སྨན་ཁང་འདི་ནས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་རྐུན་མ་ཞིག་བཟུང་འདུག

时事   2024-12-16 15:31   西藏  

སྨན་ཁང་ནི་མ་གཞི་ནད་བཅོས་སྲོག་སྐྱོབ་བྱེད་ས་ཞིག་ཡིན་མོད། འོན་ཀྱང་ཉེ་ཆར་མི་ཁ་ཤས་ཤིག་གིས་སྨན་ཁང་ནང་འཛུལ་ནས་ངོ་ཚ་དང་རྒྱུ་འབྲས་རྒྱབ་བསྐྱུར་གྱིས་ནད་པ་དང་ནད་གཡོག་གི་རྒྱུ་དངོས་རྐུ་བཞིན་ཡོད་པ་རེད།

ཉེ་ཆར། ཁྲེང་ཀོན་ཉེན་རྟོག་པས་སྨན་ཁང་ནང་འཛུལ་ནས་ནད་པ་དང་ནད་གཡོག་གི་རྒྱུ་དངོས་བརྐུ་མཁན་རྐུན་མ་རྫབ་ཆེན་ཞིག་བཟུང་འདུག


医院本是治病救人的地方

可是偏偏有些人丧尽天良

竟然将黑手伸向医院里的病人和家属

近日

城关警方成功抓获一名

在医院盗窃病人和家属财物的

犯罪嫌疑人

↓↓↓




案情回顾




   ཉེ་ཆར། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་ཀྱིས་ནད་པ་དང་དེའི་ནང་མིའི་རྒྱུ་ནོར་བརྐུ་མཁན་ཞིག་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་༡འཛིན་བཟུང་བྱས་ཤིང་གྱོད་གཞི་༢དང་སྒོར་ཁྲི་༣ལྷག་ཙམ་རྩད་ཆོད་འདུག

     ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ག་གེ་མོ་ཞིག་ཏུ་ནད་པ་དང་དེའི་ནང་མིའི་རྒྱུ་ནོར་རྐུ་ཤོར་བའི་གྱོད་གཞི་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་དང་། ཉེས་གསོག་དོགས་ཅན་དེས་ནད་པ་དང་ནད་གཡོག་གཉིད་ཤོར་བའི་སྐབས་དང་བསྟུན་ནས་དངུལ་དང་རྒྱུ་ནོར་བརྐུས་ཡོད་པ་རེད། ཉེན་རྟོག་པར་གནས་ཚུལ་དེ་འབྱོར་རྗེས། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་སྐྱིད་རས་མངགས་གཏོང་ཁང་གིས་དེར་དོ་ནན་ཆེར་བསྐྱེད་ཀྱིས་འཕྲལ་མར་མྱུལ་ཞིབ་ཆེད་དོན་ཚོགས་ཆུང་བཙུགས་ནས་གྱོད་གཞི་རྩད་གཅོད་བྱེད་འགོ་བཙུགས་པ་རེད། 

ཉེན་རྟོག་པས་སྨན་ཁང་གི་མཐའ་འཁོར་དུ་མྱུལ་ཞིབ་ནན་ཏན་བྱས་པ་བརྒྱུད། དེ་སྔ་གནས་ཚུལ་ལྷགས་ཁུལ་ཚང་མར་སྐྱེས་པ་དར་མ་ཞིག་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་ཤེས་རྟོགས་བྱུང་བས་ཟླ་༡༢པའི་ཚེས་༤ཉིན། ཉེན་རྟོག་པས་མྱུར་དུ་དོགས་ཡོད་རྐུན་མ་ཀྲའུ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། 


日前,城关公安分局成功破获了一起专门盗窃病人和家属财物的侵财类案件,抓获嫌疑人1名,带破案件2起,涉案价值3万余元。

近期,拉萨市某医院相继发生病人和家属财物被盗案件,犯罪嫌疑人利用受害人看病和熟睡之际,伺机窜入病房盗取病人的“救命钱”和随身财物。接到警情后,城关公安分局吉日派出所高度重视,立即成立侦查专案组破案。民警对医院周边开展细致侦查后发现:案发时,均有同一名中年男子的身影频繁出现于各案发地点附近,此人有重大作案嫌疑。12月4日民警及时出击,一举将盗窃嫌疑人周某抓获。

ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད། ཀྲའུ་ཆེ་གེ་མོས་ཁོ་པས་སྨན་ཁང་དུ་ནད་པ་དང་ནད་གཡོག་གི་དངུལ་དང་རྒྱུ་ནོར་བརྐུས་པའི་གནས་ཚུལ་སྦ་གསང་མེད་པར་ངོས་ལེན་བྱས་པ་རེད།

    ད་ཆ་ཀྲའུ་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་གྱོད་གཞི་དེ་མུ་མཐུད་རྒྱུ་མ་ཕུ་འདེད་གཏོང་བཞིན་ཡོད། 


经审讯,犯罪嫌疑人周某对在医院实施盗窃患者或家属财物的犯罪事实供认不讳。

目前,周某已被刑事拘留,案件在进一步侦办中。




ལོ་མཇུག་སླེབས་མཚམས་འདིར་གྱོད་གཞི་སྣ་ཚོགས་ཐོན་མང་བ་དང་། སྨན་ཁང་ནི་རྐུན་མ་སྡང་ས་ཞིག་ཡིན་པས། ནད་པ་དང་དེའི་ནང་མི་ཚོས་ངེས་པར་དུ་དོགས་ཟོན་ཆེར་བསྐྱེད་བྱེད་དགོས།


年末是各类案件的高发期

医院是容易发生盗窃的地方

市民一定要提高警惕

保管好自己的财物

 不要让小偷有机可乘!


ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།  

警方提醒


༡.ཨང་ཀི་བཀག་སར་རྐུན་མ་མང་བའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་༩དང་༣༠ནས་༡༡བར་ཡིན། གྲོང་མིས་ཨང་ཀི་བཀག་རྗེས་དངུལ་སྨར་ལྷག་མ་མྱུར་དུ་ཕྱིར་དངུལ་ཁུག་ནང་བླུགས་དགོས། 

༢.སྨན་ཆུ་རྒྱག་ས། སྒོ་བསྟེན་སྨན་ཁང་དུ་སྨན་ཆུ་རྒྱག་སྐབས་མིའི་ལུས་སྟོབས་ཞན་པས་ནད་པ་གཉིད་ཅོག་རྒྱག་སླ་བས། རྐུན་མས་དེ་ནི་གོ་སྐབས་ཡག་ཤོས་ཅིག་ལ་རྩི་གི་ཡོད། 

༣.གློག་སྐས་ནང་། གློག་སྐས་ནང་རྐུན་མས་ནད་པའི་ཆས་གྱོན་ཞིང་ལག་ཏུ་ནད་དེབ་བཟུང་ནས་ནད་པ་ཡིན་མདོག་བྱས་ཏེ་གོ་སྐབས་དང་བསྟུན་ནས་རྒྱུ་ནོར་བརྐུ་གི་ཡོད། 

༤.ནད་ཁང་། ནམ་རྒྱུན་ཉིན་གུང་ཁ་ལག་ཟས་རྗེས་དང་མཚན་གུང་གཉིད་ཤོར་སྐབས། རྐུན་མས་ནད་པ་ཡིན་ཁུལ་གྱིས་ནད་ཁང་དུ་འཛུལ་ཏེ་ཁ་པར་བརྐུ་གི་ཡོད། 

༥.སྨན་པ་དང་ནད་གཡོག་གི་གཞུང་ལས་ཁང་། ཉིན་གུང་གི་དུས་སུ་རྐུ་ཤོར་སླ་ཤོས་ཡིན། ཉིན་གུང་སྨན་པ་དང་ནད་གཡོག་ངལ་གསོ་བཞིན་ཡོད་པས། རྐུན་མས་སྐབས་དེ་དང་བསྟུན་ནས་གཞུང་ལས་ཁང་ནང་འཛུལ་ཏེ་དངུལ་དངོས་བརྐུ་གི་ཡོད། 


针对发生在医院的盗窃案件,小编整理出医院最易失窃的5个地点,提醒广大市民注意防范。

挂号窗口。易发时段为上午9:30至11时。市民在挂号交费后,要及时将钱包放回包里。

★输液室。在门诊输液时,不少本身就体弱的患者会熬不住,出现打瞌睡或走神,很容易成为小偷的下手目标。

★电梯。有些时候扒手会伪装成病人,穿上宽大的衣服,手中拿着一些病历做掩护,趁机行窃。

★病房。易发时段为午饭后和深夜。此前就曾发生过小偷伪装成其他病人家属,混入病房,专找那些随意放置的手机下手。

★医生和护士的办公室。中午时分最易被盗。中午时分医护人员休息进餐,办公室极易被侵入。

































































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 拉萨融媒

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章