ཕུག་ལམ་འདི་ཏལ་འབིགས་ཐུབ་ནས་ལམ་ཐག་ཆུ་ཚོད་གཅིག་ཙམ་ཐུང་དུ་ཕྱིན་འདུག

时事   2024-12-17 17:50   西藏  

点击边框调出视频工具条

སེམས་ཀྱི་ཞིང་ཁམས།  阳光西藏


     སྤྱི་ཟླ་༡༢ཚེས་༡༦ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༡༨ཐོག་འབར་གཏོར་གྱི་སྒྲ་གྲགས་པ་དང་ཆབས་ཅིག་བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་འཛུགས་སྐྲུན་དོ་དམ་བྱེད་པ་དང་ཀྲུང་གོ་ལྕགས་ལམ་ཅུད་ཉི་ཤུ་པས་སྐྲུན་པའི་རྒྱལ་ལམ་༣༡༨ལམ་ཐིག་༼ ར་འོག་ལམ་དུམ ༽ལེགས་སྒྲིག་རྒྱས་སྐྲུན་ལས་གྲྭའི་ཕུག་ལམ་རིང་པོ་སྟེ་ར་འོག་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད། 

12月16日上午10点18分

随着一声爆破声传来

由西藏交通发展集团有限公司

建设管理

中铁二十局参建的

国道318线(然乌段)

整治改建工程特长隧道

——然乌隧道顺利贯通


རྒྱལ་ལམ་༣༡༨ལམ་ཐིག་ལེགས་སྒྲིག་རྒྱས་སྐྲུན་ལས་གྲྭའི་ར་འོག་ཕུག་ལམ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ཁོངས་སུ་གནས་པ་དང་ཁྱོན་རིང་ཚད་སྨིད་༤༡༣༠ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨིད་༤༢༠༠ཡོད་པ་རེད། ཕུག་ལམ་དེར་ས་མཐོའི་ས་གཤིས་ཀྱི་གས་སྲུབས་ས་རྒྱུད་དང་། བྲག་རྡོ་གས་པ། བྲག་རྡོ་མཉེན་པོ། གློ་བུར་དུ་ཆུ་རུད་རྒྱུག་པ་སོགས་ཀྱི་གནོད་འཚེའི་ཉེན་ཁ་འཕྲད་ནས་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། དྲོད་ཚད་འགྱུར་སླ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཨར་ལས་བྱེད་ཁག་པ་དང་། བདེ་འཇགས་ཀྱི་ཉེན་ཁ་ཆེ་བ། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུར་དཀའ་ཚེགས་ཆེན་པོ་བཅས་ཡོད་པ་རེད།

国道318线整治改建工程然乌隧道位于西藏昌都八宿县然乌镇境内,全长4130米,平均海拔4200米。隧道面临高原地质断层破碎带、岩爆、软岩大变形、突泥涌水等灾害威胁,具有高海拔、高寒、高温差“三高”的特点,施工难度大,安全风险高,生态保护任务艰巨。


རྒྱལ་ལམ་༣༡༨ལམ་ཐིག་༼ ར་འོག་ལམ་དུམ ༽བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་དཔའ་ཤོད་ནས་ར་འོག་བར་གྱི་རླངས་འཁོར་གྱི་ལམ་ཐག་ཐད་དེ་སྔའི་ཆུ་ཚོད་གཉིས་ནས་ཆུ་ཚོད་གཅིག་བར་ཐུང་དུ་ཕྱིན་ནས་དེ་སྔ་གཡབ་ཕུག་ནང་ཡུན་རིང་རླངས་འཁོར་འགག་པ་དང་། རྡོ་ལྷུང་བ། འཁྱག་པ་ཐེབས་པ་སོགས་ཀྱི་བདེ་འཇགས་ཀྱི་རྐྱེན་ངན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་ཡིན་པ་དེས་ས་གནས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

国道318线(然乌段)整治改建工程建成通车后,八宿到然乌的车程将由原来的两小时缩短至一小时,有效解决原有棚洞长期堵车、落石、暗冰等安全隐患,对缓解地方交通压力、支持地方经济发展具有重要意义。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན།


主编:吾见才让

副主编:平多  桑布  

编辑:晋美  格丹

 来源:新华社

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章