青海省藏语系佛学院2021级禅然曼孜班学员赴海南州职业技术学校开展藏医药实训工作

学术   教育   2024-04-30 10:25   青海  


༄༅།།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི༢༠༢༡ལོའི་མཚན་རམས་སྨན་རྩིས་འཛིན་གྲྭའི་སློབ་མ་རྣམས་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཕྱིན་ཏེ་བོད་ལུགས་གསོ་རིག་གི་དངོས་སྦྱོང་ལ་ཞུགས།



ཕྱོགས་ཡོངས་ནས་སློབ་མའི་བོད་ལུགས་སྨན་པ་དང་སྨན་སྦྱོར་གྱི་གཞུང་ལུགས་ཆུ་ཚད་ལ་ཚད་འཇལ་བ་དང་། སློབ་མའི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ནུས་པ་ཆེ་རུ་གཏོང་ཆེད། ངེད་སློབ་གྲྭསམཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་དང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ལུགས་སྨན་པ་དང་སྨན་སྦྱོར་ཆེད་ལས་ཀྱི་སློབ་མ་མཉམ་འབྲེལ་སྒོས་གསོ་སྐྱོང་སྐོར་གྱི་ཇུས་གཞིགཞིར་བཟུང་སྟེ། ཉེ་ཆར། ༢༠༢༡ལོའི་མཚན་རམས་སྨན་རྩིས་འཛིན་གྲྭའི་སློབ་མ་སྒྲིག་འཛུགས་བྱས་ཏེ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཕྱིན་ནས་བོད་ལུགས་གསོ་རིག་གི་དངོས་སྦྱོང་བྱ་བ་ལ་ཞུགས།
为深入检验我院学员在藏医药理论方面的造诣,并切实提升其在临床实践中的专业技能,根据《青海省藏语系佛学院与海南州职业技术学校关于联合培养藏医药学专业学员的工作方案》,近日,我院组织2021级禅然曼孜班学员赴海南州职业技术学校开展藏医药实训工作。

དངོས་སྦྱོང་བྱེད་རིང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་གྱིས་སློབ་མ་ཚོར་བོད་ལུགས་སྨན་པའི་ཐོབ་ཐང་རྒྱུགས་བཤེར་གྱི་སྐོར་ནས་ཟུར་ཁྲིད་བྱས། ཁོང་ཚོས་བོད་ལུགས་སྨན་པའི་ཐོབ་ཐང་གི་རྒྱུགས་གཞི་དབྱེ་ཞིབ་དང་ནད་ཐོ་འབྲི་སྟངས། ཚོད་ལྟའི་རྒྱུགས་ལེན་སོགས་ཁྲིད་པ་བརྒྱུད་སློབ་མ་ཚོར་སྨན་པའི་ཐོབ་ཐང་ལག་ཁྱེར་དང་སྨན་རྫས་ཐོབ་ཐང་ལག་ཁྱེར་སྐོར་གྱི་རྒྱུགས་ཀྱི་ནང་དོན་ཁྱོན་ཡོངས་ནས་ཤེས་རྟོགས་དང་རྒྱུགས་ཀྱི་རྣམ་པ་ལ་རྒྱུས་མངའ་ལོན་ཐུབ་པར་བྱས། དེ་དང་ཆབས་ཅིག་བོད་སྨན་ངོས་འཛིན་དང་བོད་སྨན་སྡེབ་སྦྱོར་གྱི་སློབ་ཁྲིད་ཡང་བཀོད་སྒྲིག་བྱས་ཡོད་དེ། སློབ་མ་ཡོངས་བོད་སྨན་སྡེབ་པའི་བརྒྱུད་རིམ་ནང་ཞུགས་ཏེ་སྨན་གྱི་ངོས་འཛིན་དང་སྨན་སྦྱོར་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་ལོན་བྱས། གཞན་ཡང་དངོས་སྦྱོང་ཁྲོད་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ནུས་པ་གསོ་སྐྱོང་བྱ་རྒྱུའི་སྐོར་ནས་མཛུབ་སྟོན་བྱས། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་གདན་དྲངས་ནས་སློབ་མ་ཚོར་མེ་བུམ་འཇོག་སྟངས་དང་། མེ་བཙའ། ཁབ་བཙའ་སོགས་སྦྱོང་བརྡར་བྱེད་དུ་བཅུག་ནས་ནད་ཐོག་ལག་ལེན་ལ་རྨང་གཞི་བརྟན་པོ་བཏིང་།  
海南州职业技术学校为学员们提供了藏医助理资格考试辅导,通过系统的课程讲解、案例分析及模拟考试,使学员们全面理解医师资格证和医药资格证考试内容,熟悉考试形式,为将来的医师执业资格考试和执业药师考试做好充分准备。实训期间,学员亲手参与藏药炮制过程,从辨认、炮制到成药的完整流程,深刻体验了制作藏药的独特魅力,进一步加深了对藏药学的理解和认识。此外,实训还注重临床操作技能的培养。通过邀请经验丰富的老师进行现场演示与指导,学员们逐步掌握了藏医拔罐、艾灸及针灸等疗法的操作要领,为日后的临床实践打下了坚实基础。

ཐེངས་འདིའི་དངོས་སྦྱོང་ལས་དོན་གྱིས་སློབ་མའི་གཞུང་ལུགས་ཤེས་བྱའི་ཆུ་ཚད་ཇེ་མཐོར་བཏང་བ་མ་ཟད། ཁོང་ཚོའི་ནད་ཐོག་ལག་ལེན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ནས་རིགས་པའི་གཞུང་ལུགས་ཤེས་བྱ་དང་ལག་ལེན་དངོས་མཉམ་འདྲེས་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་། དེ་དང་ཆབས་ཅིག་ངེད་སློབ་གྲྭས་དེང་རབས་ཚན་རྩལ་ཁོང་དུ་ཆུད་པ་མ་ཟད། འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་ལྡན་ཞིང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་ཐུབ་པའི“ནང་ཆོས་དང་བོད་སྨན་གཉིས་ཀར་བྱང་ཆུབ་པའི་”ཚད་ལྡན་གྲྭ་པ་གསོ་སྐྱོང་བྱ་བར་ཡང་མཐུན་རྐྱེན་ཡག་པོ་བསྐྲུན།

此次实训工作有效提升了学员的理论知识水平,并全面强化了他们的临床实践能力,为理论知识与实际操作相融合,提供优质医疗服务奠定了坚实基础。同时,为我院培养既掌握现代科技,又传承卫生健康理念,更能弘扬优秀传统文化的“佛医兼通”的合格僧才迈出了一大步。

ཐེངས་འདིའི་དངོས་སྦྱོང་མཇུག་འགྲིལ་བ་དེས་ངེད་སློབ་གྲྭ་དང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ཀྱིས་མཉམ་ཏུ་སྒྲུབ་པའི༢༠༢༡ལོའི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་གྲྭ་བཙུན་གསོ་སྐྱོང་བྱེད་པའི་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད། རྗེས་མར་ངེད་སློབ་གྲྭས་མུ་མཐུད་དུ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ་འཛིན་གྲྭ་མཉམ་སྒྲུབ་ཀྱི་ཐབས་ལམ་སྔོག་འདོན་དང་། མཉམ་ལས་ཁྱབ་ཁོངས་ཇེ་ཆེར་བཏང་སྟེ་བོད་འབྲེལ་ས་ཁུལ་གྱི་དགེ་འདུན་པ་རྣམས་ཀྱི་ལས་རིགས་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན།

此次实训的圆满结束,标志着我院与海南州职业技术学校联合培养2021级藏医药专业僧才项目取得阶段性成果。下一步,我院将继续寻求与海南州职业技术学校形成长效机制,在适当时机进一步挖掘合作潜力,拓展合作领域,为提升涉藏地区僧人的职业技术水平做出新贡献。





རྩོམ་འབྲི་བ། རྡོ་རྗེ་ཚེ་བརྟན།

ལོ་ཙཱ་བ། རྡོ་རྗེ་ཚེ་བརྟན།

དོ་དམ་པ། ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002




青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章