མཐེ་བོང་མི་བསྒྲེང་ཐུ་མེད། སྒང་ཆུ་མིག

文摘   2024-08-01 10:14   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台





མཐེ་བོང་མི་བསྒྲེང་ཐུ་མེད།


སྒང་ཆུ་མིག  (གཙོས)



འབྲུག་དཀར་གཙང་བོའི་འཁྱུག་འགྲོས་ཀློང་ལ།།

སེམས་ཀྱི་འགྲུལ་བསྐྱོད་སྨོན་འདུན་བཅོལ་ན།།

བཞུར་རྒྱུན་གཅིག་གི་རླབས་སྒྲ་འགྲིག་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


རི་ཚོགས་བརྒྱ་འདུས་ཁྲི་འདུས་དབུས་ཀྱི།།

ཐེ་བརྒྱུད་བྲག་རིའི་འཛུམ་ཞལ་དཀར་པོས།།

མ་བོས་མགྲོན་གྱི་དུངས་པ་འདྲེན་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


རི་སྐེད་ནགས་ཀློང་ཚིང་ཚིང་འཁྲུགས་ཤིང་།།

ལྗོན་པའི་གར་སྟབས་ལིང་ལིང་བསྒྱུར་ཏེ།།

གདོད་མའི་རང་ཆས་གོས་སུ་བསྒྲོན་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


གཙང་བོའི་འགྲམ་རྒྱུད་ལུང་གཞོང་རེ་རེའི།།

རི་སྡེ་གནའ་དེང་མཛེས་པས་སྒེག་ཅིང་།།

ཕྱི་ནང་མཐུན་རྐྱེན་མ་ལུས་འཛོམས་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


ལ་གཟར་འགག་འཕྲང་སྤོབས་པས་གཏོར་ཞིང་།།

བྲག་གི་སྒམ་ཆུང་འཛུམ་གྱིས་ཕྱེས་ཏེ།།

ཕྱི་ནང་གསང་བའི་མདུད་རྒྱ་བཀྲོལ་བའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


ཞིང་སྡེ་གསར་བའི་འཛུགས་སྐྲུན་ལམ་ན།།

རྒྱལ་ཁའི་གླུ་ཆུང་ཕྱོགས་སུ་མཆེད་ཅིང་།།

དཔའ་མཛངས་བཞུད་ལམ་རྡོག་པས་གནོན་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


རི་སྡེ་མང་བོའི་སྒལ་ཚིགས་ཞིང་སར།།

རིགས་ཀྱི་རང་བཞིན་གསལ་བའི་དགོན་སྡེ།།

གསེར་འོད་དཔལ་གྱིས་མངོན་པར་བརྗིད་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


གསེར་གྱི་རྒྱ་ཕིབས་སེར་པོའི་འོག་ཏུ།།

དངུལ་གྱི་གླེགས་བམ་སྤམ་མཐོར་འགྱིང་ཞིང་།།

གསེར་དངུལ་ཡིག་འབྲུའི་དེ་ཉིད་འཚོལ་བའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


ཆུ་རྒྱུན་གཅིག་གི་གཞུང་བཟང་བྲུག་སྟེ།།

ཆུ་ལག་གཉིས་ཀྱི་རྫིང་བུ་རྒྱས་ཤིང་།།

དཔྱོད་མཁས་ཉ་མོའི་འདུ་ལོང་རྒོད་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


གདོང་ན་ཡལ་མེད་འཛུམ་ཞལ་དྭངས་མ།།

ལག་ན་འཛད་མེད་ནས་ཆང་སྔོན་མོ།།

དགའ་འཛུམ་དགོད་སྒྲའི་བསུ་མར་འཇོན་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


གླུ་ཡི་འགྱུར་ཁུགས་གླིང་དུ་མཆེད་ཅིང་།།

བྲོ་ཡི་སྟངས་སྟབས་ཕྱོགས་སུ་བསྒྱུར་ཏེ།།

རོལ་དབྱངས་དུས་སྟོན་སེམས་ཀྱིས་མྱོང་བའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


ཕྱི་ཡི་ཕུན་ཚོགས་ལྷ་ཡི་གྲོང་ཁྱེར།།

ནང་གི་དཔལ་ཡོན་ཀླུ་རྒྱལ་བང་མཛོད།།

ཕྱི་ནང་མཛེས་པ་འདོད་དགུར་འཇོ་བའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


སྟོད་ན་བྲག་དཀར་རྒོད་པོ་ལྡིང་འདྲ།།

བར་ན་ནགས་སྤང་མཎྜལ་འབུལ་འདྲ།།

སྨད་ན་གཙང་ཆུ་མཆོད་པ་བཤམས་འདྲའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


མཁའ་དབུགས་དྭངས་མ་དག་པའི་ཞིང་ཁམས།།

ཁོར་ཡུག་གཙང་མ་སྦས་ཡུལ་ལུང་པ།།

གནས་དང་བཀོད་པ་འགྲན་ཟླ་བྲལ་བའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


སྲོང་བཙན་དམག་གི་རུ་དཔུང་བཙན་པོ།།

དམར་པོ་མེ་ལྕེའི་འཐབ་ར་གཉན་པོ།།

བཙན་དང་གཉན་གྱི་དྲག་ཆས་སྤྲས་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


སྟོད་ན་དཔའ་སྤོབས་བྲག་མཁར་བརྗིད་པོ།།

སྨད་ན་ཇུས་ཆེན་ལམ་འཕྲང་རིང་མོ།།

ལོ་རྒྱུས་དེབ་ཐེར་མེ་ལོང་གསལ་བའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


བྲག་སྒམ་སྒོ་ཆུང་ཁྱོད་ལ་ཕྱེས་ཤིང་།།

ལ་གཟར་དྲན་པ་ཁྱོད་ལ་གླན་ཏེ།།

དགའ་བསུའི་གཡབ་མོ་ཁྱོད་ལ་བྱེད་པའི།།

ཐེ་བོར་མཐེ་བོང་མི་བསྒྲེང་ཐུ་མེད།།


ཐེ་རོང་ཁོག་ནས་སེམས་སུ་སྦྲུམ་ཞིང་།།

ཀ་ཇུའི་མཁར་ནས་གཟུགས་སུ་ཕབ་པའི།།

མཐེ་བོང་མི་བསྒྲེང་ཐུ་མེད་རྩོམ་འདི།།

ཀུན་གྱི་སྤྱན་སྔར་སྐྱེས་སུ་ཕུལ་ལོ།།


2024.7.31


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章