ཉེ་དུས། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་ཉང་བྲན་མངག་གཏོང་ཁང་ལ་གྲོང་མི་ལི་ཡིས་མི་གཞན་ལ་དངུལ་སྨར་བརྗེ་རོགས་བྱས་ནས་སྒོར་༡༡༠༠མགོ་སྐོར་འོག་ཚུད་འདུག་ཅེས་པའི་གྱོད་དོན་སྙན་ཞུ་ཞིག་འབྱོར་ཡོད་པ་རེད།
དེ་ཡང་ཉིན་དེར་སྐྱེས་པ་ཞིག་ལི་ཡི་ཚོང་ཁང་ནང་ཡོང་ནས། ཁོང་ལ་དངུལ་སྨར་སྒོར་༡༡༠༠བརྗེ་རོགས། ངས་སྐད་འཕྲིན་བརྒྱུད་ཁྱེད་རང་ལ་སྤྲད་ཆོག་ཅེས་བཤད་ནས་དངུལ་སྨར་རག་རྗེས་འཕྲལ་དུ་བྲོས་སོང་བས་ལི་ཡིས་ཉེན་རྟོགས་པར་སྙན་སེང་ཞུས་པ་རེད།
རྗེས་སུ་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ལྷག་ཆེ་གེ་མོའི་སྡོད་གནས་རྩད་ཆོད་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་གྱི་མགྲོན་ཁང་ཞིག་ནས་ཁོ་པ་འཛིན་བཟུང་བྱས་པ་རེད།
近日,城关公安分局娘热派出所案件办理队接到市民李先生(化名)报警称,因帮人“换钱”被骗了1100元,请求派警处理。
据民警调查,当天一陌生男子来到李先生经营的洗衣店,以急需现金,要求店主通过微信转账换取1100元现金,李先生见男子言辞恳切便同意了。然而,该男子拿到钱后,转身就跑,李先生见状遂向公安机关报警。
随后,办案民警通过走访调查、调取监控视频等工作后成功锁定了嫌疑人拉某的活动轨迹,并在拉萨市曲米路某宾馆内将其抓获。
(图为拉某指认作案现场)
མཐར་དོགས་ཡོད་ཉེས་ཅན་ལྷག་ཆེ་གེ་མོས་ལི་ཡི་ཚོང་ཁང་ནས་དངུལ་སྨར་བརྗེ་རྒྱུར་ཁ་གཡར་ཏེ་སྒོར་༡༡༠༠མགོ་སྐོར་བཏང་བའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ལྷག་ཆེ་གེ་མོས་ད་དུང་སྤྱི་ཟླ་༡༢ཚེས་༤ནས་༧ཉིན་བར། དངུལ་སྨར་བརྗེ་རྒྱུར་ཁ་གཡར་ཏེ། ལྷ་ས་གྲོང་ཁྱེར་གྱི་སེར་ར་བྱང་ལམ་དང་། དོག་སྡེ་ལམ་སོགས་ནས་ཚོང་ཁང་གསུམ་གྱི་སྦྱིན་བདག་གི་ལག་ནས་ཁྱོན་སྒོར་༡༤༠༠མགོ་སྐོར་བཏང་བ་ཤེས་རྟོགས་བྱུང་ཡོད་པ་རེད།
ད་ལྟ་འབྲེལ་ཡོད་གཏན་འབེབས་ལྟར། ལྷག་ཆེ་གེ་མོ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་༡༥བྱས་ཡོད་པ་རེད།
ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། དུས་རྒྱུན་འཚོ་བའི་ཁྲོད། སྐད་འཕྲིན་སོགས་བརྒྱུད་དངུལ་སྤྲོད་སྐབས་དོགས་ཟོན་ཆེ་ཙམ་བྱས་ནས་ཁྲིམས་འགལ་བར་མགོ་སྐོར་གཏོང་བའི་གོ་སྐབས་གཏན་ནས་སྤྲོད་རྒྱུ་མེད།
到案后,拉某如实供述自己因待业在家,平时花钱大手大脚,无固定经济来源,一时鬼迷心窍便想到以“换钱”为手段,诈骗李先生1100元用于开销挥霍的违法事实。
经民警进一步调查,另查明:发现拉某还于12月4日至12月7日期间,以同样的方式在拉萨市色拉北路、夺底路等流窜作案,诈骗3家门面,共骗取1400元的违法事实。
目前,办案民警根据《中华人民共和国治安管理处罚法》相关规定,依法对拉某作出行政拘留15日的处罚,案件正在进一步侦办中。
警方提醒
日常生活中
在进行移动支付等
涉及钱财的操作时
应多留个心眼
要注意当面确认收款
切勿因一时大意
让不法分子有可乘之机
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། འཇིགས་མེད།
主编 | 吾见才让
副主编 | 平多 桑布
编辑 | 格丹 晋美
来源 | 平安拉萨
译文 | 阳光西藏