གཏམ་བཟང་ཡོད།
གཏམ་བཟང་ཡོད།
གཏམ་བཟོང་ཡོད།
སྤྱི་ཟླ་༡༢ཚེས་༡༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀ་ནས་བཟུང་
བོད་ལྗོངས་ཀྱི་ཞིང་ཆེན་ལམ་ལྔ་པའི་ལྷ་ས་ནས་རྩེད་ཐང་བར་གྱི་
མྱུར་བགྲོད་གཞུང་ལམ་ཐོག་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་འདུག
好消息来了
西藏S5线拉萨至泽当快速公路
(以下简称西藏S5线)
将于12月18日上午10时30分
正式通车试运营
རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷོ་ཁ་ནས་ལྷ་ས་བར་བར་ཐག་སྤྱི་ལེ་༦༥ཙམ་ཐུང་དུ་འགྲོ་རྒྱུ་དང་། རླངས་འཁོར་བསྡད་ན་ཆུ་ཚོད་༡ཙམ་ལས་དགོས་ཀྱི་མེད་པས། ས་གནས་གཉིས་ཀྱི་མང་ཚོགས་སྤེལ་རེས་དང་འགྲོ་འོང་བྱ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད་ལ། ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་གྱི་འགན་ལེན་ཐུབ་རྒྱུ་རེད།
通车后
山南市与拉萨市的车程仅需1小时
将大大缩短拉萨与山南之间的通车时间
行车距离缩短65公里左右
时间节约40分钟左右
极大方便两地群众的交往交流
为推进拉萨山南经济一体化发展
提供坚实的交通保障
རྒོད་དཀར་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་༡༢.༧༩ཡོད་པ་དང་། དེ་ནི་བོད་ཀྱི་ཞིང་ཆེན་ལམ་ལྔ་པའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཕུག་ལམ་གྱི་ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་༨༠ཡིན་པ་དང་། ཕུག་ལམ་རེར་འཁོར་ལམ་གཉིས་རེ་ཡོད་པ་རེད།
圭嘎拉隧道长12.79公里,是西藏S5线的控制性工程。隧道设计时速80公里,为分离式双洞四车道公路隧道。
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཞིང་ཆེན་ལམ་ལྔ་པའི་མྱུར་བགྲོད་གཞུང་ལམ་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ནས་འགོ་བཙུགས་ཏེ། རྒྱལ་ལམ་༤༢༡༨གཡག་རྔ་ནས་ཤིན་ཅང་ཡེ་གྲེང་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྐམ་ཟམ་ཞིག་ཆགས་ཏེ། ལྷོ་ངོས་རྡོ་གཞོང་རོང་བརྒྱུད་ཕུག་ལམ་གྱི་རྣམ་པའི་ཐོག་ནས་རྒོད་དཀར་ལ་བརྒལ་བ་དང་། རྒོད་དཀར་ལའི་ཕུག་ལམ་དོན་རྗེས། སྨོན་ནང་རོང་བརྒྱུད་མུ་མཐུད་ལྷོ་ཕྱོགས་སུ་སྐྱོད་དགོས་པ་དང་། མཇུག་བསྡུ་ས་དེ་ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་ཡིན་ཞིང་། གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་སྦྲེལ་ཡོད་པ་རེད། ལམ་ཐག་ཡོངས་ལ་སྤྱི་ལེ་༤༧ཡོད་པ་རེད།
据悉,西藏S5线快速公路地跨拉萨、山南两市。起点位于拉萨市达孜区德庆镇,与G4218雅叶高速形成立交,向南沿多雄朗沟,以隧道形式穿越圭嘎拉山,出隧道后沿莫朗沟继续向南,终点为山南市桑耶镇,与贡嘎机场至泽当专用公路相接,路线全线长47公里。
ལྷ་ས་ནས་རྩེད་ཐང་བར་གྱི་ཕུག་ལམ་རྣམ་གྲངས་པུའི་སྤྱི་གཉེར་གཞོན་པ་ཅ་ཧའོ་ཧའོ་ཡིས་སྤྱི་ཟླ་༡༢ཚེས་༡༨ཉིན། བོད་ཀྱི་ཞིང་ཆེན་ལམ་ལྔ་པའི་མྱུར་བགྲོད་གཞུང་ལམ་དེར་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་དང་། གཞུང་ལམ་དེ་ནི་འཁོར་ལམ་བཞི་ཅན་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་༨༠ཡིན་པ་དང་། ལམ་ཐག་ཧྲིལ་པོར་ཟམ་པ་དང་ཕུག་ལམ་གྱི་བཟུང་ཚད་ནི་བརྒྱ་ཆའི་༦༥ཟིན་གྱི་ཡོད་ལ། ཁྱོན་ཟམ་པ་༡༣ཡོད་པའི་ནང་སྐམ་ཟམ་གཉིས་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷ་ས་ནས་ལྷོ་ཁའི་བར་རླངས་འཁོར་བསྡད་ན་ཆུ་ཚོད་༡ཙམ་ལས་འགོར་གྱི་མེད་ཅེས་བཤད་པ་རེད།
中交二公局西藏拉泽隧道项目部副经理贾浩浩表示,12月18日, 西藏S5线快速公路正式通车试运营,该快速公路设计采用双向四车道一级公路标准建设,设计时速80公里。全线桥隧占比约65%,桥梁共13座(含互通式立交桥2座)。通车后,拉萨至山南开车仅需1小时,这将进一步完善以拉萨为核心枢纽的综合立体交通网络,加快形成“331”交通圈(即以拉萨为中心全区3小时综合交通圈,拉萨至那曲、林芝、日喀则3小时陆路快速交通圈,拉萨至山南1小时交通圈)。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། སྐལ་བསྟན།
主编 | 吾见才让
副主编 | 平多 桑布
编辑 | 罗布顿珠 格丹
来源 | 西藏商报
译文 | 阳光西藏