བོད་ཀྱི་ཕུལ་བྱུང་སོན་རྒྱུ་རིམ་བཞིན་གདམ་གསེས་ཁྱབ་བསྒྲགས་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བེད་སྤྱོད་ཀྱི་འཕེལ་རྒྱས་རྣམ་པ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་རྒྱུད་སྤུས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་བྱ་ཆེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་བོད་ཀྱི་ཕྱུགས་བྱ་དང་ཆུ་ཐོན་གསོ་སྤེལ་གྱི་ཕུལ་བྱུང་རྒྱུད་རིགས་ཀྱི་ཐོན་ཁུངས་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་དེ་དག་ནི་མེ་ཏོག་གི་ཉ་མེ་འཁྱེར་དང་། ལྷ་སའི་ཉ་ཁ་རལ། གཙང་ཉ་ཁར་པ། ལྷ་རིའི་ཉང་གཡག ཕག་རིའི་འབྲི་གཡག གཟི་སྦུག་འབྲི་གཡག རི་བོ་ཆེའི་འབྲི་གཡག བོད་བྱ། ཞང་ཞུང་གི་བལ་འཇམ་ལུག འཕན་པོའི་བལ་འཇམ་ལུག་བཅས་ཡིན་པ་རེད།
བྱ་དང་ཆུ་ཐོན་གསོ་སྤེལ་གྱི་ཕུལ་དུ་བྱུང་བའི་སོན་རྒྱུ་ནི་བོད་ལྗོངས་ཀྱི་ཕྱུགས་ལས་དང་ཆུ་ཐོན་ཁྱབ་ཁོངས་ཀྱི་ཐོན་ཁུངས་རྩ་ཆེན་དང་ཐོན་ལས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་། ཐོན་ཁུངས་ཁྱབ་བསྒྲགས་བྱས་པ་དེས་བོད་ཀྱི་དེང་རབས་སོན་ལས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་རྒྱུ་དང་། བོད་ཀྱི་ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕྱོགས་ཁག་གི་སོན་ལས་དར་སྤེལ་གྱི་བྱ་སྤྱོད་ནང་ཞུགས་རྒྱུར་ཡིད་དབང་འགུག་ཐུབ་ཅིང་། ཕྱུགས་རིགས་དང་། བྱ་རིགས། ཆུ་ཐོན་བཅས་ཀྱི་སོན་བཟང་གསོ་སྤེལ་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། སླད་ཕྱིན་བོད་ཀྱིས་ཕུལ་བྱུང་ཞིང་ལས་ཀྱི་རྒྱུད་སྣའི་ཐོན་ཁུངས་གདམ་གསེས་མུ་མཐུད་ཁྱབ་བསྒྲགས་བྱས་ནས་གསར་སྤེལ་གྱི་གཏིང་ཤུགས་དང་སྲུང་སྐྱོང་གི་རིན་ཐང་ལྡན་པའི་ཐོན་ཁུངས་དེ་བས་མང་བ་སྤེལ་རྒྱུ་ཡིན་པ་རེད།
为继续推动构建西藏优异种质资源梯次遴选发布、有序开发利用的发展阵型,广泛宣传农业种质资源普查标志性成果,日前,西藏自治区农业农村厅发布了西藏首批畜禽和水产养殖优异遗传(种质)资源,分别是:墨脱新光唇鱼、拉萨裸裂尻鱼、尖裸鲤、娘亚牦牛、帕里牦牛、斯布牦牛、类乌齐牦牛、藏鸡、象雄半细毛羊、彭波半细毛羊。
畜禽和水产养殖优异遗传(种质)资源是西藏畜牧水产领域的宝贵资源和重要的产业支撑,资源的发布,对于提升西藏现代种业形象、构建完善西藏农业种质资源保护利用体系、吸引各方面力量参与实施种业振兴行动、促进畜禽和水产养殖良种培(繁)育推广意义重大。今后,西藏将持续开展优异农业种质资源遴选发布工作,将更多有开发潜力、保护利用价值的资源推向社会、促进共享。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།
主编:吾见才让
副主编:平多 桑布
编辑:晋美 罗顿
来源:人民网
译文:阳光西藏