ཟླ་༡༢ཚེས་༡༦ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁོངས་གཏོགས་ལྷ་ཉིང་མྱུར་ལམ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་ལམ་ལྷ་ཉིང་ལམ་དུམ་སྟེ་ཉིང་ཁྲི་ནས་ལྷ་སར་སྐྱོད་སའི་མྱུར་བགྲོད་གཞུང་ལམ་ཐོག་སྐོར་ཞིབ་བྱེད་སྐབས། 1852KMཉེ་འཁོར་གྱི་ལམ་དུམ་དུ་རྒྱབ་ལ་མི་བཞོན་པའི་གློག་འཁོར་ཞིག་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།
12月16日
拉萨市公安局交通警察支队
拉林高速交警大队民警
在雅叶高速拉林段
林芝往拉萨方向的高速公路上巡逻时
在1852KM附近路段
发现一辆载人的电动车
在高速公路上行驶
འགྲིམ་འགྲུལ་ཉེན་རྟོག་པས་ཁྱེད་ཀྱི་བྱ་སྤྱོད་འདི་ནི་རང་གཞན་གཉིས་ཀའི་ཚེ་སྲོག་བདེ་འཇགས་ལ་འགན་མི་འཁུར་བའི་བྱེད་སྟངས་ཤིག་རེད། འགྲིམ་འགྲུལ་དོན་རྐྱེན་ཐོན་ཚེ་དཔེ་བསགས་པ་རེད་ཅེས་བརྗོད་པ་དང་། བདེ་འཇགས་འགན་ལེན་ཐུབ་པའི་རྨང་གཞིའི་ཐོག་ཉེན་རྟོག་པས་འཕྲལ་དུ་ཁ་ཏ་བསླབ་བྱེད་པ་དང་ཆབས་ཅིག་མྱུར་བགྲོད་ནས་བབ་རོགས་བྱས་པ་རེད། བདེ་འཇགས་ཁུལ་དུ་སླེབས་རྗེས་ཉེན་རྟོག་པས་དེ་སྔོན་ལྷག་མྱོང་བའི་གནས་ཚུལ་ངོ་མ་དཔེར་དྲངས་ནས་སློབ་གསོ་དང་སྐྱོན་བརྗོད་ནན་པོ་བྱས་པ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་ཁྱབ་གདལ་བཏང་ནས། ཁྲིམས་ལུགས་ལ་སྲུང་བརྩི་ཞུས་ནས་གནས་ཚུལ་དེ་རིགས་སླར་ཡང་མི་ཐོན་པ་བྱེད་དགོས་པའི་མངག་བྱ་བྱས་པ་རེད།
“你的行为不仅是对自己的生命安全不负责,也是对他人生命安全的不负责任。一旦发生交通事故,后果将不堪设想!”在确保安全的前提下,民警立即劝导并护送其驶离高速,车辆停靠至安全区域后,民警结合以往发生的真实案例,对其进行了严肃的批评教育,向其科普相关的交通安全法律法规,叮嘱其要遵法守法,避免类似的情况再次发生。
གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་རེ་བདུན་པའི་ནང་། རྐང་ཐང་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། འདྲུད་འཐེན་འཁོར་ལོ། འཁོར་དབྱིབས་ཆེད་སྤྱོད་འཕྲུལ་ཆས་འཁོར་ལོ། འགྲུལ་སྐྱེལ་རླངས་འཁོར་ཐག་འབྲེལ་ཅན། འདྲུད་སྒྲོམ་འཁོར་ལོ་བཅས་དང་། དེ་བཞིན་ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་༧༠ལས་དལ་བ་ཡོད་པའི་འཕྲུལ་སྒུལ་འཁོར་རིགས་གཞན་དག་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཆོག་གི་མེད་པ་རེད།
《中华人民共和国道路交通安全法》
第六十七条 行人、非机动车、拖拉机、轮式专用机械车、铰接式客车、全挂拖斗车以及其他设计最高时速低于七十公里的机动车,不得进入高速公路。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 :平安拉萨
译文:阳光西藏