གཟའ་ལྷག་པའི་འཆད་ཁྲིད་ཐེངས༧༣པ།
《〈ཆོས་ལུགས་ལས་དོན་སྲོལ་ཡིག〉བཟོ་བཅོས་བརྒྱབ་པའི་དོན་སྙིང་དང་ནང་དོན་གཙོ་བོ》
འཆད་ཁྲིད་མཁན། རྟ་མགྲིན་དབང་རྒྱལ།
周三讲堂第73期
《〈宗教事务条例〉的修订意义与主要内容》
为深入学习和贯彻新修订的《宗教事务条例》,提升全校师生对宗教工作的认识水平和管理能力,10月30日,我院旦正项杰副教授面向全体师生讲授了一场题为《〈宗教事务条例〉的修订意义与主要内容》的主题讲座。全院200余名师生参加讲座。
འཆད་ཁྲིད་ཁྲོད་དགེ་རྒན་རྟ་མགྲིན་དབང་རྒྱལ་གྱིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དག་ལ་འགྲེལ་བཤད་བརྒྱབ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནན་གྱིས་བསྟན་དོན། ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པར་ངེས་པར་དུ་ཐག་གཅོད་ལེགས་པོ་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་ཧུར་ཐག་བཅས་བྱ་དགོས། དེའི་འཕྲོར《ཆོས་ལུགས་ལས་དོན་སྲོལ་ཡིག》རྙིང་པ་དེ་ལག་ལེན་ཁྲོད་བྱེད་སྟངས་རྗེས་ལུས་སུ་ཆགས་པ་དང་། གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་ནུས་མེད་ཏུ་གྱུར་པ་སོགས་ཀྱི་དཀའ་ཁག་དག་སྔོན་དུ་སྨྲས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་དེས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་ལ་འགན་ལེན་བྱ་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པར་བཤད། མཇུག་མཐར། ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་གི་ནང་དོན་གཙོ་བོ་དག་ངོ་སྤྲོད་བྱས། དེ་དག་ལས་ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་གནས། དད་ལྡན་སྤྱི་དམངས་ཀྱི་ཁེ་དབང་དང་འོས་འགན་གསལ་བོར་གཏན་ལ་ཕབ་སྟེ། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། དྲ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་དོ་དམ་ལ་ཤུགས་བསྣན་ནས་ཁྲིམས་ལྟར་དོ་དམ་བྱེད་པ་དག་ངོ་སྤྲོད་ཞིབ་ཕྲ་གནང་།
讲座中,旦正项杰教授重点讲解了习近平总书记关于宗教工作的重要论述。总书记强调,宗教问题始终是我们党治国理政必须处理好的重大问题,要全面贯彻党的宗教工作基本方针,坚持我国宗教的中国化方向,积极引导宗教与社会主义社会相适应。其次,解释了旧条例在实践中存在管理方式滞后、对新情况新问题缺乏有效规范等难题。新修订条例对依法管理宗教事务、维护国家统一和民族团结、保障公民宗教信仰自具有重大而深远的意义。最后介绍了宗教事务条例的主要内容。明确宗教团体、宗教院校、宗教活动场所和信教公民的权利义务,规范宗教事务管理,加强互联网宗教信息服务管理,为依法管理提供准则。
༢༠༢༡ལོའིའབྲིང་རམས་བཀའ་བཞི་འཛིན་གྲྭའི་སློབ་མ་བྱམས་པ་ཚུལ་ཁྲིམས་ཀྱིས་བཤད་རྒྱུར། ཁོང་གིས་ད་ཐེངས་ཀྱི་འཆད་ཁྲིད་བརྒྱུད་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆོས་ལུགས་ལས་དོན་གྱི་དོ་དམ་ནང་ཧུར་ཐག་ངང་ཞུགས་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་རྒྱུ་ཡིན་ཟེར།
2021级智然噶依班学员向巴慈成表示,将以此次讲座为契机,深入学习贯彻习近平总书记关于宗教工作的重要论述和新修订的《宗教事务条例》,积极参与宗教事务管理,为维护国家统一、民族团结和社会稳定贡献自己的力量。
ཐེངས་འདིའི་འཆད་ཁྲིད་ལས་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། 《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པའི་དོན་སྙིང་དང་ནང་དོན་གཙོ་བོའི་ཐད་ངོས་འཛིན་དང་གོ་བ་དེ་བས་གཏིང་ཟབ་བླངས་ཡོད་པ་མ་ཟད། ཚང་མའི་ཆོས་ལུགས་ལས་དོན་གྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ། ཆོས་ལུགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
此次讲座使全体学员对习近平总书记关于宗教工作的重要论述和《宗教事务条例》的修订意义与主要内容方面有了更深刻的认识和理解,不仅增强了大家的宗教工作意识,为进一步做好宗教工作奠定了坚实基础 。
长按二维码
关注我们
互联网宗教信息服务许可证|编号:青(2022)1000002