ཚོང་དོན་པུའི་ཀྲུང་གོ་རྒྱལ་སྤྱིའི་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་ཧོ་པེ་ཞིང་ཆེན་ཚོང་དོན་ཐིང་གིས་གཉེར་འགན་འཁུར་བའི་༢༠༢༤ལོའི་གྲོང་གསེབ་ཀྱི་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་དཔེ་མཚོན་འགྲན་བསྡུར་དེ་ཉེ་ཆར་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཚོང་དོན་ཅུད་ཀྱིས་འོས་སྦྱོར་བྱས་པའི་བདམས་ཐོན་པ་གཡང་སྐྱིད་ཀྱིས་༼ གངས་ལྗོངས་ས་མཐོའི་ལོ་ངོ་སྟོང་གི་སྣམ་བུ། ཐད་གཏོང་བརྒྱུད་ནས་རྣམ་པ་གསར་པ་མངོན ༽ཞེས་པའི་བརྗོད་བྱ་གཙོ་བོ་དེ་ཐོག་མའི་འགྲན་བསྡུར་ཁྲོད་གཟེངས་སུ་ཐོན་ནས་རྒྱལ་ཡོངས་ཀྱི་ལེགས་གྲས་སུམ་ཅུའི་གྲས་སུ་ཚུད་པ་མ་ཟད། མཐའ་བསྡུར་ནང་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་པ་རེད།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།
主编:吾见才让
副主编:平多 桑布
编辑:晋美 罗顿
来源:江孜县发布
译文:阳光西藏