ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་གྲོང་ཤར་ཡན་ལག་སློབ་གྲྭ་རྒྱས་སྐྲུན་བཟོ་སྒྱུར་བྱེད་པ་དང་། དེ་བཞིན་སློབ་གྲྭའི་ཉམས་བཟོ་རྒྱས་སྐྲུན་རྣམ་གྲངས་ནི་པེ་ཅིང་བོད་སྐྱོར་གྱི་གཙོ་གནད་རྣམ་གྲངས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། ཉེ་ཆར་བདེ་བླག་ངང་ལས་མཇུག་བསྒྲིལ་ཞིང་རྩིས་ལེན་རྩིས་སྤྲོད་བྱས་པ་རེད།
作为北京援藏的重点项目之一拉萨市实验小学东城分校改扩建及本部维修改造项目近日顺利完成竣工验收
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་གྲོང་ཤར་ཡན་ལག་སློབ་གྲྭ་རྒྱས་སྐྲུན་བཟོ་སྒྱུར་བྱེད་པའི་རྣམ་གྲངས་ནང་འཛིན་གྲྭ་ཁུ་བསྡུའི་སློབ་ཁྲིད་ཐོག་ཁང་དང་། གད་སྙིགས་བསྡུ་རུབ་ཁང་། རྒྱང་བསྒྲགས་ཚོད་འཛིན་ཁང་དང་དེ་བཞིན་ཕྱོགས་བསྡུས་ཐོག་ཁང་དང་། སློབ་ཁྲིད་ཐོག་ཁང་། དགེ་རྒན་དང་ལས་བཟོའི་ཁྱིང་ཚང་སོགས་ཚུད་ཡོད་པས་འཆར་གཞི་ལྟར་ན་༢༠༢༥ལོའི་ལོ་སྟོད་དུ་དངོས་སུ་བེད་སྤྱོད་ཐུབ་པ་བྱ་རྒྱུ་རེད།
据悉,拉萨市实验小学东城分校改扩建项目建设内容涵盖了新建合班教学楼、垃圾收集房、广播控制室等,并对综合楼、教学楼及教工之家等进行了全面的维修改造,预计将在2025年上半年正式投入使用。
སློབ་གྲྭ་རྒྱས་སྐྲུན་བཟོ་སྒྱུར་བྱས་པ་དེས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས་ནས་དགེ་སློབ་ཚོར་ཤེས་བྱའི་སྐྱེད་ཚལ་ཡིད་དུ་འོང་བ་ཞིག་མཁོ་འདོན་བྱས་ཡོད། པེ་ཅིང་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕེལ་སྒྱུར་ཅུད་ཀྱི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས་ཡིན་པའི་ཏེང་ཝེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས་མུ་མཐུད་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་དང་རིག་གནས་ཁྱད་ལྡན་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་དགེ་སློབ་ཀྱི་སློབ་ཞོར་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
该项目的投入使用,将极大地改善校园的基础设施建设,为师生提供更加丰富的活动空间。北京市第十批援藏干部、拉萨市城关区发改委副主任邓巍在接受采访时表示,后续将计划开展一系列教育研学活动和文化特色展览,丰富师生的课余生活。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 :西藏商报
译文:阳光西藏