“ཞབས་ཞུ”ཞེས་པའི་མིང་གི་བརྡ་འདེད།  པདྨ་དོན་གྲུབ།  

文摘   2024-08-15 10:05   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





ཞབས་ཞུཞེས་པའི་མིང་གི་བརྡ་འདེད།


 

པདྨ་དོན་གྲུབ།  རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་།


 

དེང་སྐབས་ཕ་རོལ་པོ་ལ་ཞབས་འདེགས་གམ་སྲི་ཞུ་སྒྲུབ་པའི་བྱ་བ་དེར་ཞབས་ཞུ་ཞེས་བརྗོད་ཅིང་། དེ་ནི་ག་ས་གར་དེ་ལྟར་མཐོང་དུ་ཡོད་པས་ང་ཚོའི་མིག་ལ་གོམས་ཤིང་ཡིད་ལ་འདྲིས་པ། ལག་ལེན་དང་སྤྱོད་ཚད་མཐོ་བའི་མིང་བརྡ་ཞིག་ཏུ་གྱུར་ཡོད། གལ་སྲིད་བོད་ཡིག་གི་རྨང་གཞི་ལེགས་པའི་མི་མང་པོ་ཞིག་ལ་གཞན་ལ་ཞབས་འདེགས་བགྱི་བའི་དོན་གྱིཞབས་ཞུཞེས་པའི་ཐ་སྙད་དེ་བྲིར་གཞུག་ན ། དེ་ལས་ཆེས་མང་པོས་ནི་དེ་མ་ཐག་ཐེ་ཚོམ་མེད་པར་དེ་ལྟར་འབྲི་བ་ནི་བསྙོན་མེད་ཡིན ། དེ་ཡང་ཡིན་ཏེ ། ད་ལྟ་ཏང་གི་སྲིད་ཇུས་དང་ལམ་ཕྱོགས ། འཐབ་ཇུས་དང་བྱ་བའི་དམིགས་འབེན་ོགས་མི་དམངས་མང་ཚོགས་ལ་དུས་ཐོག་ཏུ་བརྒྱུད་སྒྲོག་དང་གསལ་སྟོན་བྱེད་པའི་སྨྱན་བྱེད་ཚགས་པར་ཏེ་མི་དམངས་ཉིན་རེའི་ཚགས་པར་དང་། མཚོ་སྔོན་བོད་ཡིག་ཚགས་པར་། མཚོ་ལྷོ་བོད་ཡིག་ཚགས་པར ། མཚོ་བྱང་མདོ་ལ་རི་བོའི་བོད་ཡིག་ཚགས་པར། རྨ་ལྷོ་ཚགས་པར་སོགས་རིམ་པ་སོ་སོའི་ཏང་སྲིད་སྡེ་ཁག་གིས་སྤེལ་པའིཚགས་ཤོག་དང་གངས་ལྗོངས་ཉི་གཞོན་ལྟ་བུའི་དུས་དེབ། ས་གནས་ཁྲིམས་སྲོལ་གཏན་ལ་ཕབ་པའི་སྤྱི་བསྒྲགས་སྣ་མང་།    ཞབས་ཞུཡི་བྱ་བ་དང་འབྲེལ་པའི་ལས་ཁུངས་ཀྱི་སྒོ་བྱང་། སྨན་ཁང་དང་རླངས་འཁོར་ས་ཚིགས། མགྲོན་ཁང་། སྦྱར་བྱང་ གསལ་བརྡ ། ལས་མི་འཚོལ་ཡིག་སོགས་ནཞབས་ཞུཞེས་པའི་ཐ་སྙད་འདི་མང་དུ་མཐོང་དུ་ཡོད་པས། མིང་བརྡ་འདི་ནི་ད་ལྟའི་ཆར་ཀུན་ལ་གོམས་ལོབས་སུ་སོང་ཆེ་བའི་ཐ་སྙད་ཅིག་ཏུ་ཆགས་ཡོད །

ཡིན་ཡང་ང་ཚོས་རང་རེའི་བརྡ་སྤྲོད་པའི་གཞུང་སྟེ། སུམ་རྟགས་དག་གསུམ་ལས་མིང་གི་ཆ་ལ་མི་རྨོངས་པར་བྱེད་པའི་དག་ཡིག་གི་གཞུང་སྟེ་དག་ཡིག་ཟ་མ་ཏོག་དང་དག་ཡིག་ངག་གི་སྒྲོན་མ་སོགས་གཙོ་བྱས་པའི་དག་ཡིག་གི་གཞུང་སྔ་ཕྱི་ཅི་རིགས་ལ་མཇལ་ན། དེ་དག་ཏུ་ཞབས་ཕྱི་ཞེས་པ་ལས་ད་ལྟ་འབྲི་བཞིན་པའི་ཞབས་ཞུ་ཞེས་པ་ཞིག་བཙལ་ཏུ་མེད་པ་དང་། དེ་དང་དོན་མཚུངས་པའི་བརྡར་ཞབས་ཏོག་དང་སྲི་ཞུ་ལྟ་བུའི་ཞེ་སའི་མིང་དང་ཞབས་འབྲིང་དང་ཞབས་འདེགས་ལྟ་བུའི་གསར་རྙིང་བརྡའི་ཁྱད་ཙམ་གྱི་ཐ་སྙད་མཆིས དེ་ལས་ཞབས་འདེགས་བྱ་བ་རྒྱུན་དུ་བེད་སྤྱོད་བྱེད་པའི་མིང་བརྡ་ཞིག་ཏུ་གྱུར་ཡོད། དེང་གི་ཆར་པར་སྐྲུན་བྱས་མ་ཐག་པའི་སློང་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་བོད་ཡིག་ཚིག་གཏེར་རྒྱ་མཚོ་ཕུད། བརྡ་དག་མིང་ཚིག་གསལ་བ་སྟེ་དགེ་བཤེས་ཆོས་གྲགས་དང་དག་ཡིག་གསར་བསྒྲིགས ། བོད་རྒྱ་ཚིག་མཛོད་ཆེན་མོ།། བརྡ་དག་ཀུན་གསལ་མེ་ལོང་། དེང་རབས་བོད་སྐད་ཚིག་མཛོད་སོགས་ཚིག་མཛོད་ཁག་ཏུ་གཞན་ལ་སྲི་ཞུ་སྒྲུབ་པའི་དོན་ལ་ཞབས་ཕྱི་ཞེས་པ་ལས་ཞབས་ཞུ་ཞེས་པའི་ཐ་སྙད་འདི་བཙལ་དུ་མེད ། དེས་ན་དེང་དུས་འབྲི་རྒྱུགས་ཆེ་བའི་ཞབས་ཏོག་གི་དོན་ལ་འཇུག་པའི་ཞབས་ཞུ་ཞེས་པ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ན་མི་གསལ་བའི་མིང་བརྡ་གསར་བ་ཞིག་རེད ། ཁོ་བོས་ཐ་སྙད་འདིའི་ཁུངས་འཚོལ་ཆེད ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་ལོ་ངོ་བདུན་ཏེ1956ལོར་འཚོགས་པའི་རང་རེའི་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཡིག་ཆ་བོད་འགྱུར་མ་ཆ་ཚང་ཐེངས་ཤིག་བཀླགས་པ་ཡིན ། དེ་ནི་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱ་བྱས་ཏེ་ཕྱི་ལོར་པར་སྐྲུན་བྱས་པ་དང་འགྱུར་ཡིག་ཧྲིལ་བོར་ལྡེབ་ངོས750ལྷག་མཆིས ། འབྲེལ་ཡོད་ཡིག་ཆ་ལྟར་ན ། སྐབས་དེར་མི་རིགས་དཔེ་སྐྲུན་ཁང་དུ་མཁས་དབང་རྡོ་རྗེ་རྒྱལ་པོ་གཙོ་བྱས་པའི་བོད་ཀྱི་མཁས་པ་དང་ཤེས་ལྡན་མི་སྣ་དུ་མ་ཞིག་བཞུགས་པ་དང་། ཁོ་ཚོའི་ཕྱག་རྗེས་ལས་ཏང་གི་ཚོགས་ཆེན་བརྒྱད་པའི་ཡིག་ཆ་བོད་འགྱུར་མ་ནི་གོ་སླ་ཞིང་བརྗོད་བདེ་བ ། མིང་གི་འདེམ་སྒྲིག་དང་ཚིག་སྔ་ཕྱིའི་སྡེབ་ལེགས་པ། བོད་རང་གི་སྐད་ཆའི་གཤིས་དང་མཐུན་ཆེ་བ་སོགསའགྱུར་རྩལ་རྩེར་སོན་པ་ཞིག་ཡིན་པས། རྒྱ་བོད་ལོ་ཙཱ་དོན་དུ་གཉེར་མཁན་དང་སློབ་ཆེན་གྱི་ལོ་ཙཱ་ཆེད་ལས་ཁག་ནས་ངེས་པར་ལྟ་དགོས་ངེས་ཀྱི་རྒྱུ་ཆ་ཞིག་ཏུ་ཁོ་བོས་འདོད ། ཏང་གི་ཚོགས་ཆེན་ཞིག་ཡིན་ན ། ཏང་གི་དམིགས་འབེན་གཙོ་བོ་ནི་མི་དམངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་དེ་ཡིན་པས ། དེརཞབས་ཞུ ེས་པའི་ཐ་སྙད་མི་འབྱུང་བ་ནི་མི་སྲིད ། ཡིག་ཆ་དེའི་མགོ་ནས་མཇུག་བར་བཀླགས་རྗེས །འགྱུར་མ་ཧྲིལ་བོར་གཞན་ལ་སྲི་ཞུ་སྒྲུབ་པའི་དོན་གྱི་ཐ་སྙད་ལ་ཞབས་འདེགས་ཞེས་པའི་མིང་བརྡ་ཐེངསམང་པོར་བྱུང་ཡོད་ནའང་ཞབས་ཞུ་ཞེས་པ་ལན་གཅིག་ཀྱང་བྱུང་མེད ། དེ་བས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་ཡིག་ཆ་ཚད་ལྡན་གྱི་འགྱུར་མ་ཁག་ཏུ ། མང་ཚོགས་ཀྱི་ཁེ་ཕན་སྒྲུབ་པའི་དོན་གྱི་འཇུག་ཡུལ་ལ་ཞབས་འདེགས་ཞེས་པ་ལས་ཞབས་ཞུ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱིན་མེད་པ་ཤེས་ཐུབ། རང་རེའི་དག་ཡིག་དང་ཚིག་མཛོད ། ཚོགས་ཆེན་བརྒྱད་པའི་འགྱུར་མ་སོགས་ཚད་ལྡན་ཡིག་ཆ་དག་ཏུ་མི་གསལ་བའི་ཞབས་ཞུ་ཞེས་པའི་མིང་བརྡ་དེ་དུས་རབས་གོང་མའི་དུས་མཇུག་དང་དེ་ལས་རྗེས་སུ་གྲུབ་པའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཁག་དང་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་སུ རྒྱའི་མིང་བརྡ服务ཞེས་པ་ཞབས་ཞུ་ཞེས་པར་བསྒྱུར་ཡོད་པ་དང་། ཕྱིས་ཀྱི་ལོ་ཙཱ་དོན་དུ་གཉེར་མཁན་དག་གིས་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་ལ་དཔེ་ལྟོས་ཏེ་ཞབས་ཞུ་ཞེས་པའི་འགྱུར་ཡིག་འདི་སྤྱད་པས་རིམ་བཞིན་ཁྱབ་གདལ་དུ་སོང་བ་རེད ། ཡང་ཞབས་ཞུ་ཞེས་པ་ཞབས་འདེགས་ཞུ་ཞེས་པ་ཚིག་བསྡུ་བྱས་པ་ལས་བྱུང་བར་འདོད་ན ། བཀའ་དྲིན་ཞུ་དང་རྟེན་འབྲེལ་ཞུ། སྨོན་འདུན་ཞུ ། སྐྱབས་འཇུག་ཞུ་སོགས་ཀྱང་བསྡུ་རུང་བས་འདི་དག་ཇི་ལྟར་ཚིག་བསྡུ་བྱེད ། དེ་བས་ཞབས་ཞུ་ཞེས་པ་ནི་ཞབས་ཕྱི་ཞེས་པའི་མིང་མཐའརྗེས་མ་སྔ་མའི་མིང་མཐའ་དང་སྒྲ་འདྲ་བ་ལས་ཕབ་ནོར་བྱུང་བར་འདོད ། པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་དྲང་བོར་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་པརདེ་ལ་སེར་འབྲས་དགེ་ལྡན་པ་དང་རྒྱུད་པ་སྟོད་སྨད་ཀྱི་དགེ་བཤེས་ཆེ་བ་སུས་རྩོད་ཀྱང་མི་ཐུབ་པར་མ་ཟད་ཨ་མདོར་བྱོན་ནས་མཚན་ཉིད་ཀྱི་སྐོར་ལ་གཟིགས་རྟོག་མ་མཛད་པར་ལོ་བཅུ་གསུམ་ཙམ་སོང་སྐབས་སུ་འཇམ་དབྱངས་བཞད་པས་བོད་ནས་ཞབས་ཕྱིར་ཁྲིད་འོངས་པའི་ལུང་རིགས་ལ་ཐོགས་པ་མེད་པའི་དགེ་བཤེས་ངག་དབང་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱིསཞེས་པར་ཞབས་ཕྱི་ཞེས་བཀོད་ཡོད་པ་དང་། ཡང་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནས་བཀའ་རྩོམ་གྱི་འཕྲོར་ལུས་ཤིང་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས1914ལོར་བརྩམས་གྲུབ་པའི་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་ཆེན་མོ་ངོ་མཚར་རྩིབས་སྟོང་བཀྲ་བའི་གསེར་གྱི་འཁོར་ལོ་ཐུབ་བསྟན་མཛེས་རྒྱན་དུ །སྔོན་སྐྱབས་རྗེ་གོང་མས་མཛད་པའི་ཐ་མ་སྟོན་པ་ལ་ཉེ་སྐབས་སྐུ་དབོན་སོགས་ཆེ་བགྲེས་འགར །  རྗེ་འཇམ་དབྱངས་བཞད་པ་བླ་མ་དབུ་མ་པ་དངོས་ཡིན་པས་ཁྱེད་རྣམས་ཀྱིས་བློ་རྩེ་དེ་ལ་གཏོད་ཅེས་ཞལ་ཆེམས་གནང་བ་བཞིན་ཞབས་ཕྱི་དབོན་གཉེར་སོགས་དང་བླ་གྲྭ་ཐམས་ཅད་ཀྱིས་རྗེས་སོར་ཡང་སྤྲུལ་གྱི་དོན་སྐོར་རྣམས  སྐྱབས་རྗེ་འཇམ་དབྱངས་བཞད་པ་གཅིག་པུར་བཀལ་ཏེ་ཡང་ཡང་ཞུས་པས ཞེས་དང་། ཡང་དེར གནས་འདིར་ཕེབས་འཕྲལ་བླ་བྲང་སྐུ་ཕྱོགས་ཀྱི་ཞབས་ཕྱི་དགེ་སློང་བྱང་ཆུབ་ཟེར་བས་ཀློང་རྡོལ་ཕྱག་ཚ་སྒྲོལ་མའི་སྐུ་བརྙན་ཁྱད་མཚར་དང་།  གཞན་དད་ལྡན་ཞིག་གིས་རྗེ་རིན་པོ་ཆེའི་སྣང་བརྙན་ཞིག་ཕུལ་བ་ལ་རྟེན་འབྲེལ་རང་འགྲིག་ཏུ་བྱུང་ཞེས་དགྱེས་ཚོར་ཚད་མེད་མཛད ཅེས་ཀིརྟི་བརྒྱད་པ་ཆེན་མོའི་རྣམ་ཐར་གསེར་ཕྲེང་དུསྲི་ཞུ་དང་ཞབས་ཏོག་གི་དོན་ལ་འཇུག་པའི་ཞབས་ཕྱི་ཞེས་པ་སྔ་གཞུག་ཀུན་ཏུ་མང་དུ་བྱུང་ཡོད་ན་ཡང་དེར་ཞབས་ཞུ་ཞེས་པའི་འབྲི་སྟངས་ནི་ལན་གཅིག་ཀྱང་བྱུང་མེད ། གཞན་ཡང་མཚོ་སྔོན་སྲིད་དོན་ནམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྲིད་དོན་སྤྱི་བསྒྲགས་ཞེས་ཏང་དང་སྲིད་གཞུང་གི་སྲིད་ཇུས་རོང་འབྲོག་མང་ཚོགས་ལ་བོད་ཡིག་གི་ལམ་ནས་སྒྲོག་སྤེལ་བྱེད་པའི་ཟླ་དེབ་དེར །གཞི་ཁྱོན་ཆེ་བའི་ཐོན་སྐྱེད་ཚད་གཞི་ཅན་ལ་སྐུལ་ཁྲིད་བྱ་དགོས། སྣ་མང་ཅན་གྱི་ཞིང་ཕྱུགས་ལས་རིགས་ཀྱི་ཞབས་ཕྱིའི་བྱེད་པོ་མགྱོགས་མྱུར་གྱིས་གསོ་སྐྱོང་བྱེད་ཅིང་། ཐོན་སྐྱེད་མ་བྱས་གོང་དང་ཐོན་སྐྱེད་བྱེད་སྒང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་སྦྲེལ་ཕྲེང་ཡོངས་ལ་སྦྲེལ་མཐུད་ཞབས་ཕྱི་སྒྲུབ་པ་དང་། མཉམ་ལས་རྣམ་པ་དང་མངགས་ཐོ་རྣམ་པ། ཚབ་གཉེར་རྣམ་པ་སོགས་ཀྱི་ཞབས་ཕྱིའི་མ་དཔེ་ཁྱབ་གདལ་གཏོང་ཞིང་།ཞེས་ཞབས་འདེགས་དང་སྲི་ཞུའི་དོན་ལ་ཞབས་ཕྱི་ཞེས་ཚད་ལྡན་དག་ཡིག་གི་གཞུང་བཞིན་བཀོད་ཡོད་པ་ལས་ཞབས་ཞུ་ཞེས་བྲིས་མེད ། དེས་ན་ང་ཚོས་རང་རེའི་སྔོན་གྱི་དག་ཡིག་དང་ཚིག་མཛོད། སྐྱེས་བུ་ཆེན་པོའི་རྣམ་ཐར་སོགས་སུ། གཞན་ཕ་རོལ་པོ་ལ་ཕན་གྲོགས་བགྱི་བའི་དོན་མཚོན་པའི་མིང་བརྡ་ལ་ཞབས་ཕྱི་ཞེས་བཀོད་ཡོད་པ་བཞིན་རྗེས་ཕྱོགས་ཀྱི་ཐ་སྙད་འདེམ་བཀོལ་དང་ སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་། བོད་རྒྱའི་ལོ་ཙཱའི་བྱ་བའི་ཁྲོད་དེ་ག་ཇི་བཞིན་བེད་སྤྱོད་བྱེད་ན་ལེགས་པར་སེམས་པ་དང་། དེའི་ཐད་ཀྱི་དོན་སྟོན་པའི་མིང་བརྡ་རང་ལ་ཡོད་བཞིན་དུ་ཁུངས་མེད་པ་ཞིག་ཁྱབ་གདལ་དུ་བཏང་ན་ང་ཚོར་མིག་ཡོད་བཞིན་དུ་ལག་པས་མི་གཙང་བར་རེག་པ་མ་ཡིན་ནམ །


ལུང་ཁུངས །

2001ལོའི་ཟླ7པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་དྲང་བོར་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། སུམ་པའི་རང་རྣམ ། ཤོག་ངོས34ནས35བར་གསལ ། 

2007ལོར་དཔལ་རྔ་ཡུལ་ཀིརྟི་དགོན་ཆེན་ནས་འགྲེམས་སྤེལ་བྱས་པའི་རོང་ཆེན་བསྟན་པའི་སྒྲོན་མེསྐྱབས་མཆོག་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་ཆེན་མོ །  ཤོག་ངོས49རུ་གསལ ། 

2007ལོར་དཔལ་རྔ་ཡུལ་ཀིརྟི་དགོན་ཆེན་ནས་འགྲེམས་སྤེལ་བྱས་པའི་རོང་ཆེན་བསྟན་པའི་སྒྲོན་མེསྐྱབས་མཆོག་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་ཆེན་མོ །  ཤོག་ངོས107སྟེང་གསལ ། 

མཚོ་སྔོན་སྲིད་དོན ། 2024ལོའི་དེབ་གསུམ་པ ། ཤོག་ངོས37སྟེང་གསལ ། 

 


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章