འཕྲིན་ཐུང་འདི་རིགས་འབྱོར་ཚེ་དོགས་ཟོན་གནང་དགོས།

时事   2024-12-12 15:43   西藏  

ཞིང་ལས་དངུལ་ཁང་ནས་ཁྱེད་ཀྱིས་དངུལ་****གཡར་ཐུབ། དངུལ་དེ་ཟླ་ག་གེ་མོ་དང་ཉིན་ག་གེ་མོར་ཕྱོགས་བསྡུས་དངུལ་བུན་གྱི་དུས་ཚོད་ཐིམ་པ་དང་། ལོ་གསུམ་ནང་ག་དུས་ཡིན་ཡང་གཡར་ཆོག་ལ་དངུལ་བུན་འཇལ་ཆོག་པས། ཁྱེད་ཀྱིས་དུས་ཐོག་ཏུ་ལན་འདེབས་རོགས ལན་འདེབས་དུས་༡གནན་ན་སྐྱེད་ཀ་ཞིབ་བཤེར་བྱ་ཐུབ་པདང་། ༢གནན་ན་ལས་སྒོ་སྒྲུབ་པ། མི་དགོ་ན་Rགནན་ནས་ལན་རྒྱག་དགོས། 


“农行预授给您****元,综合贷款于某月某日到期,三年内随借随还,请您及时回复。回1查利率回2查办理,拒收请回复R”的信息。”

ཉེ་དུས། མངའ་རིས་ས་ཁུལ་གྱི་ཚོང་པ་མང་པོ་ཞིག་གིས་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་ལ་ཞུ་གཏུག་བྱས་ཏེ། ཁོང་ཚོར་ཞིང་ལས་དངུལ་ཁང་གི་དངུལ་བུན་ཡིན་ཁུལ་གྱི་འཕྲིན་ཐུང་འབྱོར་བྱུང་ཞེས་བརྗོད་པ་རེད། ཁ་བསླུས་རྒྱག་ཐབས་འདིའི་རིགས་ལ་བསླུ་བྲིད་ཀྱི་རང་བཞིན་ཆེ་བས། དོགས་ཟོན་མ་བྱས་པར་འཕྲིན་ཐུང་ལ་ལན་བརྒྱབ་ཚེ་ཁ་བསླུས་རྒྱག་མཁན་ཚོས་མི་དེའི་ཐོབ་ཐང་གནས་ཚུལ་གཡོ་ལེན་བྱས་ནས། དངུལ་ཁང་གཱ་ནས་དངུལ་འདོན་པའམ་མི་དེའི་ཐོབ་ཐང་ལ་བརྫུས་ནས་ཁྲིམས་འགལ་ངང་རྩིས་སྒྱུར་བྱེད་པ་སོགས་ཀྱི་ཁ་བསླུས་བྱ་སྤྱོད་སྤེལ་ནས་མི་དེར་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོ་སྲིད།


近期,阿里地区很多客户向农行阿里分行网点反映,他们收到了冒充农行贷款授信短信。此类诈骗手法极具迷惑性,一旦广大客户缺乏警惕,回复短信,诈骗分子便能轻松窃取客户的个人信息,进而实施盗刷银行卡、冒充客户身份进行非法转账等诈骗活动,给客户造成巨大的经济损失。


ཁ་བསླུས་རྒྱག་ཐབས་འདིའི་རིགས་ལ་དམིགས་ནས་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་མང་ཚོགས་ལ་ཞུ་རྒྱུར། 


针对此类诈骗手段,农行阿里分行特此提醒广大客户:

༡. དོགས་ཟོན་བྱ་དགོས་པ། 

དངུལ་ཁང་ཡིན་ཁུལ་གྱི་དངུལ་བུན་གཏོང་བའི་འཕྲིན་ཐུང་གང་ཞིག་ཡིན་རུང་དོགས་ཟོན་བྱེད་དགོས་པ་དང་། འཕྲིན་ཐུང་དེའི་བདེན་རྫུན་ལ་ཞིབ་འབྱེད་གསལ་པོ་བྱེད་དགོས། གང་འདོད་དུ་འཕྲིན་ཐུང་ཁྲོད་ཀྱི་སྦྲེལ་མཐུད་མི་གནོན་པ་བྱ་དགོས་ལ། ལྷག་པར་དུ་མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་གཏན་ནས་ཁ་མི་བསྐོང་བ་བྱ་དགོས། 

༢. ཆ་འཕྲིན་དེའི་བདེན་རྫུན་ལ་ཞིབ་དཔྱད་བྱ་དགོས། 

འཕྲིན་ཐུང་དེ་ལྟ་བུ་འབྱོར་ཚེ། རང་ཉིད་ཀྱིས་གཞུང་ཕྱོགས་ཀྱི་དངུལ་ཁང་གི་ས་ཚིགས་དང་། དངུལ་ཁང་གི་གཞུང་ཕྱོགས་དྲ་ཚིགས། ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་བརྒྱུད་ནས་ཆ་འཕྲིན་གྱི་བདེན་དངོས་རང་བཞིན་ལ་ཞིབ་དཔྱད་བྱ་དགོས་ལ། འཕྲིན་ཐུང་ནང་གི་ནང་དོན་ལ་ཡིད་ཆེས་ནས་ཁ་བསླུས་རྒྱག་མཁན་གྱི་གཡོ་འོག་ཏུ་མི་ཚུད་པ་བྱ་དགོས། 

༣.མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་དགོས། 

མི་སྒེར་གྱིས་རང་ཉིད་ཀྱི་ཆ་འཕྲིན་ཉར་ཚགས་ཡག་པོ་བྱ་དགོས་ཤིང་། དེའི་ནང་རུས་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། དངུལ་ཁང་གི་བྱང་བུའི་ཨང་གྲངས། གསང་བའི་ཨང་གྲངས་སོགས་ལ་བདག་པོ་ཡག་པོ་རྒྱག་དགོས་པ་ལས། གང་རུང་དུ་གཞན་ལ་གཏན་ནས་ཤེས་སུ་འཇུག་མི་རུང་པར་མ་ཟད། དྲ་རྒྱའི་ཁོར་ཡུག་ཡག་པོ་མེད་སར་རང་ཉིད་ཀྱི་ཐོབ་ཐང་ཆ་འཕྲིན་དེ་བས་ཀྱང་ཤེས་སུ་མཇུག་མི་རུང་། 


1.提高警惕:对于任何声称来自银行贷款授信短信,都应保持高度警惕,仔细甄别短信内容的真实性。切勿轻易点击短信中的链接,尤其是要求填写个人信息的链接。


2.核实信息:在收到类似短信时,客户应通过官方渠道(如银行网点、银行官方网站、客服热线等)核实信息的真实性。切勿轻信短信中的一面之词,以免落入诈骗分子的圈套。


3.保护个人信息:客户应妥善保管个人信息,包括姓名、身份证号、银行卡号、密码等敏感信息。切勿随意将这些信息泄露给他人,或在不安全的网络环境下输入个人信息。







ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章