藏传佛教活佛转世政策法规与历史讲座在我院举行

学术   教育   2023-12-22 15:24   青海  

༄༅། །བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་དང་འབྲེལ་བའི་སྲིད་ཇུས་བཅའ་ཁྲིམས་དང་ལོ་རྒྱུས་སྐོར་གྱི་འཆད་ཁྲིད་ངེད་སློབ་གླིང་དུ་སྤེལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དོན་འཁྱོལ་གཏིང་ཟབ་ཡོང་བར་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་སྒྲིག་སྲོལ་བརྒྱུད་འཛིན་དང་སྲུང་སྐྱོབ། ཁྲིད་སྟོན་གང་ལེགས་བྱ་ཆེད། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་སྲིད་ཇུས་བཅའ་ཁྲིམས་དང་། ལོ་རྒྱུས་ཀྱི་གཏན་སྲོལ། ཆོས་ལུགས་ཀྱི་ཆོ་ག་སོགས་དང་འབྲེལ་བའི་ནང་དོན་སྒྲོག་བཤད་བྱས་པ་བརྒྱུད་དེ། རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཆོས་ལུགས་དང་སྤྲུལ་སྐུའི་ལམ་ལུགས་ལ་ཡང་དག་པའི་ངོས་འཛིན་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཐུན་མོང་གི་ལྟ་བ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཇེ་ཟབ་ཏུ་བཏང་སྟེ། སྔར་ལས་ལེགས་པོའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱ་ཆེད། སྤྱི་ཟླ༡༢པའི་ཚེས༡༥ཉིན། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་དང་འབྲེལ་བའི་སྲིད་ཇུས་བཅའ་ཁྲིམས་དང་ལོ་རྒྱུས་སྐོར་གྱི་འཆད་ཁྲིད་དེ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་ནས་སྤེལ།




为深入贯彻习近平总书记关于宗教工作的重要论述,全面落实党的宗教工作方针政策,引导传承维护好藏传佛教活佛转世秩序,通过宣讲藏传佛教活佛转世政策法规、历史定制、宗教仪轨等内容,引导广大僧俗群众理性对待宗教,正确看待活佛转世制度,不断凝聚共识,不断深化藏传佛教中国化方向,更好地与社会主义社会相适应。12月15日,藏传佛教活佛转世政策法规与历史讲座在青海省藏语系佛学院举行。

ཐེངས་འདིར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུའི་ཨུ་ཡོན། ཆོས་ལུགས་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ། ཞིབ་འཇུག་པ་ལྷ་བྱམས་རྒྱལ་ལགས་གདན་ཞུས་ནས་འཆད་ཁྲིད་གནང་བ་དང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གླིང་གཙོ་གཞོན་པ་གཡང་དཔལ་ལགས་ཀྱིས་མགོ་འཛིན་གནང་། ཞིང་ཆེན་ཡོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་རྣམ་པ་དང་། དེ་བཞིན་དུ་ངེད་སློབ་གླིང་གི་དགེ་སློབ་དང་ཡོངས་འཛིན་སོགས་མི༣༠༠ལྷག་འཆད་ཁྲིད་ལ་ཞུགས།

此次讲座邀请中国藏学研究中心党委委员、宗教研究所副所长、研究员拉先加到场讲座,青海省藏语系佛学院党委副书记、常务副院长杨华主持,全省佛协理事及我院全体师生、经师300余人参加讲座。

ལྷ་བྱམས་རྒྱལ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ཀྱི་སྲིད་ཇུས་བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་སྐོར་བརྗོད་དོན་དུ་བཟུང་ནས། བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་ངོས་འཛིན་ཐད་ཀྱི་མཐོང་སྣེ་དང་གནས་ལུགས། ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཕྱོགས་གསུམ་གྱི་ལམ་ནས་དོན་འདུས་ཤིང་ཚགས་དམ་པའི་ཚུལ་གྱིས་འགྲེལ་བརྗོད་གནང་སྟེ། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ངོས་འཛིན་ལམ་ལུགས་ཀྱི་བྱུང་འཕེལ་དང་། སྤྲུལ་སྐུའི་ངོས་འཛིན་ཐད་ཀྱི་ཚགས་དམ་པའི་སྲིད་ཇུས་དང་བཅའ་ཁྲིམས། ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་ཆོ་ག ཞིབ་ཆ་ལྡན་པའི་ལོ་རྒྱུས་ཀྱི་གཏན་སྲོལ། འཐུས་སྒོ་ཚང་བའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་བཅས་ངོ་སྤྲོད་གནང་བར་མ་ཟད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་དང་། ཆོས་ལུགས་ལས་དོན་སྲོལ་ཡིག་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པས། སེར་སྐྱ་ཡོངས་ལ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་། ལོ་རྒྱུས་ཀྱི་གཏན་སྲོལ། ཆོས་ལུགས་ཀྱི་ཆོ་ག་བཅས་ལས་གཞན། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་བའི་གཞི་རྩའི་བརྒྱུད་རིམ་སོགས་ལ་སྔར་ལས་གོ་བ་ཟབ་མོ་ཞིག་སྐྱེས་སུ་བཅུག

拉先加以藏传佛教活佛转世政策法规与历史为主题,从藏传佛教活佛转世的角度与理由、历史定制与宗教仪轨、相关政策与法律法规等三个方面出发做了详细而全面的讲解。介绍了藏传佛教活佛转世的历史脉络,活佛转世严格的法律法规、独特的宗教仪轨、缜密的历史定制、完善的转世程序,以及活佛转世管理办法、宗教事务条例等内容。让僧俗人员更加深入了解藏传佛教活佛转世政策法规、历史定制、宗教仪轨以及转世工作基本程序等内容。

འཆད་ཁྲིད་ལས་ལོ་རྒྱུས་དང་ཆོས་ལུགས་ཀྱི་མཐོང་སྣེ་ནས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་པར་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ངེས་པར་བརྩི་འཇོག་གནང་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ངེས་པར་བརྩི་སྲུང་གནང་དགོས་པར་ཁྱོན་ཡོངས་ནས་འགྲེལ་བརྗོད་བྱས་པས། རྒྱལ་ནང་ནས་འཚོལ་བ་དང་། གསེར་བུམ་དཀྲུག་འདོན་བྱེད་པ། ཀྲུང་དབྱང་གིས་ཆོག་མཆན་གནང་དགོས་པའི་རྩ་དོན་ཐད་ཀྱི་ཐུན་མོང་གི་ལྟ་བ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ། རྒྱ་ཆེའི་ཆོས་ལུགས་པའི་སྡེ་ཡིས་ཏང་དང་སྲིད་གཞུང་གི་མངགས་བཀོད་དང་དུ་བླངས་ནས། རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་ཁུར་ཕྲག་ཏུ་ལེན་དགོས་ལ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོར་པོར་བསྒྲེང་སྟེ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། ཆོས་ལུགས་ལས་དོན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལས་དོན་ཁྲོད་འདྲེས་པར་བྱེད་དགོས། སེར་སྐྱ་མང་ཚོགས་ཀྱིས་སྤྲུལ་སྐུའི་ལམ་ལུགས་ལ་ཡང་དག་པའི་ངོས་འཛིན་བྱེད་པར་ཁྲིད་སྟོན་བྱས་ཏེ། ངོས་ལེན་ལྔ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བར་བསམ་བློ་དང་གཞུང་ལུགས་ཀྱི་རྨང་གཞི་བཏིང་།

讲座从历史、宗教的角度全面阐释了活佛转世必须要遵循宗教仪轨和历史定制,必须遵守国家法律法规,不断凝聚国内寻访、金瓶掣签、中央批准的原则共识。广大宗教界人士要积极响应党和政府号召,光荣承担起自己的历史责任,高举爱国主义的旗帜,弘扬以爱国主义为核心的中华民族精神,把宗教事业融入社会主义现代化建设的伟大事业中。引导僧俗群众正确看待活佛转世制度,为进一步增强五个认同和铸牢中华民族共同体意识奠定思想和理论基础。

ཡོངས་འཛིན་ཚེ་རིང་དཔལ་བཟང་ཀྱིས་བཤད་རྒྱུར། ཐེངས་འདིའི་འཆད་ཁྲིད་ལས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ཀྱི་སྲིད་ཇུས་བཅའ་ཁྲིམས་དང་། ལོ་རྒྱུས་ཀྱི་གཏན་སྲོལ། ཆོས་ལུགས་ཀྱི་ཆོ་ག་སོགས་ཀྱི་ནང་དོན་གསལ་ཞིང་ཞིབ་ཕྲའི་སྒོ་ནས་འགྲེལ་བརྗོད་བྱས་སོང་། ནང་རིག་གཞུང་གི་ཡོངས་འཛིན་ཞིག་ཡིན་པའི་ངོས་ནས། དཔེ་ཁྲིད་ཀྱི་ཁྲོད་ནས་སློབ་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་ཡིན། ནང་ཆོས་ཀྱི་གཞུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་མཐུན་པའི་ནང་དོན་སྔོག་འདོན་དང་འགྲེལ་བརྗོད། དར་སྤེལ་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་རྒྱུ་ཡིན་ཟེར།

经师才仁巴松表示,此次讲座详细阐明了藏传佛教活佛转世的政策法规、历史定制、宗教仪轨等内容。作为佛学课经师,要在授业解惑中引导学员牢固树立中华民族共同体意识,维护祖国统一,增进宗教和顺,维护社会和谐。深入挖掘、阐释、弘扬教义教规中与社会主义核心价值观相契相符的内涵精髓,积极引导藏传佛教与社会主义社会相适应。

དགེ་རྒན་སངས་ལོས་བཤད་རྒྱུར། ཆོས་ལུགས་སློབ་གླིང་གི་འགན་ནུས་བེད་སྤྱོད་ལེགས་པོ་བཏང་སྟེ། དུས་ནམ་ཡིན་ཡང་ཏང་དང་སྲིད་གཞུང་ལ་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་འབེན་གྱི་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཀྱི་ཐོག་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱས་ནས། རྒྱ་ཆེའི་སློབ་མ་ཡོངས་ཀྱིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ལ་ཡང་དག་པའི་ངོས་འཛིན་པ་དང་། རང་འགུལ་གྱིས་ཏང་དང་སྲིད་གཞུང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལ་སྲུང་སྐྱོབ་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་སྤེལ་གང་ལེགས་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཟེར།

教师桑洛表示,要充分发挥宗教院校教师职责作用,始终与党和政府思想上同心同德、目标上同心同向、行动上同心同行,引导广大学僧正确看待藏传佛教活佛转世制度,自觉维护党和国家宗教工作方针政策,深入推进藏传佛教中国化。

སློབ་མ་ཐུབ་བསྟན་ལུང་རྟོགས་ཀྱིས་བཤད་རྒྱུར། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ཀྱི་སྲིད་ཇུས་བཅའ་ཁྲིམས་ལ་སྔར་ལས་སློབ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། མུ་མཐུད་དུ་ཉམས་ལེན་ལ་གཞོལ་ནས། འདུལ་ཁྲིམས་བརྩི་སྲུང་དང་། སྦྱངས་བྱའི་ནང་དོན་ལ་འབད་བརྩོན་དང་། རང་རྒྱུད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཚད་ཐིག་བཞི་ལྡན་གྱི་དུས་རབས་གསར་བའི་ཕུལ་བྱུང་གྲྭ་བཙུན་འཇོན་ཐང་ཅན་ཞིག་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། 

学员土旦龙多表示,要进一步加强学习藏传佛教活佛转世制度政策法规,坚决维护祖国统一,维护民族团结,维护社会稳定。不断精进修行,严持戒律,刻苦学习课程内容,不断丰富知识内涵,争做一名符合四条标准的新时代优秀僧才。

སློབ་མ་རྣམས་ཀྱིས་ཐེངས་འདིའི་འཆད་ཁྲིད་གསོན་ཉམས་ལྡན་ཞིང་། ནང་དོན་ཕུན་སུམ་ཚོགས་པས། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ལ་སྔར་ལས་གོ་བ་ཟབ་མོ་ཞིག་སྐྱེས་སུ་བཅུག་སོང་། ཉིན་རྒྱུན་གྱི་ཐོས་བསམ་སྒོམ་གསུམ་གྱི་ཁྲོད་ནས་ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་བྱ་བའི་ཐད་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ལ་སྔར་ལས་སློབ་སྦྱོང་དང་རང་རྒྱུད་ལ་འབྱོར་བར་བྱས་ཏེ། རང་འགུལ་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལམ་དུ་བསྐྱོད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་སྟེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་སྲོལ་བཅས་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མུ་མཐུད་དུ་སྲ་བརྟན་དུ་གཏོང་རྒྱུ་ཡིན་པར་མགྲིན་གཅིག་ཏུ་སྨྲའོ།།

讲座后学员们纷纷表示此次讲座宣讲生动,内涵丰富,对藏传佛教活佛转世制度有了更深入的理解。要在日常学思修行中进一步学习领会党和国家关于宗教工作的政策和法规,自觉走藏传佛教中国化道路,高举爱国主义旗帜,维护民族团结、维护宗教和睦和社会和谐、维护藏传佛教正常秩序,持续铸牢中华民族共同体意识。

འཆད་ཁྲིད་གྲོལ་རྗེས། ཚོགས་ཞུགས་ཡོངས་ཀྱིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ཀྱི་ཆེད་དོན་བཤམས་སྟོན་ལ་བལྟས།

讲座后全体参会人员参观了藏传佛教活佛转世专题展。

  
   

རྩོམ་འབྲི་བ།  སངས་རྒྱས་རྡོ་རྗེ།

ལོ་ཙཱ་བ།     ཀླུ་འབུམ་ཐུར།

པར་བ།      རིག་འཛིན་རྡོ་རྗེ།

དོ་དམ་པ །   རིག་འཛིན་རྡོ་རྗེ།

རྩོམ་སྒྲིག་འགན་ཁུར་བ། ལིག་བཱེ། མགོན་པོ་ཚེ་རིང་། 




长按二维码

关注我们



互联网宗教信息服务许可证|编号:青(2022)1000002




青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章