中华优秀传统文化大讲堂|第66期 《藏传佛教对中华文化的贡献》旦正加

学术   教育   2024-04-04 11:36   青海  





 
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་ཁྲིད་ཆེན་མོ་ཐེངས༦༦པ། 
བོད་བརྒྱུད་ནང་བསྟན་གྱིས་ཀྲུང་ཧྭ་རིག་གནས་ལ་བཞག་པའི་མཛད་རྗེས
འཆད་ཁྲིད་མཁན།རྟ་མགྲིན་རྒྱལ།
中华优秀传统文化大讲堂六十六期
《藏传佛教对中华文化的贡献》
主讲人:旦正加


ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཆེར་དར་སྤེལ་གཏོང་བ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བྱང་ཚད་ཇེ་ཟབ་ཏུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་པའི་སྡེས་རང་འགུལ་ངང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱ་རྒྱུར་ཁྲིད་སྟོན་བྱེད་ཆེད། སློབ་གྲྭས་ཞིང་ཨུད་བོད་འབྲེལ་བྱ་བའི་གཞུང་ལས་ཁང་གིས་པར་འགྲེམས་བྱས་པའིཞིང་ཆེན་ཡོངས་ཀྱི་ཆོས་ལུགས་པའི་སྡེ་སུ“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་ཁྲིད་ཆེན་མོའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི གཞིར་བཟུང་སྟེ། ཟླ་གསུམ་པ་ནས་བཟུང་སློབ་གླིང་ཡོངས་ཀྱི“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་ཁྲིད་ཆེན་མོའི”མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས།

为大力弘扬中华优秀传统文化,深入推进宗教中国化青海实践,厚植中华优秀传统文化素养,引领藏传佛教界主动与中华优秀传统文化相融合,根据省委涉藏办印发的《关于在全省宗教界开展“中华优秀传统文化大讲堂”活动的方案》,省藏语系佛学院结合实际情况,细化实施方案,3月底正式启动全院“中华优秀传统文化大讲堂”系列活动。

ཟླ༣པའི་ཚེས༢༧ཉིན། ངེད་སློབ་གྲྭས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་ཁྲིད་ཆེན་མོ”སྐབས་དང་པོ་སྤེལ། ཐེངས་འདིར་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ལགས་གདན་ཞུས་བྱས་ཏེབོད་བརྒྱུད་ནང་བསྟན་གྱིས་ཀྲུང་ཧྭ་རིག་གནས་ལ་བཞག་པའི་མཛད་རྗེསཞེས་པའི་འཆད་ཁྲིད་སྤེལ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ༢༠༠ལྷག་འཆད་ཁྲིད་ལ་ཞུགས།

3月27日,省藏语系佛学院举办首届“中华优秀传统文化大讲堂”,邀请青海师范大学旦正加教授作了题为《藏传佛教对中华文化的贡献》的精彩讲座,省藏语系佛学院200余名师生聆听讲座。

ཐོག་མར་ནང་བསྟན་གྱི་འཕེལ་རྒྱས་བརྒྱུད་རིམ་ལ་དབྱེ་ཞིབ་ཟབ་མོ་གནང་ནས།  བོད་བརྒྱུད་ནང་བསྟན་དེ་ནང་བསྟན་གྱི་ཡན་ལག་གལ་ཆེན་ཞིག་ཡིན་པ་དང་། རིམ་བཞིན་ཁྱིམ་མཚེས་རྒྱལ་ཁབ་དང་ས་ཁུལ་འགའ་ཤས་སུ་དར་ཁྱབ་ཏུ་སོང་ནས། ཐུན་མོང་མ་ཡིན་པའི་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་མ་ལག་ཅིག་དུ་ཆགས་ཡོད། བོད་བརྒྱུད་ནང་བསྟན་དང་འབྲེལ་ཏེ་བོད་ཡིག་བྱུང་བ་དང་འོད་སྟོང་འཕྲོ་བའི་བོད་ཀྱི་རིག་གནས་ལོ་རྒྱུས་བསྐྲུན། བོད་བརྒྱུད་ནང་བསྟན་ཆོས་ལུགས་པས་མི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་རང་བྱུང་སྣོད་བཅུད་ཞིབ་འབྲི་བྱས་པར་བརྟེན་ནས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།

旦正加教授从佛教发展脉络出发,深入剖析了藏传佛教作为佛教重要分支的独特地位。藏传佛教不仅拓展至周边国家,形成特色教派体系,更与藏文相辅相成,共同见证了藏族文化的辉煌。其僧侣通过书写民族社会历史和自然生态,为中华文化注入了丰富内涵。同时,藏传佛教促进了不同文化间的交流与交融,如十世纪藏族僧人管法称在敦煌推动藏汉佛典互译,展现了文化的互补与共生。

མཇུག་ཏུ་བོད་བརྒྱུད་ནང་བསྟན་གྱིས་རིག་གནས་གཞན་དག་བསྡུ་ལེན་དང་མཉམ་འདྲེས་བྱས་པའི་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད་དེ། དཔེར་ན། ཀརྨ་པ་ཆོས་དབྱངས་རྡོ་རྗེས་བྲིས་པའི་རི་མོའི་བརྩམས་ཆོས་ལ་རྒྱ་ལུགས་དང་ལྷག་པར་དུ་འབྲི་ཆུའི་ལྷོ་རྒྱུད་ཀྱི་རི་མོའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་གིས་བྲིས་པའི་ཐང་གའི་ནང་རྒྱའི་ཞིབ་བྲིས་རི་མོའི་ལུགས་མངོན་གསལ་ཐོན་ཡོད་པ་དང་། དེས་ཀྲུང་ཧྭའི་རིག་གནས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་།གཞན་ཡང་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་གཅིག་གྱུར་དང་སྣོད་བཅུད་སྲུང་སྐྱོང་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

旦正加教授还强调了藏传佛教对中华书画方面的贡献。他提出藏传佛教绘画吸收和融合了其他文化元素,如十世噶玛巴曲英多吉等吸收中原山水画风格,开创了独特的唐卡画派,丰富和发展了中华文化。此外,旦正加教授还提到藏传佛教对推进国家统一、在保护生态环境方面发挥过重要的作用。

༢༠༢༣ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་ཀུན་རྣམ་རྒྱལ་གྱིས་བཤད་རྒྱུར། ཐེངས་འདིའི་འཆད་ཁྲིད་བརྒྱུད་བོད་བརྒྱུད་ནང་བསྟན་ཉིད་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དམིག་བསལ་གྱི་རིག་གནས་ཀྱི་དོན་སྙིང་ལྡན་པ་མ་ཟད། ད་དུང་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་དང་། རྒྱལ་ཁབ་གཅིག་གྱུར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཕུལ་ཡོད། དེར་བརྟེན་རང་ཉིད་ཀྱང་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཡིན་པའི་ཆ་ནས་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པར་འབད་བརྩོན་བྱས་ཏེ། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་རྒྱུ་ཡིན་ཞེས་ཟེར།

2023级智然噶依班学员更南加表示,通过此次讲座让我深刻认识到藏传佛教作为中华文化的重要组成部分,不仅具有深远的历史渊源和独特的文化内涵,还对发展中华文化、推进国家统一、保护生态环境作出了重要贡献。作为省藏语系佛学院的学员,我将更加努力地学习和传承藏传佛教优秀文化,为推动中华文化的繁荣发展贡献自己的力量。

༢༠༢༡ལོའི་མཚན་རམས་སྨན་རྩིས་འཛིན་གྲྭའི་སློབ་མ་བསོད་འཕེལ་གྱིས་བཤད་རྒྱུར། ཐེངས་འདིའི་འཆད་ཁྲིད་བརྒྱུད་བོད་བརྒྱུད་ནང་བསྟན་གྱིས་ཀྲུང་ཧྭའི་རིག་གནས་ལ་བཞག་པའི་མཛད་རྗེས་ལ་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་གྱིས་རིག་གནས་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་ཤེས། རང་ཉིད་ཀྱང་དུས་རབས་གསར་པའི་ནང་བསྟན་སློབ་གྲྭའི་སློབ་མ་ཞིག་ཡིན་པའི་ངོས་ནས་བློ་ཁོག་ཡངས་པོ་དང་ནན་ཏན་གྱི་སྤྱོད་ལམ་ངང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭའི་རིག་གནས་གསར་གཏོད་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྒྱུན་ཆད་མེད་པར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

2021级禅然曼孜班学员松排表示,通过此次讲座不仅详细了解了藏传佛教对中华文化的贡献,还认识到了藏传佛教在促进不同文化间交流与交融方面的重要作用。作为新时代的佛学院学员,我将以更加开放的心态和更加扎实的行动,去学习和传承中华优秀传统文化,为推动中华文化的创新发展不断努力。

ཐེངས་འདིའི་འཆད་ཁྲིད་བརྒྱུད་དགེ་སློབ་ཡོངས་ཀྱིས་བོད་བརྒྱུད་ནང་བསྟན་དེ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད།    ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་ཆགས་སྟངས་ལའང་ནུས་བ་གལ་ཆེན་ཕུལ་ཡོད་པར་ངོས་འཛིན་གཏིང་ཟབ་ཐོབ།     དེ་དང་ཆབས་ཅིག་ཚང་མས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དད་སེམས་ཇེ་བརྟན་དུ་བཏང་སྟེ་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་འབུལ་རྒྱུ་ཡིན་ཞེས་བཤད།

通过旦正加教授的精彩讲座,全体师生纷纷表示深刻认识到藏传佛教作为中华文化的重要组成部分,不仅丰富了中华文化的内涵,也为中华民族的多元一体格局作出了重要贡献。同时,大家也坚定了传承和弘扬中华优秀传统文化的信念,将以更加饱满的热情和更加扎实的行动,为推动中华文化的繁荣发展贡献自己的力量。

  
   
རྩོམ་འབྲི་བ། རྡོ་རྗེ་ཚེ་བརྟན།
ལོ་ཙཱ་བ། རྡོ་རྗེ་ཚེ་བརྟན།
པར་བ། རིག་འཛིན་རྡོ་རྗེ།
དོ་དམ་པ།  ཤ་བོ་རིན་ཆེན།
རྩོམ་སྒྲིག་འགན་ཁུར་བ། མགོན་པོ་ཚེ་རིང་།ལིག་བཱེ།  



长按二维码

关注我们

互联网宗教信息服务许可证|编号:青(2022)1000002


青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章