ལྕགས་ལམ་༡༢༣༠༦ཚན་རྩལ་གསར་གཏོད་ལྟེ་གནས་ཀྱིས་ཟླ་༡༢པའི་ཚེས་༡༡ཉིན་སྤེལ་བའི་ཡིག་ཆའི་ནང་བསྟན་དོན། ཉེ་ཆར། ཕྱོགས་གསུམ་པའི་དྲ་བའི་ལས་སྟེགས་ག་གེ་མོས་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་མངགས་ཉོ་བྱེད་ཆོག་པ་དང་། སྔ་ཤོས་ལ་ཉིན་༩༠ཡི་སྔོན་ལ་མངགས་ཉོ་བྱ་ཆོག་ཅེས་པ་འདི་ནི་རྫུན་མ་ཡིན་པ་རེད། ཆ་འཕྲིན་འདིའི་རིགས་ལྕགས་ལམ་༡༢༣༠༦ལས་སྟེགས་དང་འབྲེལ་བ་མེད། ལས་སྟེགས་འདིའི་སྟེང་སྤེལ་བའི་བྱ་སྤྱོད་དེས་འགྲུལ་པ་རྣམས་ལ་གོ་ནོར་ཚབས་ཆེན་ཐེབས་ཡོད་པས་མེ་འཁོར་སྤ་སེའི་རྒྱུན་ལྡན་ཉོ་ཚོང་བྱེད་པའི་སྒྲིག་ལམ་དཀྲུགས་ཡོད། དེ་བས་ལྕགས་ལམ་༡༢༣༠༦ལས་སྟེགས་ཀྱིས་འཕྲལ་མར་ཚོང་གཉེར་འུད་སྒྲོག་བྱེད་མཚམས་འཇོག་དགོས་པའི་བརྡ་ཐོ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༥ལོར་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ་༡པའི་ཚེས་༡༤ཉིན་ནས་འགོ་འཛུགས་རྒྱུ་ཡིན་པས། མེ་འཁོར་སྤ་སེ་ཉིན་༡༥སྔོན་ལ་འཚོང་རྒྱུ་ཡིན་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ༢༠༢༤ལོའི་ཟླ་༡༢པའི་ཚེས་༣༡ཉིན་ནས་དངོས་སུ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་མེ་འཁོར་སྤ་སེ་འཚོང་རྒྱུ་རེད།
铁路12306科创中心12月11日发文:近日,某第三方平台公开宣称“春运抢票开始”“最早可提前90天预约”,纯属平台营销炒作,与铁路12306平台无关。该行为严重误导广大旅客,扰乱火车票正常票务秩序。对此,铁路12306平台正告相关第三方平台,务必立即中止此类营销炒作行为。
据悉,2025年春运将于1月14日开始,按照目前火车票提前15天开始发售的规则,2024年12月31日将开售春运第一天火车票。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 拉萨融媒
译文 | 阳光西藏