དགེ་རྒན་གྱི་དུས་ཆེན་ལ། གངས་ཆུ།

文摘   2024-09-09 21:31   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




 རང་སེམས་ཀྱི་གད་དར།

—དགེ་རྒན་གྱི་དུས་ཆེན་ལ།
གངས་ཆུ།




འདི་ལྟའི་དུས་ཆེན་ཞིག་ལ།།
བདེ་མོའི་ངག་ཅིག་ལྡན་ན།།
སྙན་པའི་དབྱངས་ལ་བཀུག་ནས།།
བསྟོད་པའི་གླུ་རེ་ལེན་ཆོག།


ཡིད་ཀྱི་སྤང་ལྗོངས་སྟེང་ལ།།
མེ་ཏོག་སྡུག་གུར་བཀྲ་བ།།
འཛུམ་པའི་མེ་ཏོག་ཕྲ་ཚོམ།།
སེམས་ཀྱི་རྒྱགས་བྲོ་ཡིན་སོང་།།


རབ་སྒེག་དབྱར་གྱི་མཐའ་མའི།།
སྣ་ཚོགས་འབྲས་ལྡན་དུས་ལ།།
དཔྱིད་དུས་བཏབ་པའི་ས་བོན།།
གཡུར་ཟའི་ལོ་འབྲས་ལྡེམ་ལྡེམ།།


རླུང་བུ་རྒྱུད་ཕྱོགས་ཤིག་གིས།།
དྲི་འཛིན་སྣ་ཡི་རྒྱལ་བོར།།
བཅུད་ལྡན་སྐྱེས་སུ་འབུལ་བས།།
ལུས་སེམས་བདེ་ལ་བཀོད་བྱུང་།།


ཡང་དག་རིག་པའི་ལམ་ལ།།
བརྩོན་པའི་རྔུལ་ཆུ་ཟགས་སོང་།།
མཛེས་པའི་རི་མོའི་གཟུགས་བརྙན།།
ཆུ་དང་ཆར་པས་བརླན་ནམ།།


མཐོངས་ཀྱི་སྤྲིན་ལ་བལྟས་ན།།
བར་ཐག་ཁྲི་ཡིས་ཆོད་པ།།
ནམ་ཞིག་འཕུར་རྒྱུ་བྱུང་ནས།།
རེག་རྒྱུ་བྱུང་ན་བསམ་བྱུང་།།


གང་ཡིན་སེམས་ཀྱི་མེ་ཏོག།
ཡིད་ཀྱི་གཏིང་ན་བཞད་པའི།།
མཛའ་བརྩེ་ཕྱི་ཐག་རིང་པོ།།
ཡུན་རིང་གནས་ན་བསམ་བྱུང་།།


སྟེགས་བུའི་སྟེང་ལ་འབུད་དུས།།
འདྲ་འདྲ་སྣང་བའི་ཁོ་ཚོར།།
མི་འདྲ་ལྟར་དུ་སྣང་ཡང་།།
འདྲ་བའི་བསམ་པ་བཟུང་ཡོད།།


སློབ་གསོའི་ཡང་སྙིང་བསམས་ན།།
དོན་གྱི་གནད་ལ་འཕྲད་དུས།།
འཕྱུགས་པའི་ཆ་ཡང་མང་བས།།
དཀྱེལ་ཡངས་གནང་རོགས་མཛོད་ཅིག།


ཕར་གྱི་བརྩེ་འཛུམ་མཐོང་ན།།
ཚུར་གྱི་སེམས་པ་གཡོས་བྱུང་།།
ཁ་དོག་དཀར་པོར་སྣང་བའི།།
ཁ་བའི་རང་བཞིན་ཡིན་སོང་།།


རྒྱ་མཚོའི་གཏིང་དཔག་དཀའ་བས།།
ཉ་མོ་འཁྱུག་རྩལ་ཅན་པོས།།
རྦ་རླབས་དགུང་ལ་འཕྱུར་ན།།
རྩལ་དྲུག་ལུས་ལ་འཛོམས་དགོས།།


ལམ་ཐག་རིང་སོང་མ་བསམ།།
དུས་ནི་སྐད་ཅིག་ཙམ་ཡིན།།
ཕྱིར་དྲན་ཐེངས་གཅིག་བྱས་ན།།
རྨི་ལམ་ཞིག་དང་འདྲ་བྱུང་།།


རྣམ་དཀར་གཞན་ཕན་ལས་ལ།།
འཇུག་པའི་བསྐལ་བ་བཟང་བས།།
རང་ནུས་མདའ་མོའི་ཉག་ཕྲན།།
འབུལ་བའི་སེམས་པ་ཡོད་དོ།།


དེ་ཡང་རང་བསྟོད་ཙམ་གྱིས།།
ཕན་ཐོགས་ཆུང་བར་སྣང་ཡང་།།
བློ་གསལ་གཞོན་ནུའི་ཚོགས་ལ།།
རང་ནུས་ཅུང་ཙམ་བཏོན་ཡོད།།


མ་བརྟག་བསྙད་པའི་ཚིག་ལ།།
དོན་གྱི་སྙིང་བོས་དབུལ་མོད།།
ཀ་ཁའི་སྒྲ་ཡི་རོལ་དབྱངས།།
རྣ་བའི་བཅུད་དུ་སྨིན་སོང་།།


ལས་དང་བསོད་ནམས་ལྡན་སོང་།།
དུས་དང་བསྐལ་བ་ཡག་སོང་།།
རང་སེམས་མེ་ལོང་ངོས་ལ།།
གད་དར་ལན་གཅིག་བྱས་ཡོད།།


༢༠༢༤ལོའི་ཟླ༩པའི་ཚེས༩ཉིན།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章