ཉེ་ཆར། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཟའ་ལྷག་པའི་འཆད་ཁྲིད་ཐེངས༦༥བ་སློབ་ཁྲིད་ཐོག་ཁང་གི་སྙན་སྒྲོན་ཚོམས་ཆེན་དུ་སྤེལ། ཐེངས་འདིའི་འཆད་ཁྲིད་སྟེང་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན། རོང་བོ་དགོན་ཆེན་གྱི་དཔེ་ཁྲིད་དགེ་རྒན་དགེ་འདུན་རྒྱལ་མཚན་ལགས་ཀྱིས“དབུ་མའི་ལྟ་གྲུབ་བྱུང་རིམ་དང་འབྲེལ་ནས་དབུ་མའི་སློབ་གསོ་རགས་ཙམ་གླེང་བ”ཞེས་པའི་འཆད་ཁྲིད་གནང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ༢༠༠ལྷག་འཆད་ཁྲིད་ལ་ཞུགས།
近日,青海省藏语系佛学院第65期周三讲堂如期在教学楼报告厅举行。本次讲座由青海省藏语系佛学院经师、隆务寺经师更登尖参主讲,主题为“结合中观见地的产生谈中观论教学的几点认识”。省藏语系佛学院200余名师生聆听讲座。
འཆད་ཁྲིད་སྟེང་ཡོངས་འཛིན་དགེ་འདུན་རྒྱལ་མཚན་ལགས་ཀྱིས་གོ་བདེའི་ངང་དབུ་མའི་ལྟ་གྲུབ་ནི་ནང་བསྟན་གྱི་དགོངས་པ་གཙོ་བོ་ཞིག་ཡིན་པ་དང་། ནང་བསྟན་གྱི་བསམ་བློ་ཤེས་རྟོགས་བྱེད་པའི་གནད་གལ་ཆེན་ཞིག་ཡིན་པས་དབུ་མའི་ལྟ་གྲུབ་ཀྱི་བྱུང་འཕེལ་དང་དེའི་ནང་དོན་ལ་རྟོག་དཔྱོད་ཡང་དག་པར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་ཡིན་པར་བརྗོད།
讲座伊始,更登尖参经师便深入浅出地阐述了中观见地在佛教思想中的重要性。他强调,正确理解中观见地是领悟佛教思想的关键所在,因此,对中观思想的产生与发展、其内涵与意义进行深入的探究是不可或缺的。
ཐོག་མར་ཡོངས་འཛིན་དགེ་འདུན་རྒྱལ་མཚན་ལགས་ཀྱིས་དབུ་མའི་མཚན་ཉིད་ལ་འགྲེལ་བཤད་ཞིབ་མོ་གནང་བ་མ་ཟད། ལྟ་གྲུབ་ཅེས་པའི་ཐ་སྙད་ལས་ལྟ་བ་དང་གྲུབ་མཐའི་མཚན་ཉིད་དང་དེ་གཉིས་ཀྱི་དབྱེ་བ་ལ་བགྲོ་གླེང་བྱས། ཁོང་གིས་དབུ་མའི་ལྟ་དགོངས་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཁུངས་འདེད་བྱས་ཏེ། གནའ་བོའི་རྒྱ་གར་གྱི་སྐྱེས་བུ་དམ་པ་ནས་བོད་དུ་བརྒྱུད་པའི་ལོ་རྒྱུས་དང་། འབྲེལ་ཡོད་ཀྱི་དབུ་མའི་དཔེ་ཆ་འགའ་ངོ་སྤྲོད་གནང་། ཡོངས་འཛིན་དགེ་འདུན་རྒྱལ་མཚན་ལགས་ཀྱིས་དབུ་མའི་ལྟ་བ་ནི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་དང་ཡོད་མེད་ལ་སོགས་པའི་མཐའ་གཉིས་སྤངས་པ་ལ་དབུ་མ་ཞེས་པ་དང་། བྱ་དངོས་ཐམས་ཅད་ལྟོས་བཅས་དང་རྟེན་འབྲེལ་ཡིན་པས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་འགྱུར་ལྡོག ཕན་ཚུན་རྒྱབ་རྟེན་བྱེད་པ་ཞིག་ཡིན། དེའི་ཕྱིར་དབུ་མ་དང་རྟེན་འབྲེལ་གཉིས་ནི་ནང་བསྟན་གྱི་མཚན་ཉིད་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྗོད།
首先,更登尖参经师详细解说了中观一词的定义,并探讨了如何正确理解见地词汇所蕴含的观点和学派内容。他进一步追溯了中观见地的历史渊源,介绍了中观思想从古印度高僧大德传至藏地的过程,以及相关中观论书籍的信息。接着,经师深入剖析了中观哲学在佛教思想中的地位。他指出,中观主张避免极端的看法,既不偏向有,也不偏向无,而是追求一种中道的理解。中观哲学认为,事物的存在是相对的、缘起的,没有永恒不变的本质。它强调事物之间的相互依存和相互转化,以及现象的相对性和空性。中观和缘起相辅相成、相互支持,共同构成了佛教哲学的重要组成部分。
ཡོངས་འཛིན་དགེ་འདུན་རྒྱལ་མཚན་ལགས་ཀྱིས་ད་དུང་དབུ་མའི་བསམ་བློ་དེ་སློབ་སྦྱོང་དང་འཚོ་བར་ཟུང་འབྲེལ་བྱེད་དགོས་པའི་ལྟ་ཚུལ་བཏོན། ཁོང་གིས་སློབ་མ་རྣམས་ལ་གནས་ཚུལ་དངོས་ལ་གཞིགས་ནས་རང་གིས་སྦྱངས་པའི་ཤེས་བྱ་སྤྱོད་ཤེས་དང་རང་ཉིད་ལ་ཆེས་འཚམ་པའི་སློབ་སྦྱོང་བྱེད་ཐབས་འཚོལ་དགོས་པ། འཚོ་བའི་ཁྲོད་དུ་ཡང་དངོས་ཡོད་གྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ལུགས་མཐུན་གྱི་སྒོ་ནས་ཐག་གཅོད་བྱེད་ཐབས་འཚོལ་དགོས་པའི་སྐུལ་མ་གནང་།
更登尖参经师还结合中观思想在学习和生活中的运用,为学员们提供了宝贵的建议。他鼓励学员们根据实际情况,灵活运用所学知识,寻找最适合自己的学习方法。同时,他也教育学员们在生活中要保持客观的态度,理性分析问题,寻找合理的解决方案。
འཆད་ཁྲིད་མཇུག་རྫོགས་རྗེས། སློབ་མ་ཚང་མས་ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་བདེ་བས་དབུ་མའི་བསམ་བློ་རགས་ཙམ་ཤེས་རྟོགས་དང་། དེའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཡག་པོ་ཐོབ་པ་དང་། སླད་མར་ཡང་སྦྱངས་པའི་ཤེས་བྱ་དག་དོན་དངོས་ཀྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་བེད་སྤྱོད་བྱས་ཏེ་རང་ཉིད་ཀྱི་ནང་རིག་གི་གོ་རྟོགས་མཐོ་རུ་གཏོང་རྒྱུ་ཡིན་པར་སྨྲ།།
讲座结束后,学员们纷纷表示收获颇丰,认为此次讲座内容丰富、深入浅出,对于理解中观思想及其在佛教哲学中的地位具有重要意义。他们表示将把所学应用到实际的学习和生活中,不断提升自己的修行境界。
དགེ་འདུན་རྒྱལ་མཚན་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།
མཁོ་འདོན་པ། རྡོ་རྗེ་ཚེ་བརྟན།
དོ་དམ་པ། ཤ་བོ་རིན་ཆེན།
རྩོམ་སྒྲིག་འགན་ཁུར་བ། མགོན་པོ་ཚེ་རིང་།ལིག་བཱེ།
长按二维码
关注我们
互联网宗教信息服务许可证|编号:青(2022)1000002