ཙན་དན་ལྗོན་པ་འཁྲུངས་ཤོག ལེན་མཁན། ཧོར་གཙང་སྨོན་ལམ།

文摘   动漫   2024-08-29 09:23   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ།

属于我们共同的文学大舞台














ཙན་དན་ལྗོན་པ་འཁྲུངས་ཤོག 



ཚིག   གཏེར་ལུང་དཔལ་ལྡན།

དབྱངས།  ཧོར་གཙང་བཀྲ་ཤིས་དོན་འགྲུབ།

ལེན་མཁན།  ཧོར་གཙང་སྨོན་ལམ།  



 

བསོད་ནམས་གཡང་གི་ར་བར།། 

ཙན་དན་ལྗོན་པ་འཁྲུངས་ཤོག །

ཙན་དན་ལྗོན་པ་རྒྱས་ན།།

གནམ་ལ་འཇུ་ཐག་མི་དགོས།།  

ས་ལ་རྟེན་ཕུར་མི་དགོས།།


བསོད་ནམས་གཡང་གི་ཁྱིམ་ལ།།

བུ་ཆུང་ཚེ་རིང་འཁྲུངས་ཤོག །

བུ་ཆུང་ཚེ་རིང་བཞུགས་ན།།

ནང་ལ་ནོར་བུ་མི་དགོས།།

ཕྱི་ལ་སྒོ་དར་མི་དགོས།།


རུ་སྒར་བཅུ་གཅིག་དབུ་ལ།།

བསེ་ཚང་བླ་མ་འཁྲུངས་ཤོག །

བླ་མའི་མཛད་འཕྲིན་རྒྱས་ན།།

གྲོང་ལ་དཔོན་པོ་མི་དགོས།།

དགོན་ལ་སྲུང་མ་མི་དགོས།།


མདོ་སྨད་ས་ཡི་ཞིང་ལ།།

ཀུན་མཁྱེན་ཡབ་སྲས་འཛོམས་ཤོག །

ཡབ་སྲས་ལྷན་དུ་འཛོམས་ན།།

གནམ་ལ་ཉི་ཟླ་འཆར་འདྲ།།

ས་ལ་པདྨ་བཞད་འདྲ།།

༢༠༢༣/༡༢/༣








版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།


དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章