྲུང་དབྱང་གི་གཞོགས་སུ་ལངས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་བའོ།།

ང་ཚོས་འདི་འདྲའི་ཀུན་སློང་ཞིག་ལ་བརྟེན་ནས་གསར་འགོད་པ་གཞི་རིམ་དུ་བཏང་ནས།སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་འཚོ་བ་བསྐྱལ་མྱོང་བའི་སྡེ་མི་དང་།གྲོང་གསེབ་ཏུ་བསྐྱོད་པའི་ན་གཞོན་ཤེས་ཡོན་པ་དག་དང་མཉམ་དུ་ལབ་གླེང་བྱ་རྒྱུར་རྩ་འཛུགས་བྱས་པ་ཡིན། སྡེ་མི་རྣམས་དང་ན་གཞོན་ཤེས་ཡོན་པ་དག་གིས་དུས་སྐབས་དེའི་གཏམ་རྒྱུད་དག་བརྗོད་བྱུང་། འདས་སོང་གི་གཏམ་རྒྱུད་ཀྱི་རི་མོ་ཐ་དག་དྲན་འཛིན་གྱི་ཡོལ་རས་ངོས་སུ་སྔར་བཞིན་གསལ་བོར་མངོན་པ་དང་ཉན་པའི་ཚེ་ན་སྔར་བཞིན་ཡིད་སེམས་སྐྱོམ་པར་བྱེད་ལ་ཕྱིར་དྲན་བྱས་ཚེ་སྔར་བཞིན་བདེ་སྐྱིད་ལྡན་པ་ལ་ཨང་། ཁོང་ཅག་གིས་གླེང་བའི་གཏམ་རྒྱུད་ནི་ལོ་ངོ་བཞི་བཅུའི་ཡར་སྔོན་དུ་བྱུང་བ་དང་དྲན་འཛིན་གྱི་རི་མོ་ཐ་དག་འདས་སོང་གི་ལོ་ཟླའི་ཁྲོད་དུ་ལུས་ཡོད་ནའང་ལོ་ཟླའི་རླུང་འཚུབ་ཀྱིས་གསུབ་ག་ལ་ནུས། ལིང་ཅཱ་ཧེ་སྡེ་བའི་ལོ་རྒྱུས་ཁང་དང་ན་གཞོན་ཤེས་ཡོན་པའི་བྲག་ཁུང་གི་མདུན། གཞན་ཡང་ཧྲན་ཞིའི་རྫབ་རླངས་རྫིང་བུ་ཐོག་མའི་མདུན།ད་ལྟའང་སྔར་བཞིན་བྱེད་ནུས་བཏོན་དང་འདོན་བཞིན་པའི་ས་འདམ་ཆུ་རགས་ཀྱི་མདུན།ཀྲའོ་ཅཱ་ཧེ་ཡི་ན་གཞོན་ཤེས་ཡོན་པའི་ནགས་ཚལ་གྱི་མདུན་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་སྐབས་དེའི་རིང་ཞབས་རྗེས་འཁོད་མྱོང་བའི་ས་གནས་དེ་དག་ཏུ། ཁོང་གིས་མི་དམངས་དང་ལྷན་ཏུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་དང་འོ་ཆུ་མཉམ་འདྲེས་ཀྱི་སྦྱོར་བ་མཚོན་པའི་གཏམ་རྒྱུད། སློབ་ལ་བརྩོན་པའི་གཏམ་རྒྱུད། གཞན་ཡང་སྤྱི་ཁྱབ་ཧྲུའུ་ཅིས་དཀའ་སྡུག་གང་མང་ལ་གདོང་གཏད་དེ་བློ་རྩ་བརྟན་པོར་བཏང་བའི་མི་ཚེའི་སྦྱོང་བརྡར་གྱི་གཏམ་རྒྱུད་སོགས་གཏམ་རྒྱུད་རེ་རེ་ལ་གསན་ཐེངས་རེར། མི་རྣམས་ཀྱི་ནང་སེམས་ལའང་གཡོ་སྐྱོམ་རེ་རེ་དང་རྟོགས་སད་རེ་རེ་བསྐྱེད་པར་བྱེད་དོ།།

གོང་གསལ་གྱི་ནང་དོན་ཁག་ནི་དེབ་འདིའི་པར་སྐྲུན་གསལ་བཤད་ལས་བཏུས་ཏེ་བསྒྱུར་པའོ།།

《习近平的七年知青岁月》,是中央党校策划组织的系列采访实录,从2016年11月底到2017年3月中旬,在中央党校《学习时报》连载。

策划组织这个系列采访实录,主要是为了讲好习近平总书记的故事。习近平总书记是第一位出生和成长在新中国的中国共产党总书记。他有过曲折的少年时代,有过奋斗的青年时代。从农村大队党支部书记到党的总书记,从普通公民到国家主席,从普通军官到军委主席,他在党和国家各个领导层级都干过。从西北到华北,再到东南沿海地区,中国的西部、中部、东部地区他都待过,农民、大学生、军人、干部他都当过。这些丰富多彩的经历,这些重要岗位的历练,这些长时间的经验积累,对他担当重任、继往开来是不可或缺、至关重要的。党的十八大以来,习近平总书记之所以能够带领党和人民披荆斩棘、攻坚克难,全面开创中国特色社会主义事业新局面,很大程度上来自他扎实的实践基础、深厚的经验积累和由此而来的深邃理论思考。梁家河7年知青岁月,无疑是他人生经历中十分重要的起点。还原那段历史,再现习近平总书记知青时期的艰苦生活和成长历程,有助于人们更加全面、历史地了解总书记的过去和现在,更加全面、历史地认识党的十八届六中全会确立习近平总书记党中央核心、全党核心地位的重大意义,从而更加紧密地团结在以习近平同志为核心的党中央周围,为实现中华民族伟大复兴的中国梦而努力奋斗。

基于这样的初衷,我们组织记者深入基层一线,对当年那些与总书记同吃同住同劳动的乡亲和知青们进行面对面访谈。村民们、知青们谈起当年的故事,记忆依然那么清晰,说起来依然那么激动,回味起来依然那么幸福。他们述说的故事虽然发生在40多年前,珍贵的记忆虽然沉淀在流年岁月之中,但绝没有褪色。在梁家河村史馆和知青窑前,在陕西第一口沼气池前,在至今仍发挥效用的淤地坝前,在赵家河的知青林前,在习近平总书记当年留下足迹的那些地方,倾听着总书记与人民同甘共苦、水乳交融的故事,倾听着总书记刻苦读书学习的故事,倾听着总书记“苦其心志、劳其筋骨、饿其体肤、空乏其身”的历练故事,人们的心灵会一次次受到冲击和震撼,一次次得到洗礼和升华。 
                  ——摘自此书出版说明            


  

མཁོ་འདོན་པ།  རྡོ་རྗེ་དོན་འགྲུབ།

དོ་དམ་པ།   རིག་འཛིན་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་པ། མགོན་པོ་ཚེ་རིང་། ལིག་བཱེ། 





长按二维码

关注我们

互联网宗教信息服务许可证|编号:青(2022)1000002


青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章