རྒྱལ་ཡོངས་ཀྱི་ལོ་གསར་དང་དུས་ཆེན། དྲན་གསོའི་ཉིན་མོ་བཅས་ཀྱི་ངལ་གསོ་འཇོག་པའི་བྱ་ཐབས་གཞིར་བཟུང་། སྤྱི་དམངས་ཡོངས་ལ་ངལ་གསོ་འཇོག་པའི་དུས་ཆེན་གྱི་གྲས་སུ།
༡ སྤྱི་ལོའི་ལོ་གསར། ངལ་གསོ་ཉིན་༡འཇོག་རྒྱུ། ༼ ཟླ་༡པོའི་ཚེས་༡ ༽
༢ དཔྱིད་གསར་དུས་ཆེན། ངལ་གསོ་ཉིན་༤འཇོག་རྒྱུ། ༼ ལུགས་རྙིང་གི་གནམ་གང་ནས་ཚེས་༤ཉིན་བར ༽
༣ དྭངས་གསལ་དུས་ཚིགས། ངལ་གསོ་ཉིན་༡འཇོག་རྒྱུ། ༼ ལུགས་རྙིང་གི་དུར་ཕྱགས་དུས་ཚིགས་ཉིན ༽
༤ ངལ་རྩོལ་དུས་ཆེན། ངལ་གསོ་ཉིན་༢འཇོག་རྒྱུ། ༼ སྤྱི་ཟླ་༥ཚེས་༡དང་༢ ༽
༥ ལྔ་པའི་ཚེས་ལྔའི་དུས་ཆེན། ངལ་གསོ་ཉིན་༡འཇོག་རྒྱུ། ༼ ལུགས་རྙིང་གི་ལྔ་པའི་ཚེས་ལྔའི་ཉིན ༽
༦ ཟླ་མཆོད་དུས་ཆེན། ངལ་གསོ་ཉིན་༡འཇོག་རྒྱུ། ༼ ལུགས་རྙིང་ཟླ་མཆོད་དུས་ཆེན་ཉིན ༽
༧ རྒྱལ་སྟོན། ངལ་གསོ་ཉིན་༣འཇོག་རྒྱུ། ༼ སྤྱི་ཟླ་༡༠ཚེས་༡ནས་༣ཉིན་བར ༽
གོང་གསལ་གྱི་ངལ་གསོ་འཇོག་པའི་དུས་ཚོད་དེ་ཏག་ཏག་གཟའ་མཇུག་དང་འཁེལ་ན། ལས་ཀའི་ཉིན་མོར་ངལ་གསོ་འཇོག་དགོས། སྤྱི་དམངས་ཡོངས་ངལ་གསོ་འཇོག་པའི་དུས་ཚོད་དེ་ལུགས་མཐུན་ངང་ལེགས་སྒྲིག་བྱེད་དགོས་པ་དང་། ངལ་གསོ་བཞག་ཀྱང་གླ་ཕོགས་ལེན་རྒྱུ་ཡོད་པ་སོགས་ཀྱི་ལམ་སྲོལ་དང་བཟུང་འབྲེལ་བྱས་ཏེ། ངལ་གསོའི་ཉིན་ཅུང་རིང་ཙམ་ཡོད་པ་བྱ་དགོས། དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཕུད། ཁྲིམས་བཀོད་དུས་ཆེན་གྱི་ངལ་གསོའི་སྔ་གཞུག་ཏུ་རྒྱུན་མཐུད་དེ་ལས་ཀ་བྱེད་ཚད་ཉིན་༦ལས་བརྒལ་མི་ཆོག
སྤྱི་དམངས་ཁག་ཅིག་ལ་ངལ་གསོ་འཇོག་པའི་དུས་ཆེན་དང་དྲན་གསོའི་ཉིན་མོ།
༡ བུད་མེད་དུས་ཆེན། ངལ་གསོ་ཉིན་ཕྱེད་འཇོག་རྒྱུ། ༼ སྤྱི་ཟླ་༣ཚེས་༨ཉིན ༽
༢ གཞོན་ནུའི་དུས་ཆེན། ལོ་༡༤ཡན་གྱི་གཞོན་ནུར་ངལ་གསོ་ཉིན་ཕྱེད་འཇོག་རྒྱུ།༼ སྤྱི་ཟླ་༥ཚེས་༤ཉིན ༽
༣ བྱིས་པའི་དུས་ཆེན། ལོ་༡༤མན་གྱི་བྱིས་པར་ངལ་གསོ་ཉིན་༡འཇོག་རྒྱུ། ༼ སྤྱི་ཟླ་༦ཚེས་༡ཉིན ༽
༤ ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་པའི་དྲན་གསོའི་ཉིན་མོ། དངོས་ཞབས་དམག་མིར་ངལ་གསོ་ཉིན་ཕྱེད་འཇོག་རྒྱུ། ༼ སྤྱི་ཟླ་༨ཚེས་༡ཉིན ༽
གོང་གསལ་གྱི་ངལ་གསོ་འཇོག་པའི་དུས་ཆེན་ནམ་དྲན་གསོ་ཉིན་མོ་དེ་ཏག་ཏག་གཟའ་མཇུག་དང་འཁེལ་ན་བསྐྱར་དུ་ངལ་གསོ་འཇོག་རྒྱུ་མིན།
གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན།
གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་སོ་སོའི་གོམས་སྲོལ་ལྟར་ངལ་གསོ་འཇོག་པའི་དུས་ཚོད་གཏན་འཁེལ་བྱ་དགོས།
根据《全国年节及纪念日放假办法》:
全体公民放假的节日:
1.元旦,放假1天(1月1日);2.春节,放假4天(农历除夕、正月初一至初三);3.清明节,放假1天(农历清明当日);4.劳动节,放假2天(5月1日、2日);5.端午节,放假1天(农历端午当日);6.中秋节,放假1天(农历中秋当日);7.国庆节,放假3天(10月1日至3日)。如果适逢周六、周日,应当在工作日补假。
全体公民放假的假日,可合理安排统一放假调休,结合落实带薪年休假等制度,实际形成较长假期。除个别特殊情形外,法定节假日假期前后连续工作一般不超过6天。
部分公民放假的节日及纪念日:
1.妇女节(3月8日),妇女放假半天;2.青年节(5月4日),14周岁以上的青年放假半天;3.儿童节(6月1日),不满14周岁的少年儿童放假1天;4.中国人民解放军建军纪念日(8月1日),现役军人放假半天。如果适逢周六、周日,不补假。
少数民族习惯的节日:
由各少数民族聚居地区的地方人民政府,按照各该民族习惯,规定放假日期。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན།
主编 | 吾见才让
副主编 | 平多 桑布
编辑 | 晋美 格丹
来源 | 中国政府网
译文 | 阳光西藏