青海省藏语系佛学院召开2024年学衔评定委员会会议

学术   教育   2024-05-31 08:58   青海  


མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོས༢༠༢༤ལོའི་བོད་བརྒྱུད་ནང་བསྟན་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཚོགས་འདུ་ཚོགས།



ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན། རང་སློབ་གྲྭས་བོད་བརྒྱུད་ནང་བསྟན་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཚོགས་འདུ་ཚོགས་ཤིང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཀྲུའུ་རིན་རྭ་ཁོ་ཚང་དང་། ཀྲུའུ་རིན་གཞོན་པ། ཨུ་ཡོན་བཅས་ཚོགས་ཞུགས་བྱས་ཤིང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གླིང་གཙོ་གཞོན་པ་གཡང་དཔལ་དང་། གླིང་གཙོ་གཞོན་པ་མགོན་པོ་ཚེ་རིང་། ཡུས་ཧྲུའུ་ཁུལ་ཡན་ལག་སློབ་གླིང་གི་འགན་འཁུར་མི་སྣ་བཅས་ཟུར་ཞུགས་བྱས་པ་རེད།

5月28日,我院召开青海省藏语系佛学院藏传佛教学衔评定委员会会议,青海省佛教协会会长、青海省藏语系佛学院藏传佛教学衔评定委员会主任拉科,副主任及委员会成员出席会议,省藏语系佛学院党委副书记、常务副院长杨华,副院长公保才让,玉树州分院相关负责同志列席会议。

ཚོགས་འདུའི་ཐོག  མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པས་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི༢༠༢༤ལོའི་འབྲིང་རམས་དང་མཚན་རམས་ཀྱི་ཡོན་གནས་དམ་བཅའ་སྐོར་གྱི་སྙན་ཞུ་ཕུལ་བ་དང་། ཡུས་ཧྲུའུ་ཁུལ་ཡན་ལག་སློབ་གླིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཡུས་ཧྲུའུ་ཁུལ་ཡན་ལག་སློབ་གླིང་གི༢༠༢༤ལོའི་མཚན་རམས་པའི་ཡོན་གནས་དམ་བཅའ་སྐོར་གྱི་སྙན་ཞུ་ཕུལ་ཞིང་། ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་ཡོན་གནས་རྒྱུགས་སྤྲོད་ཀྱི་བྱ་བར་དབྱེ་ཞིབ་བྱས་ཤིང་། ཡོན་གནས་གཏན་འབེབས་ཀྱི་མཇུག་འབྲས་ལ་གྲོས་ཐག་བཅད་པ་རེད།

会上,青海省藏语系佛学院藏传佛教学衔评定委员会副主任宣读了《关于青海省藏语系佛学院2024届中、初级学衔班学衔辩经考评工作的报告》,玉树州分院相关负责同志宣读了《关于青海省藏语系佛学院玉树州分院2024届初级学衔班学衔辩经考评工作的报告》,委员会全体成员就此次学衔考评工作进行了分析讨论,并对学衔评定结果进行了表决。

ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཀྲུའུ་རིན་རྭ་ཁོ་ཚང་གིས་བསྟན་དོན། བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་ལས་བྱུང་ཞིང་། ཆོས་བརྒྱུད་སོ་སོའི་སྲོལ་རྒྱུན་གྱི་སློབ་གཉེར་བྱེད་སྟངས་དང་ཡོན་གནས་ལམ་ལུགས་ལ་བརྩི་འཇོག་དང་རྒྱུན་འཛིན་བྱས་ཡོད་ལ། དེང་རབས་སློབ་གསོའི་ཡོན་གནས་སྤྲོད་ཐབས་ཀྱི་ཉམས་མྱོང་ཡང་བསྡུ་ལེན་བྱས་ཡོད། འདི་ནི་བོད་བརྒྱུད་ནང་བསྟན་སློབ་གཉེར་ལམ་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ལ་བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་ཡོན་གནས་ལམ་ལུགས་དེ་བོད་ལྗོངས་དང་བོད་འབྲེལ་ས་ཁུལ་གྱི་ཞིང་ཆེན་སོ་སོ་ནས་རིམ་བཞིན་རྩ་བ་རྒྱས་ཤིང་མྱུ་གུ་འབུས་པ་དང་། མེ་ཏོག་བཞད་ནས་འབྲས་བུ་སྨིན་ཡོད་ཅིང་། དེའི་ཤུགས་རྐྱེན་དང་སྤྱི་ཚོགས་ཁྲོད་ཀྱི་ཁས་ལེན་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། རང་ཞིང་ཆེན་ལ་མཚོན་ན། ༢༠༡༦ལོ་ནས་བཟུང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོས་བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་ལམ་ལུགས་ལག་བསྟར་བྱེད་མགོ་བཙུགས་ཤིང་། སྲོལ་རྒྱུན་གྱི་ཆོས་རའི་རྣམ་པའི་སློབ་ཁྲིད་དང་དེང་རབས་ཀྱི་སློབ་གླིང་རྣམ་པའི་སློབ་གསོ་ཟུང་འབྲེལ་ཅན་གྱི་སློབ་སྒྲུབ་བྱེད་སྟངས་བརྒྱུད་དེ། ཆབ་སྲིད་ཐད་ནས་ཡིད་རྟོན་རུང་ཞིང་། ཆོས་ལུགས་ཀྱི་ཐད་ནས་ལུང་རིགས་ཀྱིས་ཕྱུག་པ། སྤྱོད་ལམ་གྱི་ཐད་ནས་ཀུན་གྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་པའིབྱང་ཚད་མཐོ་བའི་གྲྭ་བཙུན་མང་པོ་གསོ་སྐྱོང་བྱས་ཡོད། མཐར་ཕྱིན་སློབ་མ་ཕལ་ཆེ་བ་དགོན་པར་ལོག་རྗེས། དགོན་པའི་དོ་དམ་དང་ཆོས་དོན་དགོངས་འགྲེལ། བསམ་བློའི་མཛུབ་སྟོན་སོགས་ཀྱི་ཐད་ནས་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད། དེས་རང་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཛིན་སྐྱོང་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་ཟེར།

青海省佛教协会会长、青海省藏语系佛学院藏传佛教学衔评定委员会主任拉科指出,藏传佛教三级学衔制度作为藏传佛教中国化的产物,既充分尊重和继承了各教派学经和学位制度的传统,又吸收了现代学位教育的经验和做法,满足了藏传佛教内部建立统一权威的学位制度的愿望,是藏传佛教学经制度的重大改革创新。他表示,近年来,藏传佛教三级学衔制度在西藏和四省涉藏地区逐步生根发芽,开花结果,其影响力和认可度在社会各界不断提升。对于我省来说,自2016年以来,省藏语系佛学院开始实行藏传佛教三级学衔制度,通过传统经院式教学和现代学院式教育相结合的新型办学模式,培养了一大批“政治上靠得住、宗教上有造诣、品德上能服众、关键时起作用”的高素质僧才,大部分毕业学员返回寺院后,在当地寺院管理、教义阐释、思想引领方面起到了中流砥柱作用,为推动我省藏传佛教健康传承发展、促进藏传佛教与社会主义社会相适应、推进藏传佛教中国化的青海实践奠定了坚实基础。

ཐེངས་འདིའི་ཡོན་གནས་དཔྱད་ཞིབ་གཏན་འབེབས་ཨུ་ལྷན་གྱི་ཚོགས་འདུ་བརྒྱུད་དེ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི༢༠༢༤ལོའི་མཐར་ཕྱིན་འཛིན་གྲྭའི་སློབ་མ༤༢ལ་ཡོན་གནས་ཀྱི་ཐོབ་ཐང་ཐོབ་ཅིང་། དེའི་ཁྲོད་སློབ་མ༡༦ལ་འབྲིང་རིམ་གྱི་ཡོན་གནས་ཐོབ་ཐང་ཐོབ་ཅིང་། སློབ་མ༢༦ལ་དམའ་རིམ་གྱི་ཡོན་གནས་ཐོབ་ཐང་ཐོབ། ཡུས་ཧྲུའུ་ཁུལ་ཡན་ལག་སློབ་གླིང་གི་སློབ་མ༡༢ལ་དམའ་རིམ་གྱི་ཡོན་གནས་ཐོབ་ཐང་ཐོབ་པ་རེད།

经此次学衔评定委员会会议研究,青海省藏语系佛学院2024届学衔班共有42名学员获得学衔资格,其中16名学员获得中级学衔资格,26名学员获得初级学衔资格。玉树州分院2024届初级学衔班共有12名学员获得初级学衔资格。





རྩོམ་འབྲི་བ། བསོད་ནམས་བཀྲ་ཤིས།

ལོ་ཙཱ་བ། བསོད་ནམས་བཀྲ་ཤིས།

པར་བ།  རིག་འཛིན་རྡོ་རྗེ།
དོ་དམ་པ། རིག་འཛིན་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ་ཚེ་རིང་། ལིག་བཱེ།




长按二维码

关注我们


互联网宗教信息服务许可证|编号:青(2022)1000002



青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章