བོད་ནས་རྒྱལ་ཡོངས་ཀྱི་ལྟེ་གནས་ཐོག་མ་ཞིག་བཙུགས་འདུག

时事   2024-12-20 10:34   西藏  

༄༄།།རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལས་བོད་ལུགས་གསོ་རིག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་སྤྱི་ཟླ་༡༢པའི་ཚེས་༡༩ཉིན་ལྷ་སར་འཚོགས་པ་དང་། དེ་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ཀྱིས་དངོས་སུ་ཆོག་མཆན་སྤྲད་ནས་བཙུགས་པའི་རྒྱལ་ཡོངས་ཁོངས་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་ལྟེ་གནས་ཐོག་མ་དེ་ཡིན་པ་རེད། སླད་ཕྱིན་ལྟེ་གནས་འདིས་བོད་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་སློབ་གསོ་དང་ ཚན་ཞིབ། ཐོན་ལས་འཕེལ་རྒྱས། བོད་ལུགས་གསོ་རིག། བོད་སྨན་གྱི་ནད་ཐོག་ཞིབ་འཇུག་ལག་རྩལ་གསར་གཏོད། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ཐད་ལ་སྐུལ་འདེད་ནུས་ལྡན་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤུས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ངེས་རེད།



12月19日国家中医医学中心(藏医)挂牌仪式在拉萨举行这是国家中医药管理局正式批准成立的全国首个国家民族医医学中心将极大推动西藏藏医药医疗教育、科研和产业发展促进藏医药临床研究技术创新和成果转化有力推动藏医药高质量发展

ལྟེ་གནས་འདིས་ས་མཐོའི་ཁུལ་དུ་འཚོ་བཞིན་པའི་མི་དམངས་མང་ཚོགས་ལ་འབྱུང་སླ་བའི་ནད་རིགས་ལ་དམིགས་ནས། དེའི་སྐོར་གྱི་སྨན་བཅོས་དང་། རིགས་པའི་གཞུང་ལུགས། ཞིབ་འཇུག་གི་བྱ་གཞག བོད་སྨན་ཐོན་སྐྱེད་ཀྱི་ཚད་གཞི་སྡེབ་སྒྲིག་བྱས་སྟེ། ཀླད་པའི་ནད་དང་བོད་ལུགས་གསོ་རིག་གི་སྨན་ལུམས་བཅོས་ཐབས་གཙོ་བོར་འཛིན་པ་དང་། ནད་རིགས་གཞན་དག་སྡེབ་གཅིག་ཏུ་འཕེལ་རྒྱས་གཏོང་བར་ནུས་པ་འདོན་སྤེལ་བྱེད་པའི་སྨན་རིགས་ཀྱི་ཞིབ་འཇུག་ལྟེ་གནས་ཤིག་ཡིན། རིགས་པའི་གཞུང་ལུགས་ཞིབ་འཇུག བོད་ལུགས་གསོ་རིག་གི་གོམ་བགྲོད་ལག་ཁྱེར། ཚད་གཞི་གཏན་འབེབས། བོད་སྨན་ཞིབ་འཇུག་གསར་བཟོ། གྲུབ་འབྲས་འཕོ་འགྱུར་སོགས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།


该中心将围绕高原地区人民群众多发性急危重症,整合医、教、研、产等资源,打造以脑卒中、藏医药浴疗法为主,其他病种学科共同发展的高质量医学中心,在理论研究、藏医循证、标准制定、藏药研制、成果转化等方面发挥引领作用。

 ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་བོད་དུ་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣ་༥༢༠༠ལྷག་ཙམ་ཟིན་པ་དང་། བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་༥༡ཡོད། སྡེ་ཁུལ་ཁྱོན་ཡོངས་ལ་བོད་ལུགས་གསོ་བ་རིག་པའི་ཞབས་ཞུ་བཙུགས་ཡོད་པ་དང་། ཤང་དང་གྲོང་རྡལ་དུ་བོད་ལུགས་གསོ་བ་རིག་པའི་ཞབས་ཞུ་ལྟེ་གནས་ཁྱབ་ཚད་༩༤%ཡན་ཟིན་ཡོད། རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཨང་ལོན་པའི་སྨན་སྣ་༣༡༡ཡོད། ད་ལོའི་ལོ་སྟོད་ཟླ་བ་༡༠ཡི་རིང་བོད་སྨན་ཁེ་ལས་༡༧གྱིས་སྒོར་དུང་ཕྱུར་༢༦.༦ཙམ་རི་བའི་སྨན་རྫས་ཐོན་སྐྱེད་བྱས་ཡོད་པ་རེད། 


据介绍,西藏目前藏医专技人员达5200多人,藏医医疗机构51家,社区藏医药服务实现全覆盖,乡镇藏医药服务覆盖率94%以上,拥有国药准字号311个。今年前10个月,17家藏药企业产值26.6亿元。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章