ལུང་གཞུང་ཁག་ལ་དགུན་ཁ་བསྐྱལ་བཞིན་པའི་འདབ་ཆགས་སྙིང་རྗེ་པོ་ལགས།

时事   2024-12-16 18:05   西藏  

དགུན་དུས་ཀྱི་ཞོགས་པ་ཞིག་ལ། འོད་ལམ་ལམ་གྱི་ཉི་འོད་དང་བསྡོངས་་ནས་ལྷིང་ཞིང་འཇགས་པའི་ལྷ་སའི་མཚན་མོའི་ཡོལ་བ་རིམ་གྱིས་ཕྱེས་ཤིང་དྲོད་ཁོལ་སྦྱིན། བྱ་དང་བྱེའུ་ཡི་སྐད་སྙན་དེ་དབྱངས་དང་བསྡེབས་ནས་གནས་འདིའི་མི་རྣམས་བྲེལ་བའི་ལས་ལ་ཞུགས། དེ་ལས་ཀྱང་གཤོག་འགྱུར་མཛེས་ལ་སྒེག་ཉམས་དོད་པའི་ཁྲུང་ཁྲུང་སྐེ་ནག་དག་ཁྱུ་དང་ཁྱུ་བྱས་ཏེ་གནས་འདིར་ཡང་ཡང་འཕུར་ལྡིང་བྱེད་བཞིན་ཡོད། 


冬日的拉萨河谷

阳光在大地留下倩影

唤醒寂静的山庄

栖息在河谷的黑颈鹤

也伴着朝阳

开启一天的悠闲生活

བོད་ཀྱི་ས་ཆ་འདིར་ཁྲུང་ཁྲུང་སྐེ་ནག་ལ་ས་མཐོའི་ལྷ་བྱ་ཞེས་འབོད་སྲོལ་ཡོད་ལ། ལྷ་བྱ་འདིའི་མགོ་བོ་དང་འཇིང་པ་ནག་པོ་ཡིན་ཞིང་། སུག་པ་རིང་བས་འདབ་ཆགས་ཀུན་ལས་སྐྱེས་གཟུགས་ཡག་པ་ཡོད། 

ལོ་རེའི་ཟླ་བཅུ་པའི་ཟླ་དཀྱིལ་ཙམ་ལ། ཁྲུང་ཁྲུང་སྐེ་ནག་དེ་དག་སེར་གླིང་མཚོ་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་ནས་འཕུར་ཏེ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་སོགས་སུ་དགུན་ཁ་བསྐྱལ་བར་འོང་བཞིན་ཡོད།


黑颈鹤有着“高原精灵”之称。修长的颈部、腿部线条,远远看上去体态婀娜、身姿灵动,头颈部的黑色,让这种野生动物格外具有辨识度。

每年十月中旬左右,黑颈鹤便会从色林错黑颈鹤国家级自然保护区、羌塘国家级自然保护区等地飞抵相对来说比较暖和的雅鲁藏布江中游河谷等地过冬。

ལྷ་སའི་མལ་གྲོ་གུང་དཀར་རྫོང་གི་ཀླུང་ཤོད་ལུང་གཞུང་གི་དྭངས་ཤིང་གཙང་བའི་མཚེའུ་འགྲམ་ངོགས་སུ་ཁྲུང་ཁྲུང་སྐེ་ནག་བག་ཡངས་ངང་རྒུམ་འབུ་འཚོལ་བཞིན་ཡོད་པ་དང་། སྐབས་རེར་གཤོག་པ་བརྐྱངས་ནས་ཞབས་བྲོ་འཁྲབ་བཞིན་ཡོད་ལ། སྐབས་རེར་སྙན་ཞིང་འཇེབས་པའི་སྐད་སྙན་སྒྲོག་བཞིན་ཡོད། དེ་བས་ཀྱང་སྐབས་རེར་དགའ་ཞིང་མགུ་བའི་ངང་ཕན་ཚུན་ལ་འཁྱུག་རྩེད་བྱེད་བཞིན་འཐམས་པའི་དགའ་བདེའི་དཔལ་ལ་རོལ་བའི་མཇེས་པ་འདིས་གནས་འདིར་ལྟ་བས་མི་ངོམས་པའི་མིག་གི་ལོངས་སྤྱོད་བཤམས་བཞིན་ཡོད། 


在拉萨墨竹工卡龙雪河谷,黑颈鹤时而低头觅食,时而闲庭信步,时而挥翅舒展,它们的身影与远处成群结队的牛马、皑皑雪山以及清澈的湖水互交互织,构成了一幅人与自然和谐共生的美好画卷。

冬日暖阳下,大片的湿地水面波光粼粼,黑颈鹤成群结队地在这里觅食、嬉戏。它们时而舒展着修长翅膀翩翩起舞;时而在浅水中优雅踱步寻找植物根茎、昆虫与鱼虾并啄食;时而警觉地抬头张望,留意四周动静。

གལ་ཏེ་ཁྱེད་རང་གིས་མཛེས་པའི་སྒེག་ཉམས་ཅན་ལྷ་བྱ་ཁྲུང་ཁྲུང་སྐེ་ནག་གི་མཚར་སྡུག་ལ་མིག་གི་ལོངས་སྤྱོད་བྱ་འདོད་ན། ལྷ་སའི་ལྷུན་གྲུབ་རྫོང་གི་སྟག་མགོ་ཚུ་མཛོད་དང་། མལ་གྲོ་གོང་དཀར་རྫོང་གི་ཀླུང་ཤོད་ལུང་གཞུང་སོགས་སུ་བསྐྱོད་ན་འགྲིག

འོན་ཀྱང་གསལ་འདེབས་ཞུ་རྒྱུ་ཞིག་ལ། གནས་འདི་དག་ནས་ཁྲུང་ཁྲུང་སྐེ་ནག་གི་མཛེས་ཉམས་ལ་རོལ་སྐབས་ངེས་པར་དུ་དེ་ལ་གནོད་པ་མི་སྐྱེལ་བར་ཞུ།།


如果你也想近距离观赏黑颈鹤,可以前往林周县虎头山水库、墨竹工卡县龙雪河谷等地“邂逅”它们哦~期间,请注意文明观鸟,为黑颈鹤等候鸟共同营造一个良好的“寒假”环境呦。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 拉萨文旅微信公众号

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章