སྒོར་ཁྲི་༢༠༠ལྷག་ཕྱིར་སློག་རྒྱུ་རེད་འདུག

时事   2024-12-18 10:11   西藏  

བོད་ལྗོངས་ལས་ཞུགས་དང་བྱ་གཞག་གསར་གཏོད་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུད་བཅས་ཀྱིས་དུས་མཚམས་རང་བཞིན་གྱི་ལས་རྨས་འགན་བཅོལ་དང་། ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་འཇལ་ཚད་དང་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་དང་རྩལ་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་མུ་མཐུད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་གཏན་འབེབས་གཞིར་བཟུང་། བོད་ལྗོངས་ཕན་བདེ་པར་ཁང་སོགས་ཁེ་ལས་༣༢ལས་བརྟན་ཕྱིར་སློག་སྲིད་ཇུས་ལོངས་སྤྱོད་བྱས་ཆོག་གི་ཡོད་པས། གཤམ་ལ་ཁེ་ལས་ཀྱི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ་དང་། ཡོངས་བསྒྲགས་དུས་ཚོད་ནི་༢༠༢༤ལོའི་ཟླ་༡༢ཚེས་༡༧ནས་༢༠༢༤ལོའི་ཟླ་༡༢ཚེས་༢༣ཉིན་བར་ཁྱོན་ལས་ཀའི་ཉིན་ལྔ་ཡིན། གལ་སྲིད་ཁྱེད་རང་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། ཡོངས་བསྒྲགས་བྱེད་པའི་དུས་ཚོད་ནང་བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ལ་གོང་ཞུ་གནང་རོགས།

ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་དོག་སྡེ་ལམ་སྒོ་རྟགས་ཨང་༢༤པ།

སྦྲག་སྲིད་ཨང་རྟགས། ༨༥༠༠༠༠

ཁ་པར། ༠༨༩༡ ༦༣༠༠༣༡༢དང་། ༠༨༩༡ ༦༣༠༠༣༤༠ཡིན།

བཟུར་བཀོད། བོད་རང་སྐྱོང་ལྗོངས་ཀྱི་༢༠༢༤ལོའི་ལས་བརྟན་ཕྱིར་སློག་སྲིད་ཇུས་ལོངས་སྤྱོད་བྱས་ཆོག་པའི་ཁེ་ལས་ཀྱི་མིང་ཐོ། རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས།


据“西藏就业创业”微信公众号消息,根据《西藏自治区人力资源和社会保障厅 西藏自治区财政厅 国家税务总局西藏自治区税务局关于延续实施阶段性降低工伤保险、失业保险费率和失业保险稳岗位提技能等工作的通知》(藏人社发〔2024〕26号)文件规定,经审核,西藏福利印刷厂等32家企业符合享受稳岗返还政策。现将企业名单予以公示,稳岗返还公示期为2024年12月17日至2024年12月23日(5个工作日。有关单位及个人如有异议和意见,可在公示期内向自治区就业服务中心反映。

通讯地址:西藏拉萨市夺底路24号

邮编:850000

电话:0891-6300312 0891-6300340

附件:西藏自治区区本级符合享受2024年第五批稳岗返还企业名单(请识别下方二维码查看)







































































































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། སྐལ་བསྟན། 


主编 | 吾见才让

副主编 | 平多 桑布

编辑 | 罗布顿珠 格丹 

来源 | 西藏就业创业

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章