ཉེ་བའི་ལོའི་ནང་། གཞིས་ཀ་རྩེའི་སྒོ་དབྱེ་འབྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན། ས་གནས་དེའི་ཁྱད་ལྡན་ཐོན་རྫས་ཀྱང་རྣམ་པ་འདྲ་མིན་གྱི་ཐོག་ནས་ལྗོངས་ཡོངས་དང་། རྒྱལ་ཡོངས། འཛམ་གླིང་བཅས་སུ་ཕྱིར་གཏོང་བྱེད་བཞིན་ཡོད། ཉེ་དུས། བོད་ལྗོངས་བདེ་གླང་མ་འཁྱགས་རོམ་གཏེར་ཆུ་གསར་སྤེལ་ཚད་ཡོད་ཀུང་སིར་ཕྱིར་གཏོང་བྱས་ཆོག་པའི་ཆོག་འཆན་ཐོབ་ཡོད་པས། དེའི་གཏེར་ཆུ་ཤར་རྒྱུད་ས་ཁུལ་དང་ཡ་གླིང་ཤར་ལྷོའི་རྒྱལ་ཁབ་དང་ས་ཁུལ་དུ་ཕྱིར་གཏོང་བྱ་རྒྱུ་ཡིན་པ་རེད།
近年来,随着日喀则开放程度的不断扩大,本地特色产品通过各种形式渠道,走出全区、走向全国乃至世界。近日,西藏德朗玛冰川矿泉水开发有限公司(以下简称:德朗玛公司)获批出口许可,旗下矿泉水产品将出口中东及东南亚国家和地区。
ཀུང་སི་དེ་ནི་༢༠༡༦ལོར་ཧྲན་ཏུང་ཞིང་ཆེན་གྱི་དུས་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པ་ཞིག་ཡིན་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་དུས་ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག ༢༠༢༤ལོའི་ཟླ་༦པར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༣བཏང་ཡོད་པ་དང་། གཏེར་ཆུ་ཀྲོན་ཁྲི་༣༠ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། ད་ལྟ་དུས་ཁག་དང་པོའི་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་མུའུ་༧༦ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཆིག་ཁྲི་བཞི་སྟོང་ཡོད་ཅིང་། ལོའི་ཐོན་སྐྱེད་བྱེད་ཚད་ཀྲོན་ཁྲི་༡༠ཟིན་གྱི་ཡོད་ལ། དེ་ནི་བོད་ལྗོངས་ཡོངས་ཀྱི་བཟོ་གྲྭ་ཆེ་ཤོས་ཤིག་རེད།
德朗玛公司于2016年由山东省第八批援藏工作组引进,在山东省第九、第十批援藏工作组的持续接力下,于2024年6月实现竣工投产。该项目总投资3亿元,设计产能30万吨,分三期建设。目前,一期项目占地76亩,建筑面积1.4万平方米,年生产力达10万吨,为西藏全区单体最大的厂房。
ཤེས་རྟོགས་བྱུང་བར་གཞིགས་ན། བདེ་གླང་མ་ཀུང་སིའི་གཏེར་ཆུའི་ཐོན་རྫེས་ཀྱི་ཆུ་ཁུངས་ནི་གངས་ཏི་སིའི་རི་རྒྱུད་ཀྱི་ས་བབ་མཐོ་མཚད་སྨི་༥༧༨༣ཡི་རི་མཐོ་ཁུལ་ནས་ཡིན་པ་དང་། ཆུ་དེ་ནི་ལྷད་མེད་དྭངས་གཙང་དང་སྦགས་བཙོག་མེད་པ་མ་ཟད། གཏེར་རྒྱུ་དང་ཚད་ཉུང་གཞི་རྒྱུ་ཡང་འདུས་ཡོད། དེ་ནི་ཁེ་ལས་ཀྱི་ཚན་ཞིབ་ཚོགས་པས་ཆུ་ཁུངས་༢༠༠ལྷག་ཙམ་དང་ཆུ་སྤུས་ལ་ཞིབ་དཔྱད་ཚད་ལེན་ཐེངས་༥༠༠ལྷག་ཙམ་བྱས་རྗེས་བདམས་པ་ཞིག་རེད། སྤྱིར་བཏང་གི་གཏེར་ཆུའི་ཐོན་རྫས་དང་བསྡུར་ན། བདེ་གླང་མའི་གཏེར་ཆུའི་ནང་ཕུན་སུམ་ཚོགས་པའི་ཡོ་བའི་སྭེལ་སྐྱུར་འདུས་ཡོད་པས། དེའི་དབྱང་འགྱུར་འགོག་པའི་རང་བཞིན་གྱིས་ཕྲ་ཕུང་གི་གསོན་ཤུགས་སླར་གསོ་བྱེད་པར་ཕན་པ་ཡོད་པ་རེད།
据了解,德朗玛公司矿泉水产品,水源来自冈底斯山脉海拔5783米的高山地带,水体天然纯净无污染,富含矿物质和微量元素,是企业科研团队经过对200多处水源、 500多次的水质检测后选定。相较于普通矿泉水产品,德朗玛矿泉水含有丰富的偏硅酸,其良好的抗氧化性有助于恢复细胞活力。
སྤུས་ལེགས་ཐོན་རྫས་ཀྱི་རྒྱུ་ཆ་དང་། ཐོན་སྐྱེད་བཟོ་རྩལ། ཁེ་ལས་དོ་དམ་བཅས་ལ་བརྟེན་ནས། བདེ་གླང་མ་ཀུང་སིར་སྔ་རྗེས་སུ་ཆེད་ཁེ་ཁག་༡༥དང་ཤེས་བྱའི་ཐོན་དབང་གི་ཚོང་རྟགས་ཁག་༣༠ལྷག་ཙམ་ཐོབ་ཡོད་པ་མ་ཟད། ཉེ་དུས་འགག་སྒོའི་ཚོང་ཟོག་ཕྱིར་གཏོང་དང་དེ་བཞིན་HALAL(ལྷད་མེད་བཟའ་བཅའི་རྒྱལ་སྤྱིའི་ཁས་ལེན་དཔང་རྟགས)ཀྱི་ཆོག་མཆན་ཐོབ་པ་རེད། ཀུང་སིའི་ཐོན་རྫས་ཀྱིས་རྩེར་སོན་གྱི་རང་བྱུང་འཐུང་ཆུའི་ཁྲོམ་རར་གཞི་ཚུགས་ཏེ། ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་པོའི་འགྲེམ་ཚོགས་དང་། ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་དངོས་མང་འགྲེམ་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་སོགས་གྲགས་ཅན་འགྲེམས་ཚོགས་ཀྱི་བྱེད་སྒོའི་ནང་ཞུགས་ནས་ཐོན་རྫས་བདེ་བླག་ངང་ཕྱིར་གཏོང་བྱ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།
基于优质的产品原料、生产工艺和企业管理,德朗玛公司先后取得专利15项、知识产权商标30余项,并于近期获批海关商品出口及HALAL(清真食品国际认证)许可。公司产品立足高端天然饮用水市场,参与了中国国际消费品博览会、中俄经济贸易洽谈会、中国国际进口博览会、中国国际中小企业博览会和中国国际农产品交易会等知名展会活动,为产品的顺利出口奠定了良好的基础。
ད་ལྟའི་བར་། བདེ་གླང་མའི་གཏེར་ཆུའི་ཐོན་ཚད་ཏུན་ཁྲི་༡༠ཟིན་གྱི་ཡོད་པ་དང་། ཐོན་འབབ་སྒོར་ཁྲི་༢༥༠༠ཟིན་གྱི་ཡོད་པ་མ་ཟད། ཧྲན་ཏུང་ཏེ་པའེ་ཚོགས་པའི་གཞི་རྒྱ་ཆེ་བའི་ཚོང་དོན་འཁོར་རྒྱུག་མ་ལག་བརྒྱུད། ཚོང་ཟོག་པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་སོགས་དར་རྒྱས་ཆེ་བའི་ས་ཁུལ་དུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད།
截至目前,德朗玛矿泉水已实现产量10万吨,产值2500万元,并通过山东德百集团庞大的商贸流通体系,将商品成功销往京津冀、长三角、珠三角等发达地区。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། སྐལ་བསྟན།
主编 | 吾见才让
副主编 | 平多 桑布
编辑 | 罗布顿珠 格丹
来源 | 云端珠峰
译文 | 阳光西藏