ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུད་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་གསལ་བསྒྲགས་སྤེལ་ནས་ཡར་ལྷ་ཤམ་པོའི་གངས་རིའི་མཛེས་ལྗོངས་ཁུལ་ད་བར་གསར་སྤེལ་བྱས་མེད་པ་མ་ཟད། དོ་དམ་བྱེད་མཁན་མེད་པའི་གནས་ཚུལ་འོག་མཛེས་ལྗོངས་ཁུལ་གྱི་མཚོ་མོར་དར་ཆགས་ཀྱང་འཁྱགས་པའི་མཐུག་ཚད་མི་འདྲ་བར་བརྟེན་མིའི་ལྗིད་ཚད་ལ་གས་ཆག་དང་རྡིབ་པའི་ཉེན་ཁ་འཕྲད་སྲིད། དེ་མིན་མཛེས་ལྗོངས་ཁུལ་དེ་གར་ལག་ཐོགས་ཁ་པར་གྱི་བརྡ་རྟགས་འཚོལ་བཤེར་བྱེད་ཐབས་བྲལ་བ་དང་། གལ་ཏེ་གློ་བུར་གྱི་བདེ་འཇགས་དོན་རྐྱེན་ཐོན་ཚེ་གནས་འདིར་ཕེབས་མཁན་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་ཐབས་བྲལ་བ་སོགས་ཀྱིས་རྐྱེན་པས། མཚོ་ངོས་སུ་འཁྱགས་ཤུད་གློད་པ་དང་། འགྲོ་འོང་བྱེད་པ། པར་རྒྱག་པའམ་ཡང་ན་འཁྱགས་པའི་ཐོག་བྱེད་སྒོ་གཞན་གང་ཡང་སྤེལ་མི་ཆོག གལ་སྲིད་ཁ་ཏ་བྱས་ཀྱང་མ་ཉན་པར་བདེ་འཇགས་དོན་རྐྱེན་ཐོན་ཚེ་ཚང་མ་སོ་སོ་རང་ཉིད་ཀྱིས་འགན་འཁུར་དགོས་ཞེས་བརྗོད་ཡོད་པ་རེད།
དྲན་སྐུལ་ཞུ་རྒྱུར།
ཁྱེད་རང་གི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་གི་ཆེད་དུ་གནས་འདིར་ཕེབས་རིང་མཚེའུའི་ངོས་དང་རྒྱང་རིང་ཙམ་བྱས་ཏེ་བདེ་འཇགས་མཛུབ་སྟོན་གྱི་རྟགས་བཀོད་པའི་ཁུལ་དུ་ཕེབས་རོགས།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན།
主编:吾见才让
副主编:平多 桑布
编辑:晋美 格丹
来源:网信乃东
译文:阳光西藏