ཁྱེད་རང་གིས་གཟུགས་གཞིའི་གནས་ཚུལ་འདིའི་ཐད་རྒྱུས་མངའ་ཨེ་ཡོད།

时事   2024-12-17 15:16   西藏  


点击边框调出视频工具条

སེམས་ཀྱི་ཞིང་ཁམས།  阳光西藏


 

    རྒྱ་མཚོའི་ངོས་ལས་ས་བབ་མཐོ་སར་གལ་སྲིད་ལ་དུག་ཕོག་པའི་རྐྱེན་གྱིས་གཟུགས་གཞི་མི་བདེ་བ་བྱུང་ཚེ། ཤུགས་ཆེ་བའི་སྒུལ་སྐྱོད་ཉུང་ཙམ་གནང་དགོས་པ་དང་། ལམ་སང་གསོ་རླུང་རྔུབ་ནས་ངལ་གསོ་ཡག་པོ་རྒྱག་དགོས་པ་མ་ཟད་འཇུ་བདེ་བའི་ཟས་རིགས་བསྟེན་རྒྱུ་དང་ཆུ་ཁོལ་མང་ཙམ་མཆོད་དགོས། 



当你到高海拔地区因缺氧出现不适感时可以自行进行吸氧  最好是坐着休息  不宜到处走动  不做重体力的劳动  吃容易消化的食物  要多喝水  防止身体出现脱水状况

    
  ཐེངས་འདིའི་ལེ་ཚན་ནང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་གསོ་རིག་འབུམ་རམས་པ་སྐལ་བཟང་དོན་གྲུབ་ལགས་གདན་འདྲེན་ཞུས་ནས་ས་མཐོའི་ཐོག་གལ་སྲིད་ལ་དུག་ཕོག་པའི་རྐྱེན་གྱིས་གཟུགས་གཞི་མི་བདེ་བ་བྱུང་ཚེ་ཡང་དག་པའི་སྒོ་ནས་ལ་དུག་སེལ་ཐབས་སྐོར་མཛུབ་སྟོན་གནང་ཡོད་པས་དགྱེས་གཟིགས་ཡོད་པ་ཞུ།

本期节目邀请了西藏自治区第二人民医院医学博士格桑顿珠为我们解读怎样缓解高原反应 


    རང་ལྗོངས་མང་ཚོགས་ཀྱི་ནད་རིམས་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་བདེ་ཐང་སློབ་གསོའི་ཆེད་སྒྲིག་ལེ་ཚན་བདེ་ཐང་བོད་ལྗོངས་ཞེས་པ་གཉེར་བ་དང་། ལེ་ཚན་འདི་གཉེར་བའི་དམིགས་ཡུལ་ནི་བདེ་ཐང་སྐོར་གྱི་ཤེས་བྱ་དང་བྱ་ཐབས་ཁག་ཁྱབ་གདལ་གཏོང་བ་དང་། སྤྱི་དམངས་ནི་སོ་སོའི་བདེ་ཐང་གི་འགན་འཁུར་མཁན་གཙོ་བོ་དེ་ཡིན་པའི་ལྟ་བ་འཛུགས་པ། མི་རྣམས་ཀྱིས་རང་འགུལ་ངང་ལུས་ཁམས་བདེ་ཐང་ལ་ཕན་པའི་སྤྱོད་ལམ་བསྟེན་པ་བཅས་དམངས་ཡོངས་ཀྱི་གཟུགས་པོ་བདེ་ཞིང་ཐང་བ་ཡོང་བའི་ཆེད་དུ་ཡིན། 

     为进一步提升我区群众疾病防控意识和健康技能,自治区卫生健康委员会与西藏广播电视台联合制作播出健康教育专题栏目《健康西藏》,栏目旨在普及健康科普知识和健康技能,倡导公民是自己健康的第一责任人理念,使人们自觉选择有益于健康的行为和生活方式,提高健康素养水平。


  གཙོ་སྒྲིག་པ།   ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ།  ཕུན་རྡོར།  བཟང་པོ།

     རྩོམ་སྒྲིག་པ། འཇིགས་མེད།  སྐལ་བསྟན།


主编 | 吾见才让

副主编 | 平多  桑布

编辑 | 晋美  格丹

来源 | 阳光工作室

主创人员 |   尼玛  益加  达桑  次旺  边次  

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章