青海省藏语系佛学院第六届学衔毕业班集中辩经实习圆满完成

学术   2024-10-31 16:58   青海  


༄༅།།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་སྐབས་དྲུག་པའི་ཡོན་གནས་མཐར་ཕྱིན་འཛིན་གྲྭའི་གྲྭ་སྐོར་དམ་བཅའ་བདེ་ལེགས་ངང་བཞག

༢༠༢༤ལོའི་ཟླ༡༠པའི་ཚེས༢༡ནས་ཚེས༢༤ཉིན་གྱི་བར་དུ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་སྐབས་དྲུག་པའི་ཡོན་གནས་མཐར་ཕྱིན་འཛིན་གྲྭ་གསུམ་གྱི་སློབ་མ༥༦གིས་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་གཙང་དགོན་པ་དང་། ཀོན་ནན་རྫོང་མཐོ་ལས་དགོན་པ། གུང་ཧོ་རྫོང་འཁྱམ་རུ་དགོན་པ་བཅས་སུ་སོ་སོར་གྲྭ་སྐོར་དམ་བཅའ་ཕུལ།

20241021日至24日,青海省藏语系佛学院第六届3个学衔毕业班共56人,分别在海南州同德县石藏寺、贵南县陀乐寺、共和县千卜录寺顺利完成集中辩经实习。

གྲྭ་སྐོར་དམ་བཅའ་ནི་རིམ་གསུམ་ཡོན་གནས་བྱ་བའི་ཁྲོད་ཀྱི་སྲོལ་རྒྱུན་གྱི་དགོན་པའི་སློབ་ཁྲིད་དང་དེང་རབས་ཀྱི་སློབ་གླིང་སློབ་གསོའི་རྣམ་པ་གཉིས་ཟུང་འབྲེལ་གྱི་ལག་ལེན་གལ་ཆེན་ཞིག་ཡིན་པས། སློབ་གྲྭས་བྱ་བ་འདིའི་ཐོག་མཐའ་བར་གསུམ་གཙུག་ཏུ་བཟུང་ཏེ་དངོས་སྦྱོང་གི་ནང་དོན་བཀོད་སྒྲིག་ཞིབ་ཚགས་དང་། ལས་ཀའི་གོ་རིམ་ལ་ཇུས་འགོད། འབྲེལ་ཡོད་སྡེ་ཚན་དང་དགོན་པ་ལ་འབྲེལ་གཏུག་བྱས་ཏེ། དངོས་སྦྱོང་ལས་དོན་བདེ་བླག་ངང་སྤེལ་རྒྱུར་གྲ་སྒྲིག་གང་ལེགས་བྱས། ཐེངས་འདིའི་དངོས་སྦྱོང་ཁྲོད་སློབ་གྲྭའི་འགོ་ཁྲིད་དང་སློབ་དོན་ཁང་གི་འགན་འཛིན་པས་སྣེ་ཁྲིད་ཅིང་། བསླབ་ཚན་དེའི་དཔེ་ཁྲིད་དགེ་རྒན་དང་འཛིན་གྲྭའི་དོ་དམ་པས་མཛུབ་སྟོན་གནང་།

作为“三级学衔”工作中,推进传统经院式教学与现代学院式教育有机结合的重要举措,省藏语系佛学院历来高度重视该工作,实习前通过提前谋划工作程序、精心安排实习内容、联络相关部门、走访实习寺庙等方式,确保实习工作有序推进。本次实习由院领导及教务处负责人带队,相关负责经师、班级管理负责人等参与指导。



ཐེངས་འདིའི་གྲྭ་སྐོར་དམ་བཅའི་ཐད། མཐར་ཕྱིན་འཛིན་གྲྭའི་སློབ་མས་རང་རང་སྦྱངས་བྱའི་ནང་རིག་གཞུང་གི་ནང་དོན་དག་གཙོ་བོར་བཟུང་ཏེ་། དངོས་སྦྱོང་བྱ་ཡུལ་གྱི་དགོན་པར་གཞུང་བཀའ་པོད་ལྔའི་དམ་བཅའ་བཞག དེ་ལས་༢༠༢༡ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭས་གཙང་དགོན་པར་དབུ་མདང་མཛོད》《འདུལ་བབཅས་གཞུང་གསུམ་ལ་དམ་བཅའ་བཞག་པ་དང་། ༢༠༢༡ལོའི་མཚན་རམས་ཕར་ཚད་འཛིན་གྲྭ་དང་མཚན་རམས་སྨན་རྩིས་འཛིན་གྲྭས་ཚད་མདང་ཕར་ཕྱིནགྱི་གཞུང་གཉིས་ལ་དམ་བཅའ་ཕུལ། དངོས་སྦྱོང་བྱ་ཡུལ་གྱི་དགོན་པས་གྲྭ་སྐོར་དམ་བཅའ་ལ་མཐོང་ཆེན་བྱས་ཏེ་གྲྭ་ཚང་ནང་གི་མཚན་སྙན་ལྡན་པའི་དགེ་བཤེས་དང་རིགས་ལུང་བ་བཀོད་སྒྲིག་བྱས་ཏེ། དཀའ་གནད་ཀྱི་ཕྱོགས་ནས་དྲི་བ་འདོན་པ་དང་། དུས་བསྟུན་འཕེལ་རྒྱས་ངང་ནང་བསྟན་གྱི་སྙིང་བཅུད་རྒྱས་བཤད་བཅས་བྱས། ཉིན་གསུམ་གྱི་དངོས་སྦྱོང་ཁྲོད་དམ་བཅའ་བ་དང་རིགས་ལུང་བ་གཉིས་ཀར་རྩོད་པའི་སྙིང་སྟོབས་རྒྱས་པར་མ་ཟད། མཐར་ཕྱིན་འཛིན་གྲྭའི་སློབ་མ་དག་གིས་ཀྱང་ལུང་འདྲེན་ཡང་དག་ཤིང་དོན་གྱི་གནད་ལ་འཁེལ་བ། རིགས་ལམ་ཚགས་དམ་པའི་ངང་དུས་རབས་གསར་བའི་བོད་བརྒྱུད་ནང་བསྟན་པའི་བྱང་ཚད་མཐོ་བའི་གྲྭ་བཙུན་དག་གི་ནང་རིག་གཞུང་གི་ཤེས་བྱ་དང་རྩོད་པའི་ཡོན་ཚད་མངོན་པར་བྱས། མཐར་དངོས་སྦྱོང་བྱ་ཡུལ་གྱི་དགོན་པ་དང་ནང་བསྟན་སློབ་གྲྭ་གཉིས་ཀས་དཔང་བཞུགས་དགེ་རྒན་འདེམས་སྒྲིག་བྱས་ཏེ་དམ་བཅའ་བའི་གནས་ཚུལ་དང་བསྟུན་ཏེ་དངོས་སྦྱོང་གི་རྒྱུགས་སྐར་བྱིན།

实习期间,毕业班学员结合佛学专业课学修内容,将藏传佛教五部大论作为主要实习科目,在实习寺庙开展了立宗答辩。其中2021级智然噶依班在石藏寺立宗《中观论》《俱舍论》《戒律论》3科,2021级禅然帕慈班和曼孜班分别在陀乐寺和千卜录寺立宗《释量论》《般若论》2科。辩经期间,各实习寺庙高度重视,针对我院学员立宗科目,组织优秀辩手开展辩经,阐释教义经典、讨论佛学经论、解惑疑难义理。3天的集中辩经实习中,攻辩双方精神昂扬、迸发思辨的火花,毕业班学员引经据典、论据充实、逻辑严谨,充分展示了新时代藏传佛教高素质僧才的宗教造诣和辩论才能。实习寺庙还会同省藏语系佛学院经师组成实习考评小组,严格按照实习考核要求,科学考评辩经成绩,确保实习取得实效。


གྲྭ་སྐོར་དམ་བཅའ་ནི་རིམ་གསུམ་ཡོན་གནས་བྱ་བའི་ཁྲོད་ཀྱི་སྲོལ་རྒྱུན་གྱི་དགོན་པའི་སློབ་ཁྲིད་དང་། དེང་རབས་ཀྱི་སློབ་གླིང་སློབ་གསོའི་རྣམ་པ་གཉིས་ཟུང་འབྲེལ་གྱི་ལག་ལེན་གལ་ཆེན་ཞིག་ཡིན་པས། དེར་ཡོན་གནས་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་དང་། སློབ་མའི་ཤེས་ཡོན་ཕྱིར་མངོན། རིམ་གསུམ་ཡོན་གནས་ལམ་ལུགས་དྲིལ་བསྒྲགས་བྱེད་པ། དགོན་སྡེ་དང་སློབ་གླིང་གི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ཆེན་པོ་ལྡན། 

集中辩经实习作为省藏语系佛学院“三级学衔”实践教学环节之一,是学院坚持传统经院式教学与现代学院式教育结合的重要举措,其沿袭自藏传佛教学经体系中巡辩的传统,创新实践后融合现代实习,焕发新活力,成为当前省藏语系佛学院检验学员佛学造诣、展示学修成果风貌、宣传三级学衔制度、加强寺庙沟通联络的重要途径。



གྲྭ་སྐོར་དམ་བཅའི་དངོས་སྦྱོང་མཇུག་རྫོགས་ཏེ་ཕྱིར་སློབ་གྲྭར་འབྱོར་བ་ན། སློབ་གྲྭས་སྲོལ་རྒྱུན་གྱི་ལུགས་ལྟར་བཞུགས་གྲལ་ཚོགས་ཏེ་མཐར་ཕྱིན་སློབ་མ་དག་ལ་སྣེ་ལེན་དང་བསུ་བ་བྱས། དེ་མཚུངས་སུ་སློབ་གྲྭའི་འགོ་ཁྲིད་དག་གིས་དངོས་སྦྱོང་སློབ་མ་དག་ལ་སྙིང་རུས་ཆེན་པོས་སྲོལ་རྒྱུན་སློབ་སྦྱོང་དང་། འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་དར་སྤེལ། ཚད་ལྡན་བཞིདང་ལྡན་པའི་དུས་རབས་གསར་པའི་བྱང་ཚད་མཐོ་བའི་གྲྭ་བཙུན་བྱེད་དགོས་པའི་སྐུལ་ལྕག་གནང་ངོ་།།

毕业班学员返校后,学院依照传统举行了秀智”欢迎仪式,勉励实习学员秉承刻苦学修传统、发扬攻坚克难精神、努力做好具备“四条标准”的新时代高素质僧才。


  
   

རྩོམ་འབྲི་བ།  ཡུལ་ལྷ་ཚེ་རིང་།

ལོ་ཙཱ་བ། རྡོ་རྗེ་ཚེ་བརྟན།

དོ་དམ་པ།  ཤ་བོ་རིན་ཆེན།

རྩོམ་སྒྲིག་འགན་ཁུར་བ།  མགོན་པོ་ཚེ་རིང་།  ལིག་བཱེ། 




长按二维码

关注我们



互联网宗教信息服务许可证|编号:青(2022)1000002


青海省藏语系佛学院
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་གཞུང་སྟེགས། 推介学院动态、普及佛学知识。
 最新文章