ཉེ་དུས་ཁ་ལོ་བ་རྫབ་ཆེན་ཁག་ཅིག་བཟུང་འདུག

时事   2024-12-16 10:55   西藏  

ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དེ་ནི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཅིག་ཡིན། དེ་བས་ནམ་རྒྱུན་དུ་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་མི་དཀྲུགས་རྒྱུ་དང་། མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་མི་བཟོ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། 

ཉེ་དུས། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བཞིན་ཡོད་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཁག་གཅིག་རྩད་ཆོད་ཡོད་ལ། གཤམ་ལ་དེ་དག་གཅིག་གྱུར་ཐོག་དམར་རྗེན་དུ་འདོན་རྒྱུ། 


无证驾驶

等同于“移动炸弹”

不仅扰乱道路交通秩序

还严重威胁自身和他人的生命财产安全

近期

拉萨交警查获一批

无证驾驶交通违法行为

现统一曝光

案例一


གྱོད་དཔེ་དང་པོ། 

རྩད་ཆོད་བྱུང་བའི་དུས་ཚོད། ༢༠༢༤ལོའི་ཟླ་༡༢པའི་ཚེས་༤ཉིན་གྱི་ཆུ་ཚོད་༢༠དང་སྐར་མ་༠༤ཡི་ཐོག

རྩད་ཆོད་ས། པེ་ཅིང་ལམ་གྱི་གཡག་སེར་པོའི་ལམ་མདོ། 

ཁྲིམས་འགལ་བྱ་སྤྱོད། ཁ་ལོ་བས་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བཞིན་ཡོད་པ། 

རླངས་འཁོར་གྱི་རིགས། སྤྱིར་བཏང་གི་མྱུར་ཚད་དལ་བའི་ཟོག་འདྲེན་རླངས་འཁོར། 

ཁྲིམས་འགལ་ཁ་ལོ་བའི་མིང་། དོན་ཆེ་གེ་མོ། 


查获时间:2024年12月4日20时04分

违法地点:北京路铜牛路口

违法行为:未取得驾驶证驾驶机动车

车辆类型:普通低速货车

违法人姓名:顿*
案例二


གྱོད་དཔེ་གཉིས་པ། 

རྩད་ཆོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༡༢པའི་ཚེས་༧ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༡༥ཡི་ཐོག

རྩད་ཆོད་ས།  ཡིག་ཟམ་གློག་འཕྲིན་ཐོག་ཁང་གི་ལམ་མདོ། 

ཁྲིམས་འགལ་བྱ་སྤྱོད། ཁ་ལོ་བས་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བཞིན་ཡོད་པ། 

འཁོར་རྟགས་ཨང་གྲངས། ཀནA༩༢༡༤༦

རླངས་འཁོར་གྱི་རིགས། སྤྱིར་བཏང་འཁོར་ལོ་གཉིས་ཅན་གྱི་སྦག་སྦག་འཁོར་ལོ། 

ཁྲིམས་འགལ་ཁ་ལོ་བའི་མིང་། མ་ཆེ་གེ་མོ།


查获时间:2024年12月7日16时15分

违法地点:邮电大楼路口

违法行为:未取得驾驶证驾驶机动车

车牌号码:甘A92146

车辆类型:普通二轮摩托车

违法人姓名:马**

案例三


གྱོད་དཔེ་གསུམ་པ།

རྩད་ཆོད་པའི་དུས་ཚོད། ༢༠༢༤ལོའི་ཟླ་༡༢པའི་ཚེས་༩ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༡༣ཐོག

རྩད་ཆོད་ས།  ཡིག་ཟམ་གློག་འཕྲིན་ཐོག་ཁང་གི་ལམ་མདོ། 

ཁྲིམས་འགལ་བྱ་སྤྱོད། ཁ་ལོ་བས་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བཞིན་ཡོད་པ། 

འཁོར་རྟགས་ཨང་གྲངས། བོད་AK༢༣༤༥

རླངས་འཁོར་གྱི་རིགས། སྤྱིར་བཏང་འཁོར་ལོ་གཉིས་ཅན་གྱི་སྦག་སྦག་འཁོར་ལོ། 

ཁྲིམས་འགལ་ཁ་ལོ་བའི་མིང་། ཧྭ་ཆེ་གེ་མོ།


查获时间:2024年12月9日16时13分

违法地点:邮电大楼路口

违法行为:未取得驾驶证驾驶机动车

车牌号码:藏AK2345

车辆类型:普通二轮摩托车

违法人姓名:华**



འབྲེལ་ཡོད་ཁྲིམས་ལུགས།

法律链接


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ནང་གི་དོན་ཚན་བཅུ་དགུ་པའི་ནང་གསེས་དོན་ཚན་དང་པོ། རླངས་འཁོར་གཏོང་བར་ངེས་པར་དུ་ཁྲིམས་ལྟར་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཡོད་དགོས་པ་དང་། ཁ་ལོ་བའི་ལག་ཁྱེར་ཐོབ་རེ་ཞུ་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་གཏན་འབེབས་བྱས་པའི་རླངས་འཁོར་བཏང་ཆོག་པའི་ཆ་རྐྱེན་དང་མཐུན་དགོས་ལ། རྒྱུགས་ཚད་ལོན་རྗེས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁ་ལོ་བའི་ལག་ཁྱེར་སྤྲོད་སྲིད། 

དོན་ཚན་གོ་དགུ་པ། 

གཤམ་གསལ་གྱི་ཁྲིམས་འགལ་བྱ་སྤྱོད་གཅིག་བསགས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་པས་དེར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་སྟེ། ༡.རླངས་འཁོར་ཁ་ལོ་བའི་ལག་ཁྱེར་མེད་པའམ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་བཏང་བ། ཡང་ན་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཀག་ཉར་བྱེད་རིང་འཕྲུལ་སྒུལ་འཁོར་རིགས་གཏོང་བ། ༢.རང་ཉིད་ཀྱི་འཕྲུལ་སྒུལ་འཁོར་རིགས་དེ་ཁ་ལོ་བའི་ལག་ཁྱེར་མེད་པའམ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་བཏང་ཡོད་པ། ཡང་ན་ཁ་ལོ་བའི་ལག་ཁྱེར་གནས་སྐབས་གཞུང་བཞེས་བྱས་པའི་མི་ལ་གཡར་ནས་གཏོང་དུ་འཇུག་པ་སོགས་ལ་ཉེས་ཆད་གོང་ལྟར་གཅོད་རྒྱུ། 


《中华人民共和国道路交通安全法》

第十九条第一款

驾驶机动车,应当依法取得机动车驾驶证。申请机动车驾驶证,应当符合国务院公安部门规定的驾驶许可条件;经考试合格后,由公安机关交通管理部门发给相应类别的机动车驾驶证。

第九十九条

有下列行为之一的,由公安机关交通管理部门处二百元以上二千元以下罚款:(一)未取得机动车驾驶证、机动车驾驶证被吊销或者机动车驾驶证被暂扣期间驾驶机动车的;(二)将机动车交由未取得机动车驾驶证或者机动车驾驶证被吊销、暂扣的人驾驶的。

ལྷ་སའི་ཉེན་རྟོག་པའི་དྲན་སྐུལ་ཞུ་རྒྱུར། 

ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་བཏང་ན་གནོད་འཚེ་ཧ་ཅང་ཆེ་བས། ཁ་ལོ་བ་རྣམས་ཀྱིས་རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ། ལག་ཁྱེར་བླངས་ནས་འཕྲུལ་སྒུལ་འཁོར་རིགས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེའོ། 


拉萨交警温馨提示

无证驾驶危害巨大

请广大驾驶人

自觉遵守交通法规

持“证”上路 安全回家



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 拉萨发布

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章