རིམས་འགོག་སྨན་ཁབ་ཀྱིས་བྱིས་པར་རིམས་ནད་ཕོག་རྒྱུ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ལོ་༣ཡན་གྱི་བྱིས་པ་ཁག་ཅིག་ལ་རྒྱག་དགོས་ངེས་ཀྱི་རིམས་འགོག་སྨན་ཁབ་བཞི་བརྒྱབ་མེད་པ་ཤེས་རྟོགས་བྱུང་འདུག་པས་ཁྱིམ་བདག་ཀྱིས་ངེས་པར་དུ་གང་མགྱོགས་རིམས་འགོག་སྨན་ཁབ་རྒྱག་པར་ཕེབས་དགོས།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིམས་འགོག་ལྟེ་གནས་ཀྱིས་རིམས་འགོག་སྨན་ཁབ་ཆད་པའི་རྒྱུ་རྐྱེན་ལ་ཕྱོགས་གཉིས་ཐད་ནས་དབྱེ་ཞིབ་བྱས་ཡོད་པ་རེད། དང་པོ་ནི་ཁྱིམ་བདག་ཁག་ཅིག་གིས་ལོ་༣མན་གྱི་རིམས་འགོག་སྨན་ཁབ་ཚང་མ་བརྒྱབ་ཟིན་པས་ལོ་༣ཡན་ལོན་པའི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་དགོས་པ་མི་ཤེས་པ། གཉིས་ནི་ཁྱིམ་བདག་ཁག་ཅིག་གིས་རིམས་འགོག་སྨན་ཁབ་ལ་སྣང་ཆུང་བྱེད་པ་སྟེ་ཕྲུ་གུ་བུ་བཅོལ་ཁང་ལ་ཚུད་ཟིན་པས་རིམས་འགོག་སྨན་ཁབ་རྒྱག་པའི་དགོས་པ་མེད་པའི་ངོས་འཛིན་བྱེད་པ།
དོན་དུ་ལོ་༣ཡན་གྱི་བྱིས་པར་ཉུང་མཐར་ཡང་རིམས་འགོག་སྨན་ཁབ་བཞི་ཡན་རྒྱག་དགོས་ཀྱི་ཡོད། བྱིས་པར་གོང་གི་རིམས་འགོག་སྨན་ཁབ་བཞི་ཆད་ཚེ་དེ་སྔོན་བརྒྱབ་པའི་རིམས་འགོག་སྨན་ཁབ་ཀྱི་ཕན་ནུས་ཞན་དུ་འགྲོ་བ་མ་ཟད་བྱིས་པའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཡང་གནོད་པའི་རིམས་ནད་འགོ་བའི་ཉེན་ཁ་ཡོད།
疫苗接种可以保护儿童免受疾病侵害
拉萨市城关区疾病预防控制中心
近日调查发现
拉萨市部分3岁以上儿童
漏种了四个应种疫苗
请家长务必尽快安排!
↓↓↓
拉萨市城关区疾控中心分析了漏种原因:一方面,部分家长认为小孩3岁之前疫苗已经接种全了,不知道3岁以后还需要接种疫苗;另一方面,还有部分家长对疫苗接种重视度不足,认为小孩上幼儿园了,没有必要再接种。
其实,小孩3岁以后至少还要接种四针疫苗,分别是A+C流脑疫苗第一针和第二针、脊髓灰质炎疫苗第四针以及白破疫苗。小孩如果漏种这几种疫苗,将会影响前期接种疫苗的效果,并且很有可能感染严重危害儿童健康和生命安全的传染病。
བྱིས་པ་ལོ་༦ལ་སླེབས་སྐབས་རིམས་འགོག་སྨན་ཁབ་ཐེངས་༢༠པ་དེ་རྒྱག་དགོས་པས་ཁྱིམ་བདག་ནས་སྔོན་འགོག་རྒྱག་ཐོའི་ཐོག་རིམས་འགོག་སྨན་ཁབ་ཐེངས་༢༠བརྒྱབ་ཡོད་མེད་ཞིབ་ཕྲ་བལྟ་དགོས། གལ་ཏེ་བརྒྱབ་མེད་ན་གང་མགྱོགས་རྒྱག་པར་འགྲོ་དགོས། ལོ་༡༨གོང་དུ་རིམས་འགོག་སྨན་ཁབ་མང་ཆེ་བ་ཁ་གསབ་བྱེད་ཐུབ་ཀྱི་ཡོད།
温馨提示
儿童满6岁应接种20剂次免疫规划疫苗(免费疫苗),请家长认真核对预防接种证,是否有20剂次的疫苗接种信息,如果没有打齐尽快去补种,18岁之前大多免疫规划疫苗都能补种。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 :城关健康人生
译文:阳光西藏